ཅང་སུའུ་སློབ་ཆེན་ཅིན་ཅང་སློབ་གླིང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཅང་སུའུ་སློབ་ཆེན་ཅིན་ཅང་སློབ་གླིང་།
ཅང་སུའུ་སློབ་ཆེན་ཅིན་ཅང་སློབ་གླིང་སྟེ་བསྡུས་མིང་ལ“ཅང་ཏ་ཅིན་ཅང”ཞེས་ཟེར་ཞིང་། རྒྱལ་ཁབ་ཀྱི་ལོ་རྒྱུས་རིག་གནས་གྲགས་ཅན་གྱི་གྲོང་ཁྱེར་ཏེ་ཅང་སུའུ་ཞིང་ཆེན་ཀྲེན་ཅང་གྲོང་ཁྱེར་དུ་ཡོད། སྤྱི་ལོ1999ལོར་བཙུགས་པའི་སྤྱི་ལ་དབང་བའི་དམངས་བཙུགས་རིམ་པ་གཉིས་པའི་སློབ་གླིང་ཞིག་ཡིན། སྤྱི་ལོ2005ལོར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་སློབ་གསོ་པུའུ་ཡི་ཆོག་མཆན་ཐོབ་པ་བརྒྱུད་ཅང་སུའུ་སློབ་ཆེན་དང་ཅང་སུའུ་སློབ་ཆེན་སློབ་གསོ་འཕེལ་རྒྱས་ཐེབས་རྩ་ཚོགས་པས་ཐུན་མོང་གིས་གཉེར་བའི་རང་ཚུགས་སློབ་གླིང་ཞིག་ཡིན། སློབ་གླིང་གི་སློབ་གཉེར་གཞི་ཁྱོན་མི10000གཏན་འཁེལ་བྱས་པ་ཚང་མ་ལོ་བཞིའི་ལམ་ལུགས་ཀྱི་དངོས་གཞིའི་ཚན་ཁག་ཡིན། ཅང་སུའུ་སློབ་ཆེན་ཅིན་ཅང་སློབ་གླིང་གི་ཡུལ་ལྗོངས་ལྟ་ན་སྡུག་ཅིང་ཁོར་ཡུག་མཛེས་སྡུག་ལྡན། སློབ་ཁུལ་གྱི་རྒྱ་ཁྱོན་ལ་མུའུ་སྟོང་ལ་ཉེ་ཞིང་འཛུགས་སྐྲུན་གྱི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི27ཟིན་ཡོད། སྨི་གྲུ་བཞི་མ་ཁྲི3.5ཡི་ཡིག་རིས་ཆ་འཕྲིན་ལྟེ་གནས་བཙུགས་ཡོད་པ་དང་ད་ཆ་ཆེད་ལས་དང་ཁ་ཕྱོགས39ཡོད། རང་བྱུང་ཚན་རིག་དང་། བཟོ་རིགསྤྱི་ཚོགས་ཚན་རིག ཁྲིམས་ལུགས། དཔལ་འབྱོར། དོ་དམ། སྨན་བཅོས་བཅས་རིག་ཚན་ཆེ་གྲས7ཡོད་ལ། སློབ་ཁྲིད་རྩིས་འཁོར1000དང་སྨྱན་མང་གཟུགས་ཀྱི་སློབ་ཁང10500ཡོད། ཅང་སུའུ་སློབ་ཆེན་ནི་རྒྱལ་ཡོངས་ཀྱི་གཙོ་གནད་སློབ་ཆེན88ཀྱི་གྲས་ཤིག་ཡིན་ལ། སྤྱི་ལོ1981ལོར་རྒྱལ་ཡོངས་ཀྱི་འབུམ་རམས་པ་དང་རབ་འབྱམས་པ། ཤེས་རམས་པའི་ཡོན་གནས་སྤྲོད་དབང་ཡོད་པའི་མཐོ་རིམ་སློབ་གྲྭ་ཁག་དང་པོར་གྱུར། སྤྱི་ལོ 2001ལོའི་ཟླ8པར་སློབ་གསོ་པུའུ་ཡི་ཆོག་མཆན་ཐོབ་ནས། དེ་སྔའི་ཅང་སུའུ་རང་བྱུང་བཟོ་སྐྲུན་སློབ་ཆེན་དང་། ཀྲེན་ཅང་གསོ་རིག་སློབ་གླིང་། ཀྲེན་ཅང་དགེ་འོས་ཆེད་ལས་སློབ་གྲྭ་བཅས་ཟླ་སྒྲིལ་བཏང་ནས་བཙུགས་པའི་ཕྱོགས་བསྡུས་རང་བཞིན་གྱི་གཙོ་གནད་སློབ་ཆེན་ཡིན་ལ། ཅང་སུའུ་ཞིང་ཆེན་མི་དམངས་སྲིད་གཞུང་དང་ཞིང་ལས་གྲོང་གསེབ་པུའུ་ཡིས་མཉམ་དུ་བཙུགས་པའི་མཐོ་སློབ་དང་། ཅང་སུའུ་ཞིང་ཆེན་གྱིཚད་མཐོའི་སློབ་ཆེན་འཛུགས་སྐྲུན་མཐོ་སློབ། རྒྱལ་ཡོངས་ཀྱི་དངོས་གཞིའི་ཚན་ཁག་གི་སློབ་ཁྲིད་ལས་ཀའི་ཆུ་ཚད་ཕུལ་བྱུང་མཐོ་སློབ་ཁག་དང་པོ། རྒྱལ་ཡོངས་ཀྱི་གསར་གཏོད་ལས་གཏོད་ཀྱི་དཔེ་མཚོན་ཉམས་མྱོང་མཐོ་སློབ་དང་པོ་བཅས་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
江苏大学京江学院
ཕྱི་ཡིག་གི་མིང་།
JIANGSU UNIVERSITY JINGJIANG COLLEGE
བཙུགས་ལོ།
སྤྱི་ལོ1999ལོ།
རིགས་དབྱེ།
རིམ་པ་གཉིས་པའི་སློབ་གླིང་།
རྣམ་པ།
ཕྱོགས་བསྡུས་རིགས།
གཙོ་གཉེར་སྡེ་ཁག
ཅང་སུའུ་སློབ་ཆེན།
འགོ་ཁྲིད།
ཡན་ཞའོ་ཧུང་།
གནས་ཡུལ།
ཅང་སུའུ་ཞིང་ཆེན་ཀྲེན་ཅང་གྲོང་ཁྱེར་ཏན་ཞན་ཆུས་ཁྲང་ཧྲན་མཐོ་སློབ་གླིང་ཁུལ་གྱི་ཨང537པ།
སློབ་གྲྭའི་ཚབ་ཨང་།
13986
ཁོངས་གཏོགས་ས་ཁུལ།
ཀྲུང་གོ•ཅང་སུའུ་ཞིང་ཆེན•ཀྲེན་ཅང་གྲོང་ཁྱེར།
སློབ་གླིང་དང་སྡེ་ཁག་བཀོད་སྒྲིག
སྒུལ་ཤུགས་བཟོ་སྐྲུན་སློབ་གླིང་དང་། ནོར་སྲིད་དཔལ་འབྱོར་སློབ་གླིང་། དོ་དམ་དང་མི་ཆོས་སློབ་གླིང་། གློག་རྡུལ་ཆ་འཕྲིན་བཟོ་སྐྲུན་སློབ་གླིང་། རྒྱུ་ཆ་དང་ས་ཤིང་བཟོ་སྐྲུན་སློབ་གླིང་། ཚེ་སྲོག་ཚན་རིག་ལག་རྩལ་སློབ་གླིང་སོགས་ཡོད།
གཟི་བརྗིད་མཚན་སྙན།
ཅང་སུའུ་སློབ་ཆེན་གྱི་སློབ་ཁྲིད་གྲུབ་འབྲས་ཀྱི་དམིགས་བསལ་བྱ་དགའ།
1 སློབ་གཉེར་དམིགས་ཡུལ།  

ཅང་སུའུ་སློབ་ཆེན་ཅིན་ཅང་སློབ་གླིང་གིས“མ་གཟུགས་ལ་བརྟེན་པ་དང་། ཅང་སུའུ་ནས་རྐང་འཛུགས་པ། རྒྱལ་ཡོངས་ལ་ཁ་ཕྱོགས་པ། དཔལ་འབྱོར་ལ་ཞབས་འདེགས་ཞུ་བ”བཅས་ཀྱི་སློབ་གཉེར་བསམ་བློ་བརྟན་པོར་བཙུགས་ཤིང་། ཁྱད་དུ་འཕགས་པའི་སློབ་གཉེར་འདུ་ཤེས་བརྩོན་ལེན་དང་། ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་སྟངས་གསར་པ་འཚོལ་ཞིབ་བྱས་ནས། “ཅང་སུའུ་སློབ་ཆེན་ཅིན་ཅང་སློབ་གླིང་གི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་སྟངས་གསར་པ་འཛུགས་རྒྱུ་དང་ལག་ལེན་བྱ་རྒྱུར”ཅང་སུའུ་ཞིང་ཆེན་གྱི་སློབ་གསོ་སློབ་ཁྲིད་གྲུབ་འབྲས་ཀྱི་བྱ་དགའ་རིམ་པ་དང་པོ་ཐོབ་པ་དང“རང་ཚུགས་སློབ་གླིང་གི་སློབ་ཁྲིད་སྤུས་ཚད་འགན་ལེན་མ་ལག་འཛུགས་རྒྱུ་དང་ལག་ལེན”ལ་ཅང་སུའུ་སློབ་ཆེན་གྱི་སློབ་ཁྲིད་གྲུབ་འབྲས་ཀྱི་དམིགས་བསལ་བྱ་དགའ་ཐོབ།

2 གྲུབ་འབྲས།

ལོ་ངོ་བཅུ་ལྷག་གི་སློབ་གཉེར་བརྒྱུད་རིམ་ཁྲོད། ཅང་ཏ་ཅིན་ཅང་སློབ་གླིང་གིས་རྒྱུན་ཆད་མེད་པར་སྒྱུར་བཅོས་གསར་གཏོད་བྱས་ནས་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པའི་ཐད་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་ཡོད་ལ། ལོ་རིམ་ཁག་གི་འགྲན་བསྡུར་བྱེད་སྒོ་ཁྲོད་ཅང་སུའུ་སློབ་ཆེན་ཅིན་ཅང་སློབ་གླིང་གི་སློབ་མར་ཀུན་གྱིས་དོ་སྣང་བྱེད་པའི་གྲུབ་འབྲས་དང་མཚན་སྙན་ཐོབ་པ་སྟེ། རྒྱལ་ཡོངས་ཀྱི་རྒྱལ་ཁབ་རིམ་པ་དང་ཞིང་ཆེན་རིམ་པའི་རྩིས་རིག་དཔེ་བཟོའི་འགྲན་བསྡུར་གྱི་བྱ་དགའ་ཨང་དང་པོ་དང་གཉིས་པ་ཐོབ་པ་དང་། རྒྱལ་ཡོངས་ཀྱི་སློབ་ཆེན་སློབ་མའི་འཕྲུལ་ཆས་གསར་གཏོད་འགྲན་བསྡུར་ཆེན་མོ་ཅང་སུའུ་འགྲན་ཁུལ་གྱི་བྱ་དགའ་རིམ་པ་དང་པོ་དང་རྒྱལ་ཡོངས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།

3 འཕེལ་རྒྱས་ཀྱི་མདུན་ལམ།  

མཐོ་རིམ་སློབ་གསོ་མང་ཚོགས་ཅན་དང་རྒྱལ་སྤྱི་ཅན་དུ་འགྱུར་བའི་གནས་བབ་གསར་བ་དང་ཅང་སུའུ་སློབ་ཆེན་ཅིན་ཅང་སློབ་གླིང་གིས་ཅང་སུའུ་སློབ་ཆེན་གྱི་སློབ་གཉེར་ཐོན་ཁུངས་ཆེན་པོར་བརྟེན་ནས་མི་གསོ་སྐྱོང་བྱ་རྒྱུ་རྩ་བར་འཛིན་པ་དང་། སྤུས་ཚད་ལ་བརྟེན་ནས་སློབ་གླིང་འཛུགས་པ། ཁྱད་ཆོས་ལ་བརྟེན་ནས་སློབ་གླིང་དར་རྒྱས་གཏོང་རྒྱུ་བཅས་མཐའ་འཁྱོངས་བྱས། ཚན་རིག་དང་མཐུན་ཞིང་སྤུས་ཚད་ལྟ་སྐུལ་ཚོད་འཛིན་མ་ལག་དང་འཁོར་སྐྱོད་ནང་རྐྱེན་བཙུགས་ནས་སློབ་ཁྲིད་ཀྱི་སྤུས་ཚད་སྔར་བས་མཐོ་རུ་བཏང་།

སྤྱི་ལོ2018ལོའི་ཟླ9བའི་ཚེས8ཉིན། སྤྱི་ལོ2017ལོའི་སློབ་མ་ཉིས་སྟོང་བཞི་བརྒྱ་ལྷག་ཙམ་བདེ་བླག་ངང་ཅང་སུའུ་སློབ་ཆེན་ཅིན་ཅང་སློབ་གླིང་གི་སློབ་ཁུལ་གསར་པར་སྤོས་པ་དེས་རང་རེའི་སློབ་གླིང་གི་སློབ་ཁུལ་གསར་པ་དངོས་སུ་སྤྱོད་འགོ་ཚུགས་པ་མཚོན།    

4 འགོ་ཁྲིད།

གླིང་གཙོ། ལུའུ་ཀྲེང་ནན།     ཏང་ཨུའི་ཧྲུའུ་ཅི། ཁྲེན་ཀྲི་ཀང་།     གླིང་གཙོ་གཞོན་པ། ཁྲེན་ཝེ་ཕིན།   

5 རྒྱལ་སྤྱིའི་འབྲེལ་འདྲིས།  

ཅང་སུའུ་སློབ་ཆེན་ཅིན་ཅང་སློབ་གླིང་བཙུགས་པ་ནས་བཟུང་ཐོག་མཐའ་བར་གསུམ་དུ་རྒྱལ་སྤྱི་ཅན་གྱི་སློབ་གཉེར་སྲོལ་རྒྱུན་རྒྱུན་འཛིན་བྱས་ཡོད། རྒྱལ་སྤྱི་ཅན་གྱི་ཚད་མཐོའི་སློབ་ཆེན་འཛུགས་སྐྲུན་བྱེད་པའི་སློབ་གཉེར་འདུ་ཤེས་དར་སྤེལ་གཏོང་བ་དང་། རྒྱལ་སྤྱིའི་མཉམ་ལས་གསོ་སྐྱོང་རྣམ་གྲངས་སྒྲིག་འཛུགས་དང་ལག་བསྟར་ཧུར་ཐག་བྱས་ནས། སློབ་མའི་མ་འོངས་པའི་འཕེལ་རྒྱས་ལ་ཐབས་ལམ་མང་ཞིང་ཞེང་ཚད་ཆེ་བའི“སྣོལ་ཟམ”བསྐྲུན་ཏེ་རྒྱལ་སྤྱི་ཅན་དུ་འགྱུར་བའི་བྱ་གཞག་ལ་མཆོང་སྐྱོད་གསར་པ་བྱེད་བཞིན་ཡོད།     ཅང་སུའུ་སློབ་ཆེན་ཅིན་ཅང་སློབ་གླིང་དང་འཇར་མན་ཝོར་མུའུ་སི་ཉེར་སྤྱོད་ཚན་རྩལ་སློབ་ཆེན། ཨ་རིའི་ཅ་ཀྲོའུ་ཀྲོའུ་སློབ་ཆེན་ཧྲེང་པེ་ན་ཏི་ནུའོ་ཡན་ལག་སློབ་གྲྭ། ཨ་རིའི་ཅ་ཀྲོའུ་པོ་མོ་ན་ཀྲོའུ་ལི་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་ཆེན། ཧྥ་རན་སེའི་ལེ་ཨེན་ཚོང་ལས་སློབ་གླིང་། དབྱིན་ཇིའི་ལིན་ཁེན་སློབ་ཆེན། ཨ་རིའི་དབྱིན་ཏི་ཨན་ན་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་གླིང་། འཇར་ཕན་ཅིན་ཏུའུ་གསང་འཕྲིན་སློབ་གླིང་སློབ་ཆེན། ཁའོ་རུ་ཡའི་འབྲོག་ཁུལ་སློབ་ཆེན་བཅས་ཀྱིས་ཡུན་རིང་གི་མཉམ་ལས་འབྲེལ་བ་བཙུགས།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-09-25

གསར་སྤེལ་མཁན། :དཀོན་མཆོག་སྒྲོལ་མ།༡

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།