ཅང་སུའུ་དགེ་འོས་སློབ་གླིང་གཉིས་པ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཅང་སུའུ་དགེ་འོས་སློབ་གླིང་གཉིས་པ།
ཅང་སུའུ་དགེ་འོས་སློབ་གླིང་གཉིས་པ་ནི་ཅང་སུའུ་ཞིང་ཆེན་གྱི་ནན་ཅིང་གྲོང་ཁྱེར་དུ་གནས་ཡོད། ཅང་སུའུ་ཞིང་ཆེན་མངའ་ཁོངས་ཀྱི་དངོས་གཞིའི་ཚན་ཁག་གི་དགེ་འོས་སློབ་གྲྭ་དཀྱུས་མ་ཞིག་ཡིན་པ་དང་། སློབ་གསོ་པུའུ་ཡི“ཕུལ་བྱུང་དགེ་རྒན་གསོ་སྐྱོང་འཆར་གཞི”དང་། བཟོ་རིག་ཚན་ཁག་ཞིབ་འཇུག་དང་ལག་ལེན་རྣམ་གྲངས་གསར་བར་བདམས། རྒྱལ་ཁབ་རིམ་པའི་སློབ་གྲྭ་འབྲིང་ཆུང་གི་རྐང་འཛིན་དགེ་རྒན་གསོ་སྦྱོང་རྟེན་གཞི་དང་། སློབ་གྲྭ་འབྲིང་ཆུང་གི་རྐང་འཛིན་སློབ་གྲྭའི་སློབ་གཙོ་གསོ་སྦྱོང་རྟེན་གཞི། སློབ་གསོ་པུའུ་ཡི་སློབ་གྲྭ་འབྲིང་ཆུང་གི་སློབ་གཙོའི་དུས་གཏན་གནམ་གྲུའི་གསོ་སྦྱོང་རྟེན་གཞི། དགེ་རྒན་གྱི་སློབ་གསོ་སྒྱུར་བཅོས་ཚོད་ལྟའི་རྟེན་གཞི། ཅང་སུའུ་ཞིང་ཆེན་གྱི་ཐབས་ཇུས་བློ་འདྲི་ཞིབ་འཇུག་རྟེན་གཞི། ཅང་སུའུ་ཞིང་ཆེན་གྱི་སློབ་གསོ་ཞིང་ཆེན་སྟོབས་ལྡན་འཛུགས་སྐྲུན་ཞིབ་འཇུག་རྟེན་གཞི་བཅས་ཡིན། སྤྱི་ལོ2020ལོའི་ཟླ6པའི་བར། སློབ་གྲྭར་ཧྲི་ཅིའུ་དང་ཚའོ་ཁྲང་མིན་ཏེ་སློབ་ཁུལ2ཡོད་ལ་དེས་རྒྱ་ཁྱོན་གྱིས་མུའུ1340ཙམ་བཟུང་ཡོད། རིམ་པ་གཉིས་པའི་སློབ་གླིང14ཡོད་པ་དང་དངོས་གཞིའི་ཚན་ཁག་གི་ཆེད་ལས32བཙུགས། ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་སློབ་གྲྭར་ཡོད་པའི་སློབ་མ་ཁྲི་ལ་ཉེ་བ་ཡོད། དགེ་རྒན་དང་ལས་བཟོ་བ717ཡོད་པའི་ནང་ཆེད་བསྐོས་དགེ་རྒན448ཡོད། དཔེ་མཛོད་ཁང་དུ་ཉར་ཚགས་བྱས་པའི་ཚད་ལྡན་ཡིག་ཆ1059081ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
江苏第二师范学院外文名Jiangsu Second Normal University
བཙུགས་ལོ།
གཞུང་གཉེར་མཐོ་སློབ།
བཙུགས་ལོ།
སྤྱི་ལོ1952ལོ།
འགོ་ཁྲིད།
ཏང་ཨུའི་ཧྲུའུ་ཅི། ཝང་རེན་ལེ། སློབ་གཙོ། ཝང་ཅན།
རྣམ་པ།
དགེ་འོས་རིགས།
སློབ་གྲྭའི་ཚབ་ཨང་།
14436
སློབ་གླིང་དང་སྡེ་ཁག་བཀོད་སྒྲིག
རིམ་པ་གཉིས་པའི་སློབ་གླིང14ཡོད།
གཟི་བརྗིད་མཚན་སྙན།
རྒྱལ་ཡོངས་སློབ་གྲྭའི་རིག་གནས་འཛུགས་སྐྱོང་གསར་གཏོད་སྔོན་ཐོན་ཚན་པ།
གནས་ཡུལ།
ནན་ཅིང་གྲོང་ཁྱེར་པེ་ཅིང་ནུབ་ལམ་ཨང77པ།
གཙོ་གཉེར་སྡེ་ཁག
ཅང་སུའུ་ཞིང་ཆེན།
1 ​ལོ་རྒྱུས་འཕེལ་རིམ།

སྤྱི་ལོ2002ལོར། ཅང་སུའུ་ཞིང་ཆེན་སློབ་གསོ་ཚན་རིག་ཞིབ་འཇུག་ཁང་དང་ཅང་སུའུ་སློབ་གསོ་སློབ་གླིང་གཉིས་ཀྱིས་སྒོ་བྱང་གཉིས་དང་ཚན་ཁག་གཅིག་གི་སྒྲིག་སྲོལ་ལག་བསྟར་བྱས་ཏེ། བྱེ་བྲག་ཏུ་ཏང་ཨུ་ཡིས་གཅིག་གྱུར་གྱིས་འགོ་ཁྲིད་དང་སྲིད་འཛིན་སོ་སོར་དོ་དམ་བྱས།  

སྤྱི་ལོ2011ལོར་སློབ་གྲྭ་དེ“ཅང་སུའུ་ཞིང་ཆེན་གྱི་ཐབས་ཇུས་བློ་འདྲི་ཞིབ་འཇུག་རྟེན་གཞི”དང“ཅང་སུའུ་སློབ་གསོའི་ཞིང་ཆེན་སྟོབས་ཆེའི་ འཛུགས་སྐྲུན་ཞིབ་འཇུག་རྟེན་གཞིར”གཏན་འཁེལ་བྱས།     སྤྱི་ལོ2013ལོའི་ཟླ4པར་ཅང་སུའུ་སློབ་གསོ་སློབ་གླིང་ནི་དངོས་གཞིའི་ཚན་ཁག་སློབ་གྲྭ་དཀྱུས་མར་བསྒྱུར་བ་དང་འབྲེལ་ཅང་སུའུ་དགེ་འོས་སློབ་གླིང་གཉིས་པ་ཞེས་མིང་བསྒྱུར།  

སྤྱི་ལོ2014ལོའི་ཟླ12པར་སློབ་གྲྭའི་ཕུལ་བྱུང་དགེ་རྒན་གསོ་སྐྱོང་འཆར་གཞིའི་སྒྱུར་བཅོས་རྣམ་གྲངས་ནང་ཚུད།  

སྤྱི་ལོ2018ལོའི་ཟླ3པར་སློབ་གྲྭ་སློབ་གསོ་པུའུ་ཡི་ཁག་དང་པོའི་བཟོ་ལས་ཚན་ཁག་གི་ཞིབ་འཇུག་དང་ལག་ལེན་རྣམ་གྲངས་ནང་ཚུད་ཡོད།   

སྤྱི་ལོ2019ལོའི་ཟླ10པར་སློབ་གྲྭའི་ཧྲི་ཅིའུ་སློབ་ཁུལ་བསྐྲུན་པ་དང་འབྲེལ་བེད་སྤྱོད་གཏོང་འགོ་ཚུགས་པ་དང་། ལོ་དེའི་ཟླ11པར་སློབ་གྲྭའི་གཤའ་གར་རྒྱུན་འཛིན་རྟེན་གཞི“སྤྱི་ལོ2019ལོའི་རྒྱལ་ཡོངས་ཀྱི་མཐོ་སློབ་དཀྱུས་མའི་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་རྟེན་གཞིའི”ནང་བདམས།

2 སློབ་གླིང་དང་སྡེ་ཁག་བཀོད་སྒྲིག 

སྤྱི་ལོ2020ལོའི་ཟླ6པའི་བར་སློབ་གྲྭར་རིམ་པ་གཉིས་པའི་སློབ་གླིང14བཙུགས་པ་དང་དངོས་གཞིའི་ཚན་ཁག་གི་ཆེད་ལས32བཅས་གཉེར་སྐྱོང་བྱས།   

3 དགེ་རྒན་གྱི་དཔུང་སྡེ།

སྤྱི་ལོ2020ལོའི་ཟླ6པར། སློབ་གྲྭའི་ཆེད་འགན་འཁུར་བའི་དགེ་རྒན་གྱི་འབྲིང་རིམ་མཐོ་རིམ་གོ་གནས་དགེ་རྒན་གྱིས50%ཙམ་ཟིན་པ་དང་། འབུམ་རམས་པ་ཡན་གྱི་སློབ་གནས་ཡོད་པའི་དགེ་རྒན་གྱིས40%ལས་བརྒལ། དེའི་ནང་རྒྱལ་ཁབ་སློབ་གསོས་སློབ་གྲྭར་ལྟ་ཞིབ་བྱེད་མཁན་དང་། སློབ་གསོ་པུའུ་ཡི་ཆེད་ལས་སློབ་ཁྲིད་མཛུབ་ཁྲིད་ཨུ་ལྷན་གྱི་ཨུ་ཡོན། རྒྱལ་ཡོངས་ཀྱི་ཕུལ་བྱུང་དགེ་རྒན། སློབ་གསོ་པུའུ་ཡི་ཕུལ་བྱུང་རྐང་འཛིན་དགེ་རྒན། ཅང་སུའུ་ཞིང་ཆེན་གྱི་ཕུལ་བྱུང་ལེགས་སྐྱེས་ཕུལ་ཡོད་པའི་ན་གཞོན་རིགས་གཅིག་མཁས་ཅན། ཅང་སུའུ་ཞིང་ཆེན་གྱི་མཐོ་སློབ་ཀྱི་སློབ་ཁྲིད་དགེ་རྒན་གྲགས་ཅན། ཅང་སུའུ་ཞིང་ཆེན་གྱི“མཚོ་སྔོན་ལས་གྲྭའི”རིག་གཞུང་སྣེ་ཁྲིད་པ། ཅང་སུའུ་ཞིང་ཆེན་གྱི“333”ལས་གྲྭའི་རིག་གཞུང་སྣེ་ཁྲིད་པ། ཅང་སུའུ་ཞིང་ཆེན་གྱི“རྩེར་སོན་ཆེན་པོ་དྲུག”གི་ཤེས་ལྡན་མི་སྣ། ཅང་སུའུ་ཞིང་ཆེན་གྱི“གཉིས་གཏོད”ཤེས་ལྡན་མི་སྣ། ཅང་སུའུ་ཞིང་ཆེན་གྱི་སློབ་གྲྭ་འབྲིང་ཆུང་གི་དམིགས་བསལ་དགེ་རྒན་གསོ་སྐྱོང་བྱ་ཡུལ། ཅང་སུའུ་ཞིང་ཆེན་གྱི་མི་དམངས་སློབ་གསོ་མཁས་ཅན་ཕུལ་བྱུང་རྐང་འཛིན་དགེ་རྒན་སོགས་མི60ཙམ་ཚུད་ཡོད།

4 རིག་གཞུང་ཞིབ་འཇུག    

སྤྱི་ལོ2020ལོའི་ཟླ6པར།  ཞིང་ཆེན་རིམ་པའི་གཙོ་གནད་ཚོད་ལྟ་ཁང1དང་། ཞིང་ཆེན་རིམ་པའི་གཙོ་གནད་སྐྱེད་སྲིང་རིག་མཛོད1 ཞིང་ཆེན་རིམ་པའི་མཐོ་སློབ་ཀྱི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་གི་གཙོ་གནད་ཞིབ་འཇུག་རྟེན་གཞི1 ཞིང་ཆེན་རིམ་པའི་མཐོ་སློབ་ཀྱི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་གི་ཕུལ་བྱུང་གསར་གཏོད་ཚོགས་པ1 སློབ་གྲྭའི་ཚན་རིག་ཞིབ་འཇུག་ལས་ཁུངས11བཅས་ཡོད།

5 ཚན་རིག་ཞིབ་འཇུག་གི་གྲུབ་འབྲས།   

སྤྱི་ལོ2019ལོའི་ཟླ6པའི་བར་སློབ་གྲྭས་ཁྱོན་བསྡོམས་དུས་དེབ་དང་དཔྱད་རྩོམ1615སྤེལ་བའི་ནངSCI/EIརྩོམ་ཡིག169ཡོད། ལྟེ་བའི་དཔྱད་རྩོམ79བཅས་ཡོད་པ་རེད། CSSCIདུས་དེབ་ཀྱི་ཆེད་རྩོམ116དང་ལྟེ་བའི་རྩོམ་ཡིག་གཞན་དག291ཡོད། ཚན་ཞིབ་རྣམ་གྲངས391འགན་འཁུར་བའི་ནང་རྒྱལ་ཁབ་རིམ་པའི་རྣམ་གྲངས24ཡོད། ཞིང་ཆེན་དང་པུའུ་རིམ་པའི་རྣམ་གྲངས37དང་གྲོང་ཁྱེར་དང་ཐིང་རིམ་པའི་རྣམ་གྲངས153 འཕྲེད་ཕྱོགས་ཀྱི་རྣམ་གྲངས18དང་སློབ་གྲྭ་རིམ་པའི་རྣམ་གྲངས159བཅས་ཡོད།     

སྤྱི་ལོ2019ལོའི་ཟླ12པའི་བར། སློབ་གྲྭས་ཡོངས་བསྒྲགས་ངང་དཔྱད་རྩོམ1403སྤེལ་བའི་ནངSCI/EIདུས་དེབ141དང་། CSSCIདུས་དེབ184དང་ལྟེ་བའི་དུས་དེབ་གཞན་དག་གི་དཔྱད་རྩོམ270བཅས་བསྡུས་ཡོད། ཅང་སུའུ་ཞིང་ཆེན་གྱི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་གི་གྲུབ་འབྲས་བྱ་དགའ5ཐོབ། 

སྤྱི་ལོ2019ལོར་སློབ་གྲྭར་རྒྱལ་ཁབ་སྤྱི་ཚོགས་ཚན་རིག་ཐེབས་རྩའི་རྣམ་གྲངས་དང་རྒྱལ་ཁབ་རང་བྱུང་ཚན་རིག་ཐེབས་རྩའི་རྣམ་གྲངས་ཁག6རེ་ཐོབ་ནས་རྒྱལ་ཁབ་རིམ་པའི་ཐེབས་རྩའི་རྣམ་གྲངས་འཛུགས་གྲངས་སྤྱི་ལོ2018ལོ་དང་བསྡུར་ན160%འཕར།

6 མཉམ་འབྲེལ།    

སྤྱི་ལོ2020ལོའི་ཟླ6པའི་བར་སློབ་གྲྭས་སྔ་རྗེས་སུ་རྒྱལ་ཁབ་དང་ས་ཁུལ10ལྷག་ཙམ་གྱི་མཐོ་སློབ་དང་ཚན་ཞིབ་ཁང30དང་མཉམ་ལས་འབྲེལ་བ་བཙུགས་པ་དང་ཕྱི་རྒྱལ་གྱི་མཐོ་སློབ་དང་མཉམ་ལས་བྱས་ནས་ཡོན་ཧྲིའི་ལས་དོན་ས་ཚིགས་དང་། ཨུ་རུ་སུའི་རིག་གནས་ལྟེ་གནས། སི་ཕེན་རིག་གནས་ལྟེ་གནས། མཚོ་འགག་ངོགས་གཉིས་ཀྱི་ཟློས་གར་དང་རང་རྒྱལ་གྱི་རིག་གནས་རྒྱུན་འཛིན་སྤེལ་རེས་རྟེན་གཞི་བཙུགས་ཡོད། དེའི་ནང་ཨུ་རུ་སུའི་རིག་གནས་ཞིབ་འཇུག་ལྟེ་གནས་ལ་སློབ་གསོ་པུའུ་ཡི་རྒྱལ་ཁབ་ཀྱི་ཞིབ་འཇུག་ལྟེ་གནས་ཀྱི་ཆོག་མཆན་ཐོབ་པ་རེད།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-09-27

གསར་སྤེལ་མཁན། :དཀོན་མཆོག་སྒྲོལ་མ།༡

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།