ཧྥུའུ་ཅན་ཆ་འཕྲིན་ལས་རིགས་ལག་རྩལ་སློབ་གླིང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཧྥུའུ་ཅན་ཆ་འཕྲིན་ལས་རིགས་ལག་རྩལ་སློབ་གླིང་།
ཧྥུའུ་ཅན་ཆ་འཕྲིན་ལས་རིགས་ལག་རྩལ་སློབ་གླིང་ནི་ཧྥུའུ་ཅན་ཞིང་ཆེན་ཧྥུའུ་ཀྲོའུ་གྲོང་ཁྱེར་ཀུའུ་ལོའུ་ཆུས་སུ་གནས་ཤིང་། བཟོ་རིག་གཙོ་བོར་བྱེད་པ་དང་བཟོ་ཚོང་ཟུང་འབྲེལ། ཆ་འཕྲིན་ལག་རྩལ་ཁྱད་ཆོས་སུ་བྱེད་པ་བཅས་ཀྱི་ཞིང་ཆེན་ཁོངས་གཏོགས་ཀྱི་ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་མཐོ་རིམ་ལས་རིགས་ཆེད་སྦྱོང་སློབ་གླིང་དཀྱུས་མ་ཞིག་ཡིན། ཧྥུའུ་ཅན་ཆ་འཕྲིན་ལས་རིགས་ལག་རྩལ་སློབ་གླིང་ནི་སྤྱི་ལོ1906ལོར་བཙུགས་པའི་ཧྥུའུ་ཀྲོའུ་ན་གཞོན་ཚོགས་པའི་དཔེ་ཁང་ལས་བྱུང་། སྤྱི་ལོ2003ལོའི་ཟླ2པར་དེ་སྔའི་ཧྥུའུ་ཅན་ཞིང་ཆེན་ཚོང་ལས་སློབ་གྲྭ་དང་། ཧྥུའུ་ཅན་ལས་གྲྭའི་སློབ་གྲྭ། ཧྥུའུ་ཅན་གློག་རྡུལ་བཟོ་ལས་སློབ་གྲྭ་བཅས་རྒྱལ་ཁབ་རིམ་པའི་གཙོ་གནད་འབྲིང་རིམ་ཆེད་ལས་སློབ་གྲྭ་གསུམ་ཟླ་སྒྲིལ་བཏང་ནས་ཧྥུའུ་ཅན་ཆ་འཕྲིན་ལས་རིགས་ལག་རྩལ་སློབ་གླིང་བཙུགས། སྤྱི་ལོ2020ལོའི་ཟླ6པའི་བར་ཧྥུའུ་ཅན་ཆ་འཕྲིན་ལས་རིགས་ལག་རྩལ་སློབ་གླིང་དུ་ལུང་ཡའོ་དང་། ཏུའུ་ཡོན། ཕིང་ཐན་བཅས་སློབ་ཁུལ་གསུམ་དང་སྡེ་ཁག་བདུན་བཙུགས་ཡོད། མཐོ་རིམ་ལས་རིགས་ཀྱི་ཆེད་སྦྱོང་ཆེད་ལས32དང་འབྲིང་རིམ་ལས་རིགས་ཆེད་ལས6བཙུགས་ཡོད། སྤྱི་ལོ2014ལོ་ནས་སྤྱི་ལོ2015ལོའི་བར་གྱི་ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་མཐོ་རིམ་ལས་རིགས་སློབ་གྲྭར་ཡོད་པའི་སློབ་མ7471དང་ཉིན་ཧྲིལ་བོའི་ལམ་ལུགས་མིན་པའི་སློབ་གཉེར་བརྒྱུད་རིམ་སློབ་གསོའི་སློབ་གྲྭར་ཡོད་པའི་སློབ་མ7304ཡོད། དགེ་རྒན་དང་ལས་བཟོ་པ466 གོ་མིང་གཞོན་པ་ཡན་ཡོད་པའི་དགེ་རྒན155 འབུམ་རམས་པ་དང་རབ་འབྱམས་པ་ཡན་གྱི་སློབ་གནས་ཡོད་པའི་དགེ་རྒན202 ཉར་ཚགས་བྱས་པའི་ཤོག་བུའི་ཉར་ཚགས་དཔེ་དེབ་ཁྲི40ཙམ་ཡོད་པ་དང་གྲངས་འཛིན་དཔེ་དེབ་སྣ་ཁ་ཁྲི33ལྷག་ཙམ་ཡོད། སྤྱི་ལོ2019ལོའི་ཟླ12པར་སློབ་གསོ་པུའུ་དང་ནོར་སྲིད་པུའུ་ཡིས་ཆུ་ཚད་མཐོ་བའི་ཆེད་ལས་ཚོགས་པ་རིགས་གསུམ་པའི་འཛུགས་སྐྲུན་ཚན་པར་བཅུག
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
福建信息职业技术学院
ཕྱི་ཡིག་གི་མིང་།
Fujian Polytechnic of Information Technology
བཙུགས་ལོ།
སྤྱི་ལོ1906ལོ།
རིགས་དབྱེ།
གཞུང་བཙུགས་སློབ་ཆེན།
རྣམ་པ།
རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སྐོར།
ངོ་བོ།
ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་མཐོ་རིམ་ཆེད་སྦྱོང་ཚན་ཁག་དཀྱུས་མ།  ཧྥུའུ་ཅན་ཞིང་ཆེན་གྱི་དཔེ་སྟོན་རང་བཞིན་གྱི་མཐོ་རིམ་ལས་རིགས་སློབ་གླིང་ཁག་དང་པོ།
འགོ་ཁྲིད།
སློབ་གཙོ།    ཅང་ཅི་པིན།
སློབ་གླིང་དང་ཚན་ཁག་གཙོ་བོ།
ལྷུ་ལག་ལས་གྲྭ། གློག་རྡུལ་ལས་གྲྭ། འཕྲུལ་གློག་ལས་གྲྭ། ཚོང་དོན་དོ་དམ། སྨྱན་སྦྱོར་སྒྱུ་རྩལ། ཉེར་སྤྱོད་སྐད་བརྡའི་མ་ལག་བཅས་ཡོད།
གཙོ་གཉེར་སྡེ་ཁག
ཧྥུའུ་ཅན་ཞིང་ཆེན།
གནས་ཡུལ།
ཧྥུའུ་ཅན་ཞིང་ཆེན་ཧྥུའུ་ཀྲོའུ་གྲོང་ཁྱེར་ཀུའུ་ལུའུ་ཆུས་ཧྥུའུ་ཧྥེ་ལམ་གྱི་ཨང106པ།
སློབ་གྲྭའི་ཚབ་ཨང་།
12626
ཁོངས་གཏོགས་ས་ཁུལ།
ཀྲུང་གོའི་ཧྥུའུ་ཅན་ཞིང་ཆེན་ཧྥུའུ་ཀྲོའུ་གྲོང་ཁྱེར།
གཟི་བརྗིད་མཚན་སྙན།
ཧྥུའུ་ཅན་ཞིང་ཆེན་ལས་རིགས་སློབ་གསོའི་སྔོན་ཐོན་ལས་ཁུངས།    ཧྥུའུ་ཅན་ཞིང་ཆེན་མཐོ་སློབ་ཀྱི“བདེ་འཇགས་སྔོན་སྐྱོད་སློབ་གྲྭ”    རྒྱལ་ཡོངས་ཀྱི་སློབ་ཐོན་སློབ་མའི་ལས་ཞུགས་དཔེ་མཚོན་ཉམས་མྱོང་མཐོ་སློབ།
1 ​ལོ་རྒྱུས་འཕེལ་རིམ།    

སྤྱི་ལོ1952ལོར་ཧྥུའུ་ཅན་ཉོ་ཚོང་སློབ་གྲྭ་ནི་ཧྥུའུ་ཅན་ཞིང་ཆེན་ཧྥུའུ་ཀྲོའུ་ཉོ་ཚོང་སློབ་གྲྭར་མིང་བསྒྱུར།     

སྤྱི་ལོ1952ལོར་ཧྥུའུ་ཅན་ཞིང་ཆེན་ཧྥུའུ་ཀྲོའུ་ཚོང་དོན་སློབ་གྲྭ་ནི་ཧྥུའུ་ཅན་ཞིང་ཆེན་ཧྥུའུ་ཀྲོའུ་ཚོང་ལས་སློབ་གྲྭར་མིང་བསྒྱུར།   

སྤྱི་ལོ1954ལོར་ཧྥུའུ་ཅན་ཞིང་ཆེན་ནོར་སྲིད་དངུལ་རྩའི་སློབ་གྲྭ་ནི་ཧྥུའུ་ཅན་ཞིང་ཆེན་ཧྥུའུ་ཀྲོའུ་ཚོང་ལས་སློབ་གྲྭར་ཟླ་སྒྲིལ་བཏང་།    སྤྱི་ལོ1942ལོར་ཧྥུའུ་ཅན་ཞིང་ཆེན་གྱིས་བཙུགས་པའི་མཐོ་རིམ་ཚོང་ལས་ལས་རིགས་སློབ་གྲྭའི་མིང་ནི་ཧྥུའུ་ཅན་ཞིང་ཆེན་ནན་ཕིང་མཐོ་རིམ་ཚོང་ལས་ལས་རིགས་སློབ་གྲྭར་བསྒྱུར།

སྤྱི་ལོ1945ལོར་ཧྥུའུ་ཅན་ཞིང་ཆེན་ནན་ཕིང་མཐོ་རིམ་ཚོང་ལས་ལས་རིགས་སློབ་གྲྭར་ཧྥུའུ་ཅན་ཞིང་ཆེན་གྱིས་བཙུགས་པའི་མཐོ་རིམ་ལས་རིགས་སློབ་གྲྭ་ཞེས་པར་མིང་བསྒྱུར།

སྤྱི་ལོ1946ལོར་ཧྥུའུ་ཀྲོའུ་གྲོང་ཁྱེར་གྱིས་བཙུགས་པའི་དམའ་རིམ་ཚོང་ལས་ལས་རིགས་སློབ་གྲྭ་ཧྥུའུ་ཀྲོའུ་གྲོང་ཁྱེར་གྱིས་བཙུགས་པའི་ཚོང་ལས་ལས་རིགས་སློབ་གྲྭ་ཞེས་པར་མིང་བསྒྱུར།  

སྤྱི་ལོ1957ལོར་ཧྥུའུ་ཅན་ཕྱི་ཕྱོགས་ཉོ་ཚོང་ལས་བྱེད་སློབ་གྲྭ(སྤྱི་ལོ1956ལོར་བཙུགས་པ)ཧྥུའུ་ཅན་ཞིང་ཆེན་ཧྥུའུ་ཀྲོའུ་ཚོང་ལས་སློབ་གྲྭར་ཟླ་སྒྲིལ་བཏང་།   

སྤྱི་ལོ1958ལོར་ཧྥུའུ་ཅན་ཞིང་ཆེན་ཚོང་ལས་ལས་བྱེད་སློབ་གྲྭ་བཙུགས། སྤྱི་ལོ1957ལོར་ཧྥུའུ་ཅན་ཞིང་ཆེན་ཚོང་ལས་ཐིང་ལས་བྱེད་སྦྱོང་བརྡར་འཛིན་གྲྭའི་མིང་དེ་ཧྥུའུ་ཅན་ཞིང་ཆེན་ཚོང་ལས་ལས་བྱེད་སློབ་གྲྭར་བསྒྱུར།

སྤྱི་ལོ1960ལོར་ཧྥུའུ་ཅན་ཞིང་ཆེན་ཧྥུའུ་ཀྲོའུ་ཚོང་ལས་སློབ་གྲྭར་ཧྥུའུ་ཅན་ཞིང་ཆེན་ནོར་སྲིད་ཉོ་ཚོང་སློབ་གྲྭར་མིང་བསྒྱུར།   

སྤྱི་ལོ1968ལོར་ཧྥུའུ་ཅན་ཞིང་ཆེན་ཧྥུའུ་ཀྲོའུ་ཚོང་ལས་ལས་རིགས་སློབ་གྲྭ་དང་པོ་ཧྥུའུ་ཅན་ཞིང་ཆེན་ནོར་སྲིད་ཚོང་དོན་སློབ་གྲྭར་ཞུགས།  

སྤྱི་ལོ1969ལོར་རིག་གནས་གསར་བརྗེ་ཆེན་པོའི་དབང་གིས་ཧྥུའུ་ཅན་ཞིང་ཆེན་ནོར་སྲིད་ཉོ་ཚོང་སློབ་གྲྭ་གཉེར་མཚམས་བཞག    

སྤྱི་ལོ1974ལོར་ཧྥུའུ་ཅན་ཞིང་ཆེན་ཚོང་ལས་སློབ་གྲྭ་སླར་གསོ་བྱས།     

སྤྱི་ལོ1984ལོར་ཧྥུའུ་ཅན་ཚོང་ལས་མཐོ་རིམ་ཆེད་སྦྱོང་སློབ་གྲྭ་བཙུགས།  

སྤྱི་ལོ1980ལོར་ཧྥུའུ་ཅན་གྱི་ཚོང་ལས་སློབ་གྲྭ་དེ་ཧྥུའུ་ཅན་གྱི་སྨན་རྫས་སློབ་གྲྭར་བསྒྱུར་ནས་ད་ཆ་ཧྥུའུ་ཅན་གྱི་སྐྱེ་དངོས་འདུ་འགོད་ལས་རིགས་ལག་རྩལ་སློབ་གླིང་དུ་འཕེལ་རྒྱས་བཏང་ཡོད།     

སྤྱི་ལོ1960ལོར་ཧྥུའུ་ཅན་ས་གཤིས་སློབ་གྲྭ་དེ་ཧྥུའུ་ཅན་ས་གཤིས་ཆེད་སྦྱོང་སློབ་གྲྭར་རིམ་སྤར་བྱས། 

སྤྱི་ལོ1987ལོར། ཧྥུའུ་ཅན་ཞིང་ཆེན་གློག་རྡུལ་བཟོ་ལས་ལས་བྱེད་སློབ་གྲྭ་བཙུགས།

སྤྱི་ལོ1985ལོར་ཧྥུའུ་ཅན་ཞིང་ཆེན་གློག་རྡུལ་བཟོ་ལས་ཅུས་ཀྱི་ལས་བྱེད་སྦྱོང་བརྡར་འཛིན་གྲྭའི་མིང་ནི་ཧྥུའུ་ཅན་ཞིང་ཆེན་གློག་རྡུལ་བཟོ་ལས་ལས་བྱེད་སློབ་གྲྭར་བསྒྱུར།

སྤྱི་ལོ2000ལོར་ཧྥུའུ་ཅན་ཞིང་ཆེན་གྱི་གློག་རྡུལ་བཟོ་ལས་ལས་བྱེད་པའི་སློབ་གྲྭ་མེད་པར་བཟོས།     

སྤྱི་ལོ2003ལོའི་ཟླ2པར་དེ་སྔའི་ཧྥུའུ་ཅན་ཞིང་ཆེན་ཚོང་ལས་སློབ་གྲྭ་དང་། ཧྥུའུ་ཅན་ལས་གྲྭའི་སློབ་གྲྭ། ཧྥུའུ་ཅན་གློག་རྡུལ་བཟོ་ལས་སློབ་གྲྭ་བཅས་རྒྱལ་ཁབ་རིམ་པའི་གཙོ་གནད་འབྲིང་རིམ་ཆེད་ལས་སློབ་གྲྭ་གསུམ་ཟླ་སྒྲིལ་བཏང་ནས་ཧྥུའུ་ཅན་ཆ་འཕྲིན་ལས་རིགས་ལག་རྩལ་སློབ་གླིང་བཙུགས།     

སྤྱི་ལོ2008ལོར་ཞིང་ཆེན་སློབ་གསོ་ཐིང་དང་། ནོར་སྲིད་ཐིང་། འཕེལ་སྒྱུར་ཨུ་ལྷན་བཅས་ཀྱིས་སློབ་གླིང་དེ་ཧྥུའུ་ཅན་ཞིང་ཆེན་གྱི་དཔེ་སྟོན་རང་བཞིན་གྱི་མཐོ་རིམ་ལས་རིགས་སློབ་གླིང་ཁག་དང་པོར་གཏན་འཁེལ་བྱས། 

སྤྱི་ལོ2008ལོའི་ཟླ7པར་སློབ་གསོ་པུའུ་དང་ནོར་སྲིད་པུའུ་ཡིས“རྒྱལ་ཁབ་ཀྱི་དཔེ་སྟོན་རང་བཞིན་གྱི་གཙོ་གནད་སྐྱེད་སྲིང་བྱེད་པའི་མཐོ་རིམ་ལས་རིགས་སློབ་གྲྭར”གཏན་འཁེལ་བྱས།    

སྤྱི་ལོ2010ལོའི་ཟླ11པར་སློབ་གསོ་པུའུ་དང་ནོར་སྲིད་པུའུ་ཡིས“རྒྱལ་ཁབ་ཀྱི་དཔེ་སྟོན་རང་བཞིན་གྱི་མཐོ་རིམ་ལས་རིགས་སློབ་གླིང་འཛུགས་སྐྲུན་འཆར་གཞིའི”རྐང་འཛིན་མཐོ་རིམ་ལས་རིགས་སློབ་གླིང་དང་སློབ་གྲྭར་གཏན་འཁེལ་བྱས།    

སྤྱི་ལོ2011ལོར་སློབ་གསོ་པུའུ་ཡིས“སྤྱི་ལོ2010ལོ་ནས་སྤྱི་ལོ2011ལོའི་བར་གྱི་སློབ་ཐོན་སློབ་མའི་ལས་ཞུགས་ཀྱི་དཔེ་མཚོན་ཉམས་མྱོང་མཐོ་སློང”ལ་བདམས། ལོ་དེར་སློབ་གླིང་དེས་སྔ་རྗེས་སུ་ཧྥུའུ་ཅན་ཞིང་ཆེན་ཡིག་ཟམ་གློག་འཕྲིན་སློབ་གྲྭ་དང་། ཕིང་ཐན་ལས་རིགས་འབྲིང་རིམ་ཆེད་ལས་སློབ་གྲྭ། ཧྥུའུ་ཅན་ཞིང་ཆེན་བཟོ་ལས་སློབ་གྲྭ། ཧྥུའུ་ཅན་ཨར་ལས་སློབ་གྲྭ། ཧྥུའུ་ཅན་དཔལ་འབྱོར་སློབ་གྲྭ། ཧྥུའུ་ཅན་འཕྲུལ་གློག་ལས་གྲྭའི་ལས་རིགས་ལག་རྩལ་སློབ་གྲྭ་སོགས་འབྲིང་རིམ་ལས་རིགས་སློབ་གྲྭ6དང“3+2”དང“ལོ་ལྔའི་རྒྱུན་འཇགས་ལམ་ལུགས”ཀྱི་མཉམ་འབྲེལ་སྒོས་སློབ་གཉེར་བྱས།  

སྤྱི་ལོ2013ལོའི་ཟླ11པར་འཛུགས་སྐྲུན་རྣམ་གྲངས་ཀྱི་ཞིབ་བཤེར་རྩིས་ལེན་བདེ་བླག་བྱུང་ནས་ཞིང་ཆེན་ཡོངས་ཀྱི་རྒྱལ་ཁབ་ཀྱི་དཔེ་སྟོན་རང་བཞིའི(རྐང་འཛིན་པ)མཐོ་རིམ་ལས་རིགས་སློབ་གླིང་གི་གྲས་ཤིག་ཏུ་གྱུར།    

སྤྱི་ལོ2015ལོར་ཞིང་ཆེན་སློབ་གསོ་ཐིང་གིས་དཔེ་སྟོན་རང་བཞིན་གྱི་དེང་རབས་ལས་རིགས་སློབ་གླིང་འཛུགས་སྐྲུན་ལས་གྲྭAརིགས་གསོ་སྐྱོང་སློབ་གྲྭ་ཁག་དང་པོར་གཏན་འཁེལ་བྱས།   

སྤྱི་ལོ2019ལོའི་ཟླ7པར་སློབ་གསོ་པུའུ་ཡིས་རྒྱལ་ཁབ་ཀྱི་སྤུས་ལེགས་ཆེད་སྦྱོང་མཐོ་རིམ་ལས་རིགས་སློབ་གླིང་དུ་གཏན་འཁེལ་བྱས།

སྤྱི་ལོ2019ལོའི་ཟླ12པར་སློབ་གསོ་པུའུ་དང་ནོར་སྲིད་པུའུ་ཡིས་ཆུ་ཚད་མཐོ་བའི་ཆེད་ལས་ཚོགས་པ་རིགས་གསུམ་པའི་འཛུགས་སྐྲུན་ཚན་པར་བཅུག    

2 སློབ་གླིང་དང་སྡེ་ཁག་བཀོད་སྒྲིག    

སྤྱི་ལོ2016ལོའི་སློབ་གླིང་གི་སློབ་བསྡུའི་ཆ་འཕྲིན་ལས་མངོན་པར་གཞིགས་ན། སློབ་གྲྭ་དེར་གློག་རྡུལ་ལས་གྲྭ་དང་། མཉེན་ཆས་ལས་གྲྭའཕྲུལ་གློག་ལས་གྲྭ། ཨར་སྐྲུན་ལས་གྲྭ། ཚོང་དོན་དོ་དམ། ཉེར་སྤྱོད་སྐད་བརྡ། སྨྱན་སྦྱོར་སྒྱུ་རྩལ་བཅས་ཚན་ཁག7ཡོད་པ་དང་ཁྱོན་མཐོ་རིམ་ལས་རིགས་ཆེད་ལས་ཚན་ཁག32ཡོད། འབྲིང་རིམ་ལས་རིགས་ཆེད་ལས6བཅས་བཙུགས་ཡོད།

3 དགེ་རྒན་གྱི་དཔུང་སྡེ།   

སྤྱི་ལོ2015ལོའི་ལོ་མཇུག་ཏུ། ཧྥུའུ་ཅན་ཆ་འཕྲིན་ལས་རིགས་ལག་རྩལ་སློབ་གླིང་དུ་དགེ་རྒན་མི་གྲངས466ཡོད་པ་དེའི་ནང་ཆེད་བསྐོས་དགེ་རྒན321ཡོད།     ཁེ་ལས་ཀྱིས་དགེ་རྒན་གཅིག་ལྕོགས་མི291གདན་ཞུས་ལས་བསྐོས་བྱས། ཞིང་ཆེན་རིམ་པའི་སློབ་ཁྲིད་ཚོགས་པ་ཁྱོན8ཡོད་པ་དང་། ཞིང་ཆེན་རིམ་པའི་སློབ་ཁྲིད་དགེ་རྒན6དང་། ཞིང་ཆེན་རིམ་པའི་ཆེད་ལས་སྣེ་ཁྲིད་པ9ཡོད། དགེ་རྒན1ལ་སྤྱི་ལོ2014ལོར“རྒྱལ་ཡོངས་ཀྱི་ཕུལ་བྱུང་དགེ་རྒན”གྱི་མཚན་སྙན་ཐོབ། དགེ་རྒན22014ལོ་དང་སྤྱི་ལོ2015ལོ་འཁོར་གྱི“ཧྥུའུ་ཅན་ཞིང་ཆེན་མཐོ་སློབ་ཀྱི་ཕུལ་བྱུང་གཞོན་ནུའི་ཚན་ཞིབ་ཤེས་ལྡན་མི་སྣ་གསོ་སྐྱོང་འཆར་གཞིའི”ནང་སོ་སོར་བདམས། ན་གཞོན་དགེ་རྒན3ལ“ཧྥུའུ་ཅན་ཞིང་ཆེན་གྱི་ལྔ་གཅིག་ངལ་རྩོལ་གཟེངས་རྟགས”ཐོབ། ན་གཞོན་དགེ་རྒན1ལ“ཧྥུའུ་ཅན་ཞིང་ཆེན་གྱི་ལག་རྩལ་མཁས་པ”ཞེས་པའི་གཟི་བརྗིད་མཚན་སྙན་ཐོབ། དགེ་རྒན2ལ“ཧྥུའུ་ཅན་ཞིང་ཆེན་གྱི་ན་གཞོན་ལས་གནས་མཁས་པ”ཞེས་པའི་གཟི་བརྗིད་མཚན་སྙན་ཐོབ། སློབ་གླིང་རིམ་པ་དང་དེ་ཡན་གྱི་ཆེད་ལས་སྣེ་ཁྲིད་པ50ཡོད།

4 སློབ་མའི་སྦྱངས་འབྲས། 

སྤྱི་ལོ2014ལོའི་ལོ་མཇུག་བར། ཧྥུའུ་ཅན་ཆ་འཕྲིན་ལས་རིགས་ལག་རྩལ་སློབ་གླིང་གི་སློབ་མ་རྒྱལ་ཡོངས་དང་ཞིང་ཆེན་རིམ་པའི་རྩལ་ནུས་འགྲན་བསྡུར་ནང་ཞུགས་པར་ཁྱོན་བྱ་དགའ་ཁག473དང་བྱ་དགའ་ཨང་དང་པོ133ཐོབ། དེའི་ནང་རྒྱལ་ཡོངས་ཀྱི་ལས་རིགས་སློབ་གླིང་གི་རྩལ་ནུས་འགྲན་བསྡུར་ཆེན་མོའི་བྱ་དགའ་ཨང་དང་པོ5དང་ཞིང་ཆེན་ཡོངས་ཀྱི་ལས་རིགས་སློབ་གླིང་གི་རྩལ་ནུས་འགྲན་བསྡུར་ཆེན་མོའི་བྱ་དགའ་ཨང་དང་པོ57ཡོད།

སྤྱི་ལོ2015ལོའི་ཟླ12བར་སློབ་མ་རྒྱལ་ཡོངས་དང་ཞིང་ཆེན་རིམ་པའི་རྩལ་ནུས་འགྲན་བསྡུར་ནང་ཞུགས། བྱ་དགའ473དང་བྱ་དགའ་ཨང་དང་པོ133ཐོབ་པའི་ནང་རྒྱལ་ཡོངས་ལས་རིགས་སློབ་གླིང་གི་རྩལ་ནུས་འགྲན་བསྡུར་ཆེན་མོའི་བྱ་དགའ་རིམ་པ་དང་པོ6དང་ཞིང་ཆེན་ཡོངས་ཀྱི་ལས་རིགས་སློབ་གླིང་གི་རྩལ་ནུས་འགྲན་བསྡུར་ཆེན་མོའི་བྱ་དགའ་ཨང་དང་པོ67ཡོད།   

5 གཟི་བརྗིད་མཚན་སྙན།   

སྤྱི་ལོ2015ལོའི་ཟླ་དང་པོའི་བར། སློབ་གླིང་འདི་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་དང་ཞིང་ཆེན་སློབ་གསོ་ཐིང་སོགས་སྡེ་ཚན12ཀྱིས“ཧྥུའུ་ཅན་ཞིང་ཆེན་གྱི་ལས་རིགས་སློབ་གསོའི་སྔོན་ཐོན་ཚན་པར”བདམས་པ་དང་བསྟུད་མར་ཞིང་ཆེན་རིམ་པའི“དུས་བདེའི་སློབ་གྲྭའི”གཟི་བརྗིད་མཚན་སྙན་ཐོབ། ཧྥུའུ་ཅན་ཞིང་ཆེན་གྱི་མཐོ་སློབ་བདེ་འཇགས་ཚད་ལྡན་ཅན་འཛུགས་སྐྱོང་གི་རིམ་པ་གཉིས་པའི་ཚད་ལོན་སློབ་གྲྭ་ཁག་དང་པོ་དང་ཧྥུའུ་ཅན་ཞིང་ཆེན་གྱི་མཐོ་སློབ་ཀྱི“བདེ་འཇགས་སྔོན་སྐྱོད་སློབ་གྲྭ”ཁག་དང་པོ་ཡིན། སློབ་གླིང་ཏང་ཨུ་ལ་ཀྲུང་གུང་ཧྥུའུ་ཅན་ཞིང་ཆེན་སློབ་གསོ་ཐིང་ཐད་གཏོགས་ལས་ཁུངས་ཨུ་ཡོན་ལྷན་ཁང་དང་། ཧྥུའུ་ཅན་ཞིང་ཆེན་ཏང་ཨུ་སློབ་གསོ་ལས་དོན་ཨུ་ལྷན། ཞིང་ཆེན་སློབ་གསོ་ཐིང་ཐད་གཏོགས་ལས་ཁུངས་ཏང་ཨུ། ཞིང་ཆེན་ཐད་གཏོགས་ཏང་ལས་དོན་ཨུ་ལྷན་གྱི་སྔོན་ཐོན་གཞི་རིམ་ཏང་རྩ་འཛུགས་ཀྱི་གཟི་བརྗིད་མཚན་སྙན་ཐེངས་མང་ཐོབ། འཕྲུལ་གློག་ལས་གྲྭ་འདི“རྒྱལ་ཡོངས་ཀྱི་སློབ་གསོའི་ཁོངས་གཏོགས་ཀྱི་སྔོན་ཐོན་མཉམ་སྡེབ”དང་ཧྥུའུ་ཅན་ཞིང་ཆེན་གྱི“དགེ་རྒན་གྱི་ཀུན་སྤྱོད་འཛུགས་སྐྱོང་གི་སྔོན་ཐོན་མཉམ་སྡེབ”ལ་བདམས། གློག་རྡུལ་ལས་གྲྭ་ཚན་ཁག་ནི“ཧྥུའུ་ཅན་ཞིང་ཆེན་གྱི་སློབ་གསོའི་ཁོངས་གཏོགས་ཀྱི་སྔོན་ཐོན་མཉམ་སྡེབ”དང་ཧྥུའུ་ཅན་ཞིང་ཆེན་གྱི“དགེ་རྒན་གྱི་ཀུན་སྤྱོད་འཛུགས་སྐྱོང་གི་སྔོན་ཐོན་མཉམ་སྡེབ”ལ་བདམས། སྤྱི་ལོ2011ལོར་སློབ་གསོ་པུའུ་ཡིས“སྤྱི་ལོ2010ལོ་ནས་སྤྱི་ལོ2011ལོའི་བར་གྱི་སློབ་ཐོན་སློབ་མའི་ལས་ཞུགས་ཀྱི་དཔེ་མཚོན་ཉམས་མྱོང་མཐོ་སློང”ལ་བདམས།

6 ཕྱི་འབྲེལ། 

སྤྱི་ལོ2015ལོའི་ཟླ་དང་པོའི་བར་ཧྥུའུ་ཅན་ཆ་འཕྲིན་ལས་རིགས་ལག་རྩལ་སློབ་གླིང་གིས་ཁ་ན་ཏའི་ལའེ་ཆའོ་སློབ་གླིང་དང་མཉམ་འབྲེལ་གྲོས་མཐུན་བཞག་པ་དང་འབྲེལ་ཡུན་རིང་མཛའ་གྲོགས་འབྲེལ་བ་རྒྱུན་འཁྱོངས་བྱས། སིང་ཀ་ཕོར་གྱི་བཟོ་རྩལ་སློབ་གསོ་ཅུས་ཀྱི་སིང་ཀ་ཕོར་གྱི་ཏ་ལིས་སློབ་གྲྭ་དང་སིང་ཀ་ཕོར་གྱི་དམིགས་བསལ་བཀའ་འཁྲོལ་སློབ་གླིང་སོགས་དང་མཉམ་འབྲེལ་བྱས་ནསNITECལག་ཁྱེར་གསོ་སྦྱོང་འཛིན་གྲྭ་སོགས་རྣམ་གྲངས་སྤེལ། ཁག2ཀྱི་སློབ་མ7སློབ་གླིང་གི་སྤེལ་རེས་སློབ་སྦྱོང་དང་ལེན་བྱས།

7 རིག་གཞུང་ཞིབ་འཇུག 

སྤྱི་ལོ2008ལོའི་བར། ཧྥུའུ་ཅན་ཆ་འཕྲིན་ལས་རིགས་ལག་རྩལ་སློབ་གླིང་ལ་སློབ་གྲྭ་རིམ་པའི་ཚན་རིག་ཞིབ་འཇུག་ལས་ཁུངས6ཡོད་པ་དང་། སྤྱི་ལོ2014ལོར། ཧྥུའུ་ཅན་ཞིང་ཆེན་གྱི་ཉེར་སྤྱོད་ལག་རྩལ་ལས་གྲྭའི་ལྟེ་གནས1ཡོད། སྤྱི་ལོ2016ལོའི་ཟླ4པར་སློབ་གྲྭ་དང་ཁེ་ལས་མཉམ་ལས་ཞིབ་འཇུག་སྒྲིག་གཞི1བཙུགས།  

8 ཚན་རིག་ཞིབ་འཇུག་གི་གྲུབ་འབྲས།

སྤྱི་ལོ2014ལོའི་ཟླ12པའི་བར། ཧྥུའུ་ཅན་ཆ་འཕྲིན་ལས་རིགས་ལག་རྩལ་སློབ་གླིང་ལ་རྒྱལ་ཁབ་རིམ་པ་དང་ཞིང་ཆེན་རིམ་པའི་ཚན་རིག་ཞིབ་འཇུག་རྣམ་གྲངས134ཐོབ་པ་དང་ཚན་རིག་ཞིབ་འཇུག་གི་ཆེད་ཁེ30ཐོབ། CNདཔྱད་རྩོམ1112སྤེལ་བའི་ནང་འདི་ག་ཚན་རིག་ཚགས་པར་དང་ལྟེ་བའི་དུས་དེབ352ཡོད།     སྤྱི་ལོ2015ལོའི་ཟླ་དང་པོའི་བར། ཧྥུའུ་ཅན་ཆ་འཕྲིན་ལས་རིགས་ལག་རྩལ་སློབ་གླིང་དུ་གྲོང་ཁྱེར་དང་ཐིང་རིམ་པ་ཡན་གྱི་ཚན་ཞིབ་རྣམ་གྲངས68ཞིབ་བཤེར་རྩིས་ལེན་བྱས་པ་དང་། རྣམ་གྲངས53འགྲེམས་སྟོན་ནང་ཞུགས། ཁེ་བེད་བདག་ཐོབ་ཀྱི་གྲུབ་འབྲས29ཐོབ། 

9 རིག་གཞུང་ཐོན་ཁུངས།  

སྤྱི་ལོ2016ལོའི་ཟླ3པར་སློབ་གླིང་གི་གཞུང་ཕྱོགས་དྲ་ཚིགས་ཐོག་མངོན་པར་གཞིགས་ན། སློབ་གྲྭའི་དཔེ་མཛོད་ཁང་དུ་ཉར་ཚགས་བྱས་པའི་ཤོག་བུའི་དཔེ་ཆ་ཁྲི40ཙམ་ཡོད་པ་དང་གྲངས་འཛིན་དཔེ་དེབ་ཁྲི33ལྷག་ཙམ་ཡོད། ཁྱོན་བསྡོམས་དཔེ་ཆ་ཁྲི73ཟིན། གྲངས་གཞིའི་དཔེ་དེབ་སྐར་བརྒལ་དང་། གྲངས་གཞིའི་དུས་དེབ། CNKIརབ་འབྱམས་པའི་དཔྱད་རྩོམ་དང་དེ་བཞིན་ཚགས་པར་གལ་ཆེན་དང་། རྩོམ་ཀློག་རིག་གཞུང་འཚོལ་བཤེར་སོགས་གྲངས་གཞིའི་ཐོན་ཁུངས་།

10 འགོ་ཁྲིད། 

ཏང་ཨུའི་ཧྲུའུ་ཅི། ཆི་ཞུའེ་ཆུན།    གླིང་གཙོ། ཅང་ཅི་པིན།     ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཁྲེན་ཅན་ཀྲུང་།     ཏང་ཨུད་ཀྱི་ཨུ་ཡོན།  སྒྲིག་ཨུའི་ཧྲུའུ་ཅི། ཡིའུ་ཧྥུང་།  ཏང་ཨུའི་ཨུ་ཡོན།  གླིང་གཙོ་གཞོན་པ།  ཅང་ཕིན་ཧྥང་།    


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-09-25

གསར་སྤེལ་མཁན། :དཀོན་མཆོག་སྒྲོལ་མ།༡

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།