ཧྥུའུ་ཀྲོའུ་ཚན་རྩལ་ལས་རིགས་ལག་རྩལ་སློབ་གླིང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཧྥུའུ་ཀྲོའུ་ཚན་རྩལ་ལས་རིགས་ལག་རྩལ་སློབ་གླིང་།
ཧྥུའུ་ཀྲོའུ་ཚན་རྩལ་ལས་རིགས་ལག་རྩལ་སློབ་གླིང་ནི་སྤྱི་ལོ2001ལོར་བཙུགས་པ་རེད། སྤྱི་ལོ2004ལོར་ཧྥུའུ་ཅན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཆོག་མཆན་བཀོད་པ་དང་། སློབ་གསོ་པུའུ་ཡིས་སྙན་སེང་ཐོ་འགོད་བྱས་པའི་ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་དམངས་གཉེར་མཐོ་རིམ་དཀྱུས་མའི་ལས་རིགས་སློབ་གྲྭ་ཆེན་མོ་ཞིག་ཡིན། སློབ་གླིང་གིས་ཉེར་སྤྱོད་རང་བཞིན་གྱི་བྱང་ཚད་མཐོ་བའི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱ་རྒྱུ་དམིགས་ཡུལ་དུ་འཛིན་པ་དང་ལས་ཞུགས་ཕྱོགས་སྟོན་དུ་འཛིན་པ། ཆེད་ལས་ཚང་མ་མཚོ་ནུབ་དཔལ་འབྱོར་ཁུལ་འཛུགས་སྐྲུན་ལ་ཁ་ཕྱོགས་ནས་སྤྱི་ཚོགས་དང་ཞབས་ཞུའི་ཁེ་ལས་ལ་ཞབས་འདེགས་ཞུས། སྤྱི་ལོ2017ལོའི་ཟླ12པའི་བར་སློབ་གླིང་གིས་རྒྱ་ཁྱོན་མུའུ38ཟིན་ཡོད། སློབ་གྲྭའི་ཉལ་ཁང་གི་རྒྱ་ཁྱོན་སྨི་གྲུ་བཞི་མ36920ཟིན་པ་དང་སློབ་ཁྲིད་ཀྱི་སྲིད་འཛིན་ཁང་པ་སྨི་གྲུ་བཞི་མ17440ཟིན་ཡོད། སློབ་ཁྲིད་ཚན་ཞིབ་སྒྲིག་ཆས་ཀྱི་རིན་ཐང་བསྡོམས་འབོར་སྒོར་ཁྲི535ཟིན་ནས་སློབ་ཁྲིད་ཚན་ཁག5བཙུགས་ཡོད་པ་རེད། མཐོ་རིམ་ལས་རིགས་ཆེད་ལས17གཉེར་བར་དགེ་རྒན་དང་ལས་བཟོ65ཡོད་པ་དང་ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་མཐོ་རིམ་ལས་རིགས་དཀྱུས་མ་དང་འབྲིང་རིམ་ལས་རིགས་སློབ་གྲྭའི་སློབ་མ817ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
福州科技职业技术学院
ཕྱི་ཡིག་གི་མིང་།
Fuzhou Science and Technology College
བཙུགས་ལོ།
སྤྱི་ལོ2001ལོ།
རིགས་དབྱེ།
དམངས་བཙུགས་མཐོ་རིམ་སློབ་གྲྭ།
རྣམ་པ།
རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པ།
ངོ་བོ།
ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་མཐོ་རིམ་ལས་རིགས་སློབ་གྲྭ་དཀྱུས་མ།
གཙོ་གཉེར་སྡེ་ཁག
ཧྥུའུ་ཅན་ཞིང་ཆེན་སློབ་གསོ་ཐིང་།
འགོ་ཁྲིད།
ཏང་ཨུའི་ཧྲུའུ་ཅི། ཝེ་ཕེ་ཚའེ།    གླིང་གཙོ། ལིན་ཅ་ཅ།
སློབ་གླིང་དང་སྡེ་ཁག་བཀོད་སྒྲིག
རྩིས་འཁོར་སྡེ་ཁག་དང་། གློག་རྡུལ་བཟོ་སྐྲུན་སྡེ་ཁག   ཡུལ་སྐོར་སྡེ་ཁག  ཕྱི་སྐད་སྡེ་ཁག   བཟོ་ཚོང་ཉོ་ཚོང་སྡེ་ཁག་བཅས་ཡོད།
གནས་ཡུལ།
ཧྥུའུ་ཅན་ཞིང་ཆེན་ཧྥུའུ་ཀྲོའུ་གྲོང་ཁྱེར་ཚང་ཧྲན་ཆུས་ཀྱི་ཧྲང་ཞ་ལམ་གྱི་ཨང60པ།
སློབ་གྲྭའི་ཚབ་ཨང་།
13769
1 སློབ་གླིང་ངོ་སྤྲོད།  

སློབ་གླིང་ནི་ཧྥུའུ་ཀྲོའུ་གྲོང་ཁྱེར་ཁུལ་དུ་གནས་ཡོད། མཛེས་སྡུག་ལྡན་པའི་རོང་གྲོང་གི་མིང་ཅང་གཙང་པོའི་འགྲམ་ངོགས་ཀྱི་ཧུང་ཧྲན་ཟམ་པའི་ནུབ་སྣེ། ཧྥུའུ་ཅན་ཞིང་ནགས་སློབ་ཆེན་དང་ཐག་ཉེ། འགྲིམ་འགྲུལ་སྟབས་བདེ་ལ་ཁོར་ཡུག་ལེགས་པས་སློབ་མས་སློབ་སྦྱོང་བྱས་ནས་ཤེས་ལྡན་པར་འགྱུར་བའི་ཕུགས་བསམ་གྱི་གནས་ཤིག་ཡིན། སློབ་གླིང་ལ་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་ཚན་ཁག་ཡོད་ལ། ད་དུང་སློབ་ཁྲིད་ཀྱི་ཉམས་མྱོང་ཕུན་སུམ་ཚོགས་པའི་རིགས་གཅིག་མཁས་པ་དང་དགེ་རྒན་ཆེན་མོ་ཁག་ཅིག རིག་གཞུང་གི་སྣེ་འཁྲིད་པ་ཡིན་པ་དང་། ད་དུང་རིགས་པའི་གཞུང་ལུགས་ཀྱི་རྨང་གཞི་བརྟན་པོ་ཡོད་ལ་ལག་ལེན་གྱི་ཉམས་མྱོང་ཕུན་སུམ་ཚོགས་པོ་ཡང་ཡོད་པའི་མཐོ་རིམ་བཟོ་བཀོད་པ་ཁག་ཅིག་དང་དེ་བཞིན་དགེ་རྒན་་གཞོན་དར་ཕུལ་བྱུང་ཅན་ཁག་ཅིག་སྨན་ཁང་དུ་སློབ་ཁྲིད་བྱེད་བཞིན་ཡོད།     སློབ་གླིང་དུ་བརྒྱུད་ལམ་སྣེ་མང་གི་སློབ་ཁང་དང་། སྐད་གདངས་ཁང་། རྩིས་འཁོར་ཚོད་ལྟ་ཁང་། གློག་ལས་གློག་རྡུལ་ཚོད་ལྟ་ཁང་སོགས་བཙུགས་ཡོད། སློབ་མར་སྤུས་ལེགས་ཀྱི་སློབ་ཁང་སློབ་ཁྲིད་དང་ཚོད་ལྟའི་སྒྲིག་བཀོད་དང་དེ་བཞིན་རྩལ་ནུས་སྦྱོང་བརྡར་སྒྲིག་ཆས་མཁོ་འདོན་བྱས། སློབ་གྲྭའི་དོ་དམ་ཚད་ལྡན་དང་སློབ་ཁྲིད་སྤུས་ཚད་ལེགས་པས་རྒྱལ་ཁབ་ཀྱི་ཆེད་ཁེ་ཁག་གཉིས་ཐོབ། གློག་སྐས་ཡན་ལག་ཁང་བཙུགས་ནས་བདག་དབང་ཡོད་པའི་ཀུའུ་ལང་ཡུས་གློག་སྐས་ཐོན་རྫས་ཐོན་སྐྱེད་བྱས།   

2 ལོ་རྒྱུས་འཕེལ་རིམ།   

སྤྱི་ལོ2001ལོར་ཧྥུའུ་ཀྲོའུ་ཚན་རྩལ་ཆེད་སྦྱོང་སློབ་གླིང་བཙུགས།    

སྤྱི་ལོ2004ལོར་ཧྥུའུ་ཀྲོའུ་ཚན་རྩལ་ཆེད་སྦྱོང་སློབ་གླིང་འདི་ཧྥུའུ་ཀྲོའུ་ཚན་རྩལ་ལས་རིགས་ལག་རྩལ་སློབ་གླིང་དུ་རིམ་སྤོར་བྱས།   

སྤྱི་ལོ2010ལོར་ཧྥུའུ་ཀྲོའུ་ཚན་རྩལ་ལས་རིགས་ལག་རྩལ་སློབ་གླིང་དུ་སློབ་མ་བསྡུ་མཚམས་བཞག  

སྤྱི་ལོ2011ལོར་ཧྥུའུ་ཀྲོའུ་ཚན་རྩལ་ལས་རིགས་ལག་རྩལ་སློབ་གླིང་གིས་སློབ་མ་བསྡུ་རྒྱུ་སླར་གསོ་བྱས།     

3 སློབ་གླིང་གི་སྒྲིག་བཀོད།   

སློབ་གླིང་གི་ཚན་སློབ་ཐོག་བརྩེགས་ཁང་ཆེན་དང་། ལས་གཏོད་ཐོག་ཁང་། དཔེ་མཛོད་ཁང་། ཉལ་ཁང་། གཟུགས་ཁང་། ཟ་ཁང་། སྒྲིག་བཀོད་གཞན་དག་བཅས་ཀྱིས་སློབ་མར་སློབ་སྦྱོང་དང་འཚོ་བའི་ཁོར་ཡུག་བཟང་པོ་ཞིག་མཁོ་འདོན་བྱས་ཡོད། སློབ་གླིང་དུ་གློག་ཀླད་དྲ་རྒྱའི་ལྟེ་གནས་དང་། སྨྱན་སྦྱོར་མང་བའི་སློབ་ཁང་། སྐད་གདངས་ཁང་། རྩིས་འཁོར་ཚོད་ལྟ་ཁང་། གློག་ལས་གློག་རྡུལ་ཚོད་ལྟ་ཁང་སོགས་བཙུགས་ཡོད། སློབ་མར་རྩལ་ནུས་སྦྱོང་བརྡར་འདོན་སྤྲོད་བྱས་པའི་དུས་མཚུངས་སུ། ཧྥུའུ་ཀྲོའུ་མཉེན་ཆས་གླིང་ གློག་ཀླད་ལག་རྩལ་ཚད་ཡོད་ཀུང་སིའི་ཕུའུ་རི་ཀུང་སིའི་ཀོང་ཏ་དངུལ་འཛིན་སོགས་ཁེ་ལས་ཆེ་འབྲིང་བཅུ་ལྷག་ཙམ་ཞིབ་དཔྱོད་ཁང་དེའི་དངོས་སྦྱོང་རྟེན་གཞིར་བརྩིས་ནས་སློབ་མར་དངོས་སྦྱོང་གི་ཆ་རྐྱེན་བཟང་པོ་མཁོ་འདོན་བྱས་ཡོད།

4 དགེ་རྒན་གྱི་དཔུང་སྡེ།   

སློབ་གླིང་ལ་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་ཚན་ཁག་ཡོད་ལ། ད་དུང་སློབ་ཁྲིད་ཀྱི་ཉམས་མྱོང་ཕུན་སུམ་ཚོགས་པའི་རིགས་གཅིག་མཁས་པ་དང་དགེ་རྒན་ཆེན་མོ་ཁག་ཅིག་རིག་གཞུང་གི་སྣེ་འཁྲིད་པ་ཡིན་པ་དང་། ད་དུང་རིགས་པའི་གཞུང་ལུགས་ཀྱི་རྨང་གཞི་བརྟན་པོ་ཡོད་ལ་ལག་ལེན་གྱི་ཉམས་མྱོང་ཕུན་སུམ་ཚོགས་པོ་ཡང་ཡོད་པའི་མཐོ་རིམ་བཟོ་བཀོད་པ་དང་དེ་བཞིན་དགེ་རྒན་གཞོན་དར་ཕུལ་བྱུང་ཅན་ཁག་ཅིག་སྨན་ཁང་དུ་སློབ་ཁྲིད་བྱས། དེའི་ནང་དགེ་རྒན་ཆེན་མོ་རྒན་གཞོན་དང་། མཐོ་རིམ་བཟོ་སྐྲུན་དགེ་རྒན། མཐོ་རིམ་རྩིས་པ་ཆེན་མོ་བཅས་ཀྱིས40%ཟིན་ཡོད། ཆེད་བསྐོས་དགེ་རྒན80ལྷག་ཙམ་ཡོད་པ་དང་གོ་མིང་མཐོ་བའི་མི་སྣས47.5%བཟུང་ཡོད།

5 ཕྱི་འབྲེལ།  

ཧྥུའུ་ཀྲོའུ་ཚན་རྩལ་ལས་རིགས་ལག་རྩལ་སློབ་གླིང་གིས་ཧྥི་ལི་ཕིན་རྒྱལ་བཙུགས་ལེ་མོང་མ་སའེ་ཚན་རྩལ་སློབ་ཆེན་དང་ཡུན་རིང་བོར་ཕྱི་རྒྱལ་དུ་སློབ་སྦྱོང་དང་མཉམ་འབྲེལ་གྱི་འབྲེལ་བ་བཙུགས་ནས་ཧྥུའུ་ཀྲོའུ་ཚན་རྩལ་ལས་རིགས་ལག་རྩལ་སློབ་གླིང་གིས་ལོ་འཁོར་གྱི་མཐོ་རིམ་སློབ་འབྲིང་དང་ཆེད་སྦྱོང་ཚན་ཁག་གི་སློབ་ཐོན་སློབ་མ་དངོས་གཞི་ཚན་ཁག་གི་སློབ་རྒྱུས་ཀྱི་ཀྲུང་གོའི་སློབ་གསོ་པུའུ་ཡིས་སློབ་ཐོན་ལག་ཁྱེར་སྤྲད། སྤྱི་ལོ2004ལོའི་ཟླ3པའི་ཚེས25ཉིན་ཁ་ན་ཏའི་ཕུའུ་ལིན་སི་ཏུན་སློབ་གླིང་དང་མཉམ་འབྲེལ་སློབ་གཉེར་གྲོས་མཐུན་ལ་མིང་རྟགས་བཀོད། ཆེད་ལས་སྦྲེལ་མཐུད་ཞིབ་ཕྲ་དང་། སློབ་ཚན་བཀོད་སྒྲིག དབྱིན་ཡིག་གསོ་སྦྱོང་ལ་ཤུགས་སྣོན་རྒྱག་པ་སོགས་ཀྱི་དུས་འགོའི་མཉམ་འབྲེལ་ཞིབ་ཚགས་སུ་གཏོང་བའི་ལས་དོན་གྲ་སྒྲིག་བྱས། སློབ་མ་མགྱོགས་མྱུར་ངང་འཇོན་ཐང་ཅན་དུ་འགྱུར་བར་རྒྱལ་སྤྱི་ཅན་གྱི་མཉམ་འབྲེལ་བགྲོད་ལམ་གཏོད། ཞང་ཀང་གི་ཚན་རྩལ་ཆེད་སྦྱོང་སློབ་གླིང་དུ་སོང་ནས་ངེད་སློབ་གླིང་དང་མཉམ་འབྲེལ་སློབ་གཉེར་གྲོས་མཐུན་བཞག་སྟེ། ཐབས་ལམ་མང་པོའི་མཉམ་འབྲེལ་སློབ་གཉེར་ཐབས་ལམ་གསར་གཏོད་བྱེད་ཆེད། སྤྱི་ལོ2004ལོའི་ཟླ3པའི་ཚེས14ཉིན་ཞང་ཀང་ཚན་རྩལ་ཆེད་སྦྱོང་སློབ་གླིང་དང་མཉམ་འབྲེལ་སློབ་གཉེར་གྲོས་མཐུན་ལ་མིང་རྟགས་བཀོད།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-09-27

གསར་སྤེལ་མཁན། :དཀོན་མཆོག་སྒྲོལ་མ།༡

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།