སུའུ་ཀྲོའུ་གྲོང་ཁྱེར་ལས་རིགས་སློབ་ཆེན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སུའུ་ཀྲོའུ་གྲོང་ཁྱེར་ལས་རིགས་སློབ་ཆེན།
སུའུ་ཀྲོའུ་གྲོང་ཁྱེར་ལས་རིགས་སློབ་ཆེན་སྟེ(SuzhouVocationalUniversity) བསྡུས་མིང་ལ་སུའུ་ཀྲོའུ་ལས་རིགས་སློབ་ཆེན་ཟེར། ཅང་སུའུ་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཆོག་མཆན་བཀོད་པ་དང་སློབ་གསོ་པུའུ་ཡིས་ཐོ་འགོད་བྱས། སུའུ་ཀྲོའུ་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་གཙོ་གཉེར་བྱས་པའི་ཉིན་གང་ལམ་ལུགས་ཀྱི་སྤྱིར་བཏང་མཐོ་རིམ་ཆེད་ཚན་སློབ་གྲྭ་ནི་སྤྱི་ལོ1911ལོར་བཙུགས་པའི་སུའུ་ཀྲོའུ་བཟོ་ལས་ཆེད་ཚན་སློབ་གྲྭ་ཡིན། རྒྱལ་ཁབ་ཀྱི་སློབ་ཆེན་སློབ་མའི་རིག་གནས་བྱང་ཚད་སློབ་གསོའི་རྟེན་གཞིར་བདམས་པ་རེད། ཅང་སུའུ་ཞིང་ཆེན་ལ་བྱས་རྗེས་མངོན་གསལ་བཞག་པའི་མཐོ་རིམ་ལག་རྩལ་པ1ཡོད་པ་དང་། ཞིང་ཆེན་གྱི“ཤེས་ལྡན་མི་སྣ་རྩེ་གྲས་དྲུག”གི་གསོ་སྐྱོང་བྱ་ཡུལ3ཡོད། ཞིང་ཆེན་གྱི“རིམ་པ་མཐོ་བའི་ཤེས་ལྡན་མི་སྣ་གསོ་སྐྱོང་ལས་གྲྭ”333གྱི་གསོ་སྐྱོང་བྱ་ཡུལ་མི19 ཞིང་ཆེན་གྱི“ཆིན་ལན་ལས་གྲྭ”གསོ་སྐྱོང་བྱ་ཡུལ39དང་ཞིང་ཆེན་རིམ་པའི་སློབ་ཁྲིད་དགེ་རྒན་གྲགས་ཅན1ཡོད། ཞིང་ཆེན་རིམ་པའི་ཕུལ་བྱུང་སློབ་ཁྲིད་ཚོགས་པ3དང་ཞིང་ཆེན་རིམ་པའི་ཚན་རྩལ་གསར་གཏོད་ཚོགས་པ3ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
苏州市职业大学
ཕྱི་ཡིག་གི་མིང་།
Suzhou Vocational University
བཙུགས་ལོ།
སྤྱི་ལོ1981ལོ།
རྣམ་པ།
རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སྐོར།
ངོ་བོ།
གཞུང་བཙུགས་སློབ་ཆེན།
གནས་ཡུལ།
ཅང་སུའུ་ཞིང་ཆེན་སུའུ་ཀྲོའུ་གྲོང་ཁྱེར་ཝུའུ་ཀྲུང་ཆུས་ལམ་ཆེན་ཨང106པ།
ཁོངས་གཏོགས་ས་ཁུལ།
ཅང་སུའུ་སུའུ་ཀྲོའུ།
སློབ་གྲྭའི་ཚབ་ཨང་།
13962
སློབ་གླིང་དང་ཚན་ཁག་གཙོ་བོ།
འཕྲུལ་གློག་བཟོ་སྐྲུན་སློབ་གླིང་། རྩིས་འཁོར་བཟོ་སྐྲུན་སློབ་གླིང་། གློག་རྡུལ་ཆ་འཕྲིན་བཟོ་སྐྲུན་སློབ་གླིང་སོགས་ཡོད།
1 ལོ་རྒྱུས་འཕེལ་རིམ།  

སུའུ་ཀྲོའུ་གྲོང་ཁྱེར་གྱི་ལས་རིགས་སློབ་གྲྭ་ཆེན་མོ་སྤྱི་ལོ1981ལོའི་ཟླ5པར་བཙུགས་པ་རེད། དེ་སྔའི་སུའུ་ཀྲོའུ་བཟོ་ལས་ཆེད་སྦྱོང་སློབ་གྲྭའི་གྲ་སྒྲིག་ཁྲུའུ་ཡི་རྨང་གཞིའི་སྟེང་དུ། སློབ་གསོ་པུའུ་ཡིས་ཐོ་འགོད་བྱས་པ་བརྒྱུད། སུའུ་ཀྲོའུ་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་གཙོ་གཉེར་བྱས་པའི་གཞུང་བཙུགས་ཉིན་གང་ལམ་ལུགས་ཀྱི་སྤྱིར་བཏང་མཐོ་རིམ་ཆེད་ཚན་སློབ་གྲྭ་ཞིག    

ཅང་སུའུ་ཞིང་ཆེན་གྱི་སློབ་གཉེར་ལོ་རྒྱུས་རིང་ཤོས་ཀྱི་ལས་རིགས་སློབ་ཆེན་གྱི་གྲས་ཤིག་ཡིན་པའི་སློབ་གྲྭའི་སློབ་གཉེར་ལོ་རྒྱུས་དེ་སྤྱི་ལོ1911ལོར་བཙུགས་པའི་སུའུ་ཀྲོའུ་བཟོ་ལས་ཆེད་ཚན་སློབ་གྲྭར་འདེད་ཆོག  

སྤྱི་ལོ2003ལོའི་ཟླ11པར། སུའུ་ཀྲོའུ་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་སུའུ་ཀྲོའུ་གྲོང་ཁྱེར་གྱི་ལས་རིགས་སློབ་ཆེན་དང་། སུའུ་ཀྲོའུ་སློབ་གསོ་སློབ་གླིང་། སུའུ་ཀྲོའུ་གྲོང་ཁྱེར་རླུང་འཕྲིན་བརྙན་འཕྲིན་སློབ་ཆེན། སུའུ་ཀྲོའུ་གྲོང་ཁྱེར་གྱི་ལས་བཟོའི་ཚན་རྩལ་སློབ་ཆེན་བཅས་ཟླ་སྒྲིལ་བཏང་ནས་སུའུ་ཀྲོའུ་གྲོང་ཁྱེར་གྱི་ལས་རིགས་སློབ་ཆེན་གསར་རྐྱང་ཞིག་བཙུགས་ཡོད། སུའུ་ཀྲོའུ་ལ་གཞི་ཚུགས་པ་དང་ས་གནས་ལ་ཞབས་འདེགས་ཞུ་བའི་གྲ་སྒྲིག་བྱེད་དགོས། བཟོ་ལས་ཚན་ཁག་གཙོ་བོར་བྱེད་པ་དང་རིག་ཚན་མང་བའི་མཐུན་སྦྱོར་འཕེལ་རྒྱས་ཀྱི་བྱང་ཚད་མཐོ་བའི་ལག་རྩལ་བཀོལ་སྤྱོད་རྣམ་པའི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱ་རྒྱུ་གཙོ་བོར་བྱེད་པའི་གྲོང་ཁྱེར་ཁོངས་གཏོགས་ཀྱི་ཆེད་ཚན་སློབ་གྲྭ་དཀྱུས་མ—“སུའུ་ཀྲོའུ་སློབ་གླིང”བཙུགས་པ་དང་འབྲེལ་ལོ་དེར་སུའུ་ཀྲོའུ་གནའ་གྲོང་ལྷོ་ནུབ་ཀྱི་ལོ་རྒྱུས་ཡུན་རིང་ལྡན་པ་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་མང་བའི་སྟེང་ཕྱོགས་ཀྱི་རྡོ་མཚོའི་མཛེས་ལྗོངས་ཁུལ་དུ་ས་ཆ་མུའུ་ཆིག་སྟོང་ལྷག་ཙམ་བསྡུས་ནས་སློབ་ཁུལ་གསར་པ་བསྐྲུན་ཡོད།   

སྤྱི་ལོ2006ལོར་རྒྱལ་ཁབ་སློབ་ཆེན་སློབ་མའི་རིག་གནས་བྱང་ཚད་སློབ་གསོའི་རྟེན་གཞིར་བདམས་པ་རེད།   

2 སློབ་གླིང་དང་སྡེ་ཁག་བཀོད་སྒྲིག 

སློབ་གྲྭའི་དྲ་བའི་སྤྱི་ལོ2019ལོའི་ཟླ5པའི་ཆ་འཕྲིན་ལས་མངོན་པར་གཞིགས་ན། སློབ་གྲྭར་དོ་དམ་སློབ་གླིང་དང་། ཚོང་ལས་སློབ་གླིང་། ཕྱི་རྒྱལ་སྐད་ཡིག་སློབ་གླིང་། སློབ་གསོ་དང་མི་ཆོས་སློབ་གླིང་། འཕྲུལ་གློག་བཟོ་སྐྲུན་སློབ་གླིང་། རྩིས་འཁོར་བཟོ་སྐྲུན་སློབ་གླིང་། གློག་རྡུལ་ཆ་འཕྲིན་བཟོ་སྐྲུན་སློབ་གླིང་། སྒྱུ་རྩལ་སློབ་གླིང་། ལུས་རྩལ་པུའུ་བཅས་སློབ་གླིང9ཡོད།

3 དགེ་རྒན་གྱི་དཔུང་སྡེ།   

ཆེད་བསྐོས་དགེ་རྒན796ཡོད་པའི་ནང་གོ་མིང་མཐོན་པོ69ཡོད་པ་རེད། མཐོ་རིམ་གཞོན་པ་ཡན་གྱི་གོ་མིང375ཡོད་པ་དང་རབ་འབྱམས་པ་ཡན་གྱི་སློབ་གནས་ཡོད་པའི་དགེ་རྒན་གྱིས་ཆེད་བསྐོས་དགེ་རྒན་གྱི79%བཟུང་། ཅང་སུའུ་ཞིང་ཆེན་ལ་བྱས་རྗེས་གཟེངས་སུ་ཐོན་པ་བཞག་པའི་ན་གཞོན་རིགས་གཅིག་མཁས་པ1ཡོད། ཅང་སུའུ་ཞིང་ཆེན་ལ་བྱས་རྗེས་མངོན་གསལ་བཞག་པའི་མཐོ་རིམ་ལག་རྩལ་པ1ཡོད་པ་དང་། ཞིང་ཆེན་གྱི“ཤེས་ལྡན་མི་སྣ་རྩེ་གྲ་དྲུག”གི་གསོ་སྐྱོང་བྱ་ཡུལ3ཡོད། ཞིང་ཆེན་གྱི་“རིམ་པ་མཐོ་བའི་ཤེས་ལྡན་མི་སྣ་གསོ་སྐྱོང་ལས་གྲྭ”333གྱི་གསོ་སྐྱོང་བྱ་ཡུལ་མི་སྤྱི་ལོ19། ཞིང་ཆེན་གྱི“སྔོ་ལྗང་ལས་གྲྭ”གསོ་སྐྱོང་བྱ་ཡུལ39དང་ཞིང་ཆེན་རིམ་པའི་སློབ་ཁྲིད་དགེ་རྒན་གྲགས་ཅན1ཡོད། ཞིང་ཆེན་རིམ་པའི་ཕུལ་བྱུང་སློབ་ཁྲིད་ཚོགས་པ3དང་ཞིང་ཆེན་རིམ་པའི་ཚན་རྩལ་གསར་གཏོད་ཚོགས་པ3ཡོད།

4 རིག་གཞུང་ཞིབ་འཇུག   

སློབ་གྲྭས་སློབ་ཁྲིད་དང་། གསོ་སྐྱོང་སྦྱོང་བརྡར། ཞབས་ཞུ་བཅས་གཞི་གཅིག་ཏུ་འདུས་པའི་སློབ་གྲྭའི་ནང་གི་ཕྱོགས་བསྡུས་དངོས་སྦྱོང་རྟེན་གཞི་93བཙུགས་ཡོད། དེའི་ནང་སློབ་གསོ་པུའི་ལས་རིགས་སློབ་གསོའི་དངོས་སྦྱོང་རྟེན་གཞི་འཛུགས་སྐྲུན་རྣམ་གྲངས1དང་ཞིང་ཆེན་རིམ་པའི་དངོས་སྦྱོང་རྟེན་གཞི4ཡོད་པ་དང་། སུའུ་ཀྲོའུ་གྲོང་ཁྱེར་ཝུའུ་ཀྲུང་ཆུས་མི་དམངས་སྲིད་གཞུང་དང་། སུའུ་ཀྲོའུ་གྲོང་ཁྱེར་ཞང་ཁྲེང་ཆུས་མི་དམངས་སྲིད་གཞུང་། སུའུ་ཀྲོའུ་གྲོང་ཁྱེར་སྤུས་ཚད་ལྟ་སྐུལ་ཅུས་སོགས་སྲིད་གཞུང་སྡེ་ཁག་གིས་ཕྱོགས་ཡོངས་ནས་མཉམ་ལས་བྱེད་པའི་འཐབ་ཇུས་མཉམ་ལས་གྲོས་མཐུན་བཞག ཕྱོགས་ཡོངས་དང་ཁྱབ་ཁོངས་ཡོངས། བརྒྱུད་རིམ་ཡོངས་བཅས་སུ་སློབ་གྲྭའི་ས་གནས་མཉམ་ལས་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། ཐོན་སློབ་མཉམ་འདྲེས་དང་སློབ་གྲྭའི་ས་གནས་མཉམ་ལས་བཅས་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་བཏང་།

5 ཚན་རིག་ཞིབ་འཇུག་གི་གྲུབ་འབྲས།

སློབ་གྲྭས་ཞིང་ཆེན་རིམ་པའི་ལས་གྲྭའི་ལྟེ་གནས3དང་། ཞིང་ཆེན་རིམ་པའི་ཞིབ་འཇུག་ཁང5 གྲོང་ཁྱེར་རིམ་པའི་གཙོ་གནད་ཚོད་ལྟ་ཁང(ལས་སྟེགས)8བཅས་བཙུགས་ཡོད། ཉེ་བའི་ལོ་ལྔའི་རིང་རིམ་པ་ཁག་དང་རིགས་ཁག་གི་ཚན་ཞིབ་རྣམ་གྲངས770འགན་འཁུར་རྒྱུའི་ནང་རྒྱལ་ཁབ་རིམ་པའི་རྣམ་གྲངས6དང་ཞིང་ཆེན་དང་པུའུ་རིམ་པའི་རྣམ་གྲངས22ལ་འགན་འཁུར་བའམ་ཡང་ན་མཉམ་ལས་ཀྱི་འགན་འཁུར་བ་ཡིན། ཞིང་ཆེན་དང་གྲོང་ཁྱེར་རིམ་པ་གཉིས་ཀྱི་ཚན་ཞིབ་གྲུབ་འབྲས་ཀྱི་བྱ་དགའ86ཐོབ་ལ། དེའི་ནང་ཞིང་ཆེན་དང་པུའུ་རིམ་པའི་ཚན་རིག་ལག་རྩལ་ཡར་ཐོན་བྱ་དགའ2དང་། ཞིང་ཆེན་གྱི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་གི་ཕུལ་བྱུང་གྲུབ་འབྲས་བྱ་དགའ1བཅས་ཐོབ་ཡོད།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-09-27

གསར་སྤེལ་མཁན། :དཀོན་མཆོག་སྒྲོལ་མ།༡

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།