ཝེ་ཧྥང་གསོ་རིག་སློབ་གླིང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཝེ་ཧྥང་གསོ་རིག་སློབ་གླིང་།
ཝེ་ཧྥང་གསོ་རིག་སློབ་གླིང་ནི་ཧྲན་ཏུང་ཞིང་ཆེན་མངའ་ཁོངས་ཀྱི་ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་མཐོ་རིམ་གསོ་རིག་སློབ་གླིང་དཀྱུས་མ་ཞིག་ཡིན། ཧྲན་ཏུང་ཕྱེད་གླིང་གི་དབུས་ཁུལ་གྱི་ཝེ་ཧྥང་གྲོང་ཁྱེར་དུ་གནས་ཡོད་ལ། ཀྲུང་གོའི་ཕུལ་བྱུང་སྨན་པའི་སློབ་གསོའི་གསོ་སྐྱོང་འཆར་གཞིའི་རྣམ་གྲངས་ཀྱི་ཚོད་ལྟའི་མཐོ་སློབ་དང་། ཧྲན་ཏུང་ཞིང་ཆེན་གྱི་ཉེར་སྤྱོད་རྣམ་པའི་ཤེས་ལྡན་མི་སྣ་གསོ་སྐྱོང་གི་ཁྱད་ཆོས་ལྡན་པའི་སློབ་གྲྭ་གྲགས་ཅན་གྱི་འཛུགས་སྐྲུན་སྡེ་ཚན། ཧྲན་ཏུང་ཞིང་ཆེན་གྱི་ཕུལ་བྱུང་བཟོ་བཀོད་དགེ་རྒན་གྱི་སློབ་གསོའི་གསོ་སྐྱོང་འཆར་གཞིའི་རྣམ་གྲངས་འཛུགས་པའི་སློབ་གྲྭ། ཧྲན་ཏུང་ཞིང་ཆེན་གྱི་འབུམ་རམས་པའི་བསླབ་གནས་སྤྲོད་པའི་རྣམ་གྲངས་འཛུགས་སྐྲུན་སྡེ་ཚན་བཅས་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
潍坊医学院
ཕྱི་ཡིག་གི་མིང་།
Weifang Medical University
བཙུགས་ལོ།
སྤྱི་ལོ1951ལོ།
ངོ་བོ།
གཞུང་སྒྲུབ་སློབ་ཆེན།
རིགས་དབྱེ།
སྨན་གྱི་སྐོར།
གཙོ་གཉེར་སྡེ་ཁག
ཧྲན་ཏུང་ཞིང་ཆེན།
ལས་ཐོག་འགོ་ཁྲིད།
ཏང་ཨུའི་ཧྲུའུ་ཅི། ལི་མིང་། སློབ་གཙོ། ཀོན་དབྱིན་ཅུན།
དངོས་གཞིའི་ཆེད་ལས།
26
རབ་འབྱམས་ཐོབ་ཐང་སྤྲོད་གནས།
རིམ་པ་དང་པོའི་རིག་ཚན8དང་། རིམ་པ་གཉིས་པའི་རིག་ཚན52 ཆེད་ལས་བསླབ་གནས་དབང་སྤྲོད་ཁྱབ་ཁོངས6ཡོད།
འབུམ་རམས་པའི་ཐོབ་ཐང་སྤྲོད་གནས།
རྒྱལ་ཁབ་ཀྱི་དམིགས་བསལ་དགོས་མཁོར་ཞབས་འདེགས་ཞུ་བའི་འབུམ་རམས་པའི་ཤེས་ལྡན་མི་སྣ་གསོ་སྐྱོང་རྣམ་གྲངས1ཡོད།
སློབ་གླིང་དང་སྡེ་ཁག
སྤྱི་བའི་འཕྲོད་བསྟེན་དང་དོ་དམ་སློབ་གླིང་། སྨན་རྫས་སློབ་གླིང་། རྒྱལ་སྤྱིའི་སློབ་གསོའི་སློབ་གླིང་། ཕྱི་སྐད་སྡེ་ཁག བདེ་ཐང་སླར་གསོའི་གསོ་རིག་སྡེ་ཁག མར་ཁེ་སིའི་རིང་ལུགས་སློབ་གླིང་སོགས་སློབ་གླིང་དང་སྡེ་ཁག16ཡོད།
སློབ་བཙུགས་ཉིན་མོ།
ཟླ9བའི་ཚེས15ཉིན།
གནས་ཡུལ།
ཧྥུའུ་ཡན་ཧྲན་སློབ་ཁུལ། ཧྲན་ཏུང་ཞིང་ཆེན་ཝེ་ཧྥང་གྲོང་ཁྱེར་པའོ་ཐུང་ནུབ་ལམ་ཨང166པ། ཡུའུ་ཧུ་སློབ་ཁུལ། ཧྲན་ཏུང་ཞིང་ཆེན་ཝེ་ཧྥང་གྲོང་ཁྱེར་ཧྲེང་ལེ་ཤར་ལམ་ཨང4948པ།
སློབ་གྲྭའི་ཚབ་ཨང་།
10438
གཞུང་ཕྱོགས་དྲ་གནས།
http://www.wfmc.edu.cn
1 ངོ་སྤྲོད།

ཝེ་ཧྥང་གསོ་རིག་སློབ་གླིང་ནི་ཧྲན་ཏུང་ཞིང་ཆེན་མངའ་ཁོངས་ཀྱི་ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་མཐོ་རིམ་གསོ་རིག་སློབ་གླིང་དཀྱུས་མ་ཞིག་ཡིན། ཧྲན་ཏུང་ཕྱེད་གླིང་གི་དབུས་ཁུལ་གྱི་ཝེ་ཧྥང་གྲོང་ཁྱེར་དུ་གནས་ཡོད་ལ། ཀྲུང་གོའི་ཕུལ་བྱུང་སྨན་པའི་སློབ་གསོའི་གསོ་སྐྱོང་འཆར་གཞིའི་རྣམ་གྲངས་ཀྱི་ཚོད་ལྟའི་མཐོ་སློབ་དང་། ཧྲན་ཏུང་ཞིང་ཆེན་གྱི་ཉེར་སྤྱོད་རྣམ་པའི་ཤེས་ལྡན་མི་སྣ་གསོ་སྐྱོང་གི་ཁྱད་ཆོས་ལྡན་པའི་སློབ་གྲྭ་གྲགས་ཅན་གྱི་འཛུགས་སྐྲུན་སྡེ་ཚན། ཧྲན་ཏུང་ཞིང་ཆེན་གྱི་ཕུལ་བྱུང་བཟོ་བཀོད་དགེ་རྒན་གྱི་སློབ་གསོའི་གསོ་སྐྱོང་འཆར་གཞིའི་རྣམ་གྲངས་འཛུགས་པའི་སློབ་གྲྭ། ཧྲན་ཏུང་ཞིང་ཆེན་གྱི་འབུམ་རམས་པའི་བསླབ་གནས་སྤྲོད་པའི་རྣམ་གྲངས་འཛུགས་སྐྲུན་སྡེ་ཚན་བཅས་ཡིན།

སྤྱི་ལོ2018ལོའི་ཟླ6པའི་བར་སློབ་གྲྭར་ཧྥུའུ་ཡན་ཧྲན་དང་ཡུའུ་ཧོ་སློབ་ཁུལ་གཉིས་ཡོད་པ་དང་། ས་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི20ཡོད་པ་དང་། འཛུགས་སྐྲུན་གྱི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི63ལྷག་ཙམ་ཟིན་པ་དང་དཔེ་མཛོད་ཁང་དུ་དཔེ་དེབ་ཁྲི380ལྷག་ཙམ་ཉར་ཚགས་བྱས་པ། དགེ་རྒན་དང་ལས་བཟོ་བ་ཁྱོན1500ལྷག་ཙམ་ཡོད་པ་དང་། སློབ་གྲྭར་ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་འབུམ་རམས་པའི་ཞིབ་འཇུག་སློབ་མ17དང་། རབ་འབྱམས་པའི་ཞིབ་འཇུག་སློབ་མ1300ལྷག་ཙམ། དངོས་གཞིའི་ཚན་ཁག་གི་སློབ་མ13000ལྷག་ཙམ། ཕྱི་སྦྱོང་སློབ་མ200ལྷག་ཙམ་བཅས་ཡོད། ལུ་ཏའོ་དཔེ་ཁང་དང་། ཅི་ཧྲི་དཔེ་ཁང་། ཁུང་ཙི་སློབ་གྲྭ་བཅས་ཡོད། ཞིང་ཆེན་རིམ་པའི་ཞིབ་འཇུག་སློབ་མའི་མཉམ་འབྲེལ་གསོ་སྐྱོང་རྟེན་གཞི13དང་། ཞོར་གཏོགས་སྨན་ཁང17 སྨན་ཁང(ཚན་ཁག)16 དངོས་གཞིའི་ཚན་ཁག་གི་ཆེད་ལས26བཅས་ཡོད། རྒྱལ་ཁབ་ཀྱི་དམིགས་བསལ་དགོས་མཁོར་ཞབས་འདེགས་ཞུ་བའི་འབུམ་རམས་པའི་ཤེས་ལྡན་མི་སྣ་གསོ་སྐྱོང་རྣམ་གྲངས1དང་། རབ་འབྱམས་པའི་ཡོན་གནས་སྤྲོད་དབང་ཡོད་པའི་རིམ་པ་དང་པོའི་རིག་ཚན8 རིམ་པ་གཉིས་པའི་རིག་ཚན་གྱི་རབ་འབྱམས་པའི་ས་ཚིགས52བཅས་ཡོད།

2 ལོ་རྒྱུས་འཕེལ་རིམ།

ཝེ་ཧྥང་གསོ་རིག་སློབ་གླིང་གི་ལོ་རྒྱུས་འབྱུང་ཁུངས་ནི་དུས་རབས19པའི་དུས་མཇུག་དང་དུས་རབས20པའི་དུས་འགོར་ཝེ་རྫོང་ལུ་ཏའོ་སློབ་གླིང་གིས་བཙུགས་པའི་ལུ་ཏའོ་སྨན་ཁང་དང་ཝེ་རྫོང་ཨ་རིའི་རྒན་རྒོན་ཚོགས་པའི་སྨན་ཁང་ཡིན།

སྤྱི་ལོ1951ལོར་ཧྲན་ཏུང་ཞིང་ཆེན་མི་དམངས་སྲིད་གཞུང་འཕྲོད་བསྟེན་ཐིང་གིས་ཧྭ་ཏུང་དམག་སྲིད་ཨུ་ཡོན་ལྷན་ཁང་གི་འཕྲོད་བསྟེན་པུའུ་ཡི་བཀའ་ལྟར་ཁྲང་ཝེ་ཆུས་ཀྱི་ལྟེ་བའི་འཕྲོད་བསྟེན་ཁང་ལ་ཧྲན་ཏུང་ཞིང་ཆེན་ཁྲང་ཡུའུ་སྨན་པའི་སློབ་གྲྭ་གྲབས་འཛུགས་བྱེད་དགོས་པའི་བཀའ་ཕབ་པ་དང་། སྤྱི་ལོ1958ལོར་དངོས་གཞིའི་ཚན་ཁག་གི་སློབ་གསོ་བྱེད་འགོ་ཚུགས།

སྤྱི་ལོ1986ལོར་རབ་འབྱམས་པའི་ཡོན་གནས་སྤྲོད་དབང་ཡོད།

སྤྱི་ལོ1998ལོར་ཕྱི་རྒྱལ་གྱི་སློབ་མ་བསྡུ་བའི་ཐོབ་ཐང་ཐོབ་ཡོད།

སྤྱི་ལོ2008ལོར་ཕུལ་བྱུང་གྲུབ་འབྲས་ལ་བརྟེན་ནས་སློབ་གསོ་པུའི་དངོས་གཞིའི་ཚན་ཁག་གི་སློབ་ཁྲིད་ལས་ཀའི་ཆུ་ཚད་ལ་དཔྱད་དཔོག་བྱས་པ་བརྒྱུད། སྤྱི་ལོ2012ལོར་རྒྱལ་ཁབ་ཀྱི་དམིགས་བསལ་དགོས་མཁོར་ཞབས་འདེགས་ཞུ་བའི་འབུམ་རམས་པའི་ཤེས་ལྡན་མི་སྣ་གསོ་སྐྱོང་རྣམ་གྲངས་ཚན་པར་ཆོག་མཆན་ཐོབ།

སྤྱི་ལོ2012ལོར་སློབ་གྲྭས་རྒྱལ་ཁབ་ཀྱི་དམིགས་བསལ་དགོས་མཁོར་ཞབས་འདེགས་ཞུ་བའི་འབུམ་རམས་པའི་ཤེས་ལྡན་མི་སྣ་གསོ་སྐྱོང་རྣམ་གྲངས་ཚན་པར་ཆོག་མཆན་ཐོབ་པ་དང་། ལོ་དེར་ཀྲུང་གོའི་སློབ་གསོ་པུའུ་དང་འཕྲོད་བསྟེན་པུའུ་ཡིས་རྒྱལ་ཡོངས་ཀྱི“ཕུལ་བྱུང་སྨན་པའི་སློབ་གསོ་གསོ་སྐྱོང་འཆར་གཞིའི་རྣམ་གྲངས”ཀྱི་ཚོད་ལྟའི་མཐོ་སློབ་ཁག་དང་པོར་ཆོག་མཆན་གནང་།

སྤྱི་ལོ2013ལོར་འབུམ་རམས་པའི་ཞིབ་འཇུག་སློབ་མ་བསྡུ་འགོ་ཚུགས།

སྤྱི་ལོ2017ལོར་ཧྲན་ཏུང་ཞིང་ཆེན་གྱི་འབུམ་རམས་པའི་སློབ་གནས་སྤྲོད་པའི་རྣམ་གྲངས་འཛུགས་པའི་ཚན་པའི་ཆོག་མཆན་ཐོབ།    

སྤྱི་ལོ2019ལོའི་ཟླ11པར་ཧྲན་ཏུང་ཞིང་ཆེན་སློབ་གསོ་ཐིང་དང་། ཧྲན་ཏུང་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་། ཝེ་ཧྥང་གྲོང་ཁྱེར་མི་དམངས་སྲིད་གཞུང་བཅས་ཀྱིས་ཝེ་ཧྥང་གསོ་རིག་སློབ་གླིང་མཉམ་སྐྲུན་བྱ་རྒྱུའི་གན་རྒྱ་བཞག    

སྤྱི་ལོ2020ལོའི་ཟླ་དང་པོར་སློབ་གྲྭས་ཝེ་ཧྥང་གྲོང་ཁྱེར་མི་དམངས་སྨན་ཁང་དུ་ཝེ་ཧྥང་གསོ་རིག་སློབ་གླིང་གི་ཞོར་གཏོགས་སྨན་ཁང་དང་པོའི་སྒོ་བྱང་འགེལ་བའི་མཛད་སྒོ་འཚོགས་པ་དང་། ཝེཧྥང་གྲོང་ཁྱེར་མ་བུ་འཕྲོད་སྦྱོར་ཁང་དུ་ཝེ་ཧྥང་གསོ་རིག་སློབ་གླིང་གི་མ་བུ་འཕྲོད་སྦྱོར་ཁང་གི་སྒོ་བྱང་འགེལ་བའི་མཛད་སྒོ་འཚོགས།

3 སློབ་སྒྲུབ་ཆ་རྐྱེན།
3_1 སློབ་གླིང་དང་སྡེ་ཁག

སྤྱི་ལོ2018ལོའི་ཟླ6པའི་བར་སློབ་གྲྭར་སློབ་གླིང(སྡེ་ཁག)16བཙུགས་ཡོད་པ་དང་། དངོས་གཞིའི་ཚན་ཁག་གི་ཆེད་ལས26གཉེར་བའི་ནང་གསོ་རིག་དང་། རང་བྱུང་ཚན་རིག དོ་དམ་རིག་པ། ཁྲིམས་ལུགས་རིག་པ་སོགས་རིག་ཚན་ཆེ་གྲས7ཚུད་ཡོད། ལུ་ཏའོ་དཔེ་ཁང་དང་། ཅི་ཧྲི་དཔེ་ཁང་། ཁུང་ཙི་སློབ་གྲྭ་བཅས་ཡོད་པ་དང་། ཝེ་ཧྥང་གསོ་རིག་སློབ་གླིང་གི་ཞོར་གཏོགས་སྨན་ཁང་སོགས་ཞོར་གཏོགས་སྨན་ཁང17ཡོད།

3_2 རིག་ཚན་འཛུགས་སྐྲུན།    

སྤྱི་ལོ2018ལོའི་ཟླ6པའི་བར་སློབ་གྲྭར་ཀྲུང་གོའི་རྒྱལ་ཁབ་ཀྱི་དམིགས་བསལ་དགོས་མཁོར་ཞབས་འདེགས་ཞུ་བའི་འབུམ་རམས་པའི་ཤེས་ལྡན་མི་སྣ་གསོ་སྐྱོང་རྣམ་གྲངས1དང་། རབ་འབྱམས་པའི་བསླབ་གནས་སྤྲོད་དབང་ཡོད་པའི་རིམ་པ་དང་པོའི་རིག་ཚན8 རིམ་པ་གཉིས་པའི་རིག་ཚན་གྱི་རབ་འབྱམས་པ་གསོ་སྐྱོང་ས་ཚིགས52བཅས་ཡོད་པ་དང་། ཧྲན་ཏུང་ཞིང་ཆེན་གྱི་གཙོ་གནད་རིག་ཚན13ཡོད། ཧྲན་ཏུང་ཞིང་ཆེན་གྱི་སྨན་བཅོས་འཕྲོད་བསྟེན(ཀྲུང་ལུགས་གསོ་རིག་སྨན་རྫས)གཙོ་གནད་རིག་ཚན14དང་། ཧྲན་ཏུང་ཞིང་ཆེན་གྱི་ནད་ཐོག་སྨན་བཅོས(ཀྲུང་ལུགས་གསོ་རིག་སྨན་རྫས)གཙོ་གནད་ཆེད་ཚན14བཅས་ཡོད།

3_3 དགེ་རྒན་གྱི་དཔུང་སྡེ།

སྤྱི་ལོ2018ལོའི་ཟླ6པའི་བར་སློབ་གྲྭར་དགེ་རྒན་དང་ལས་བཟོ་བ1500ལྷག་ཙམ་ཡོད་པ་དང་། “ཐའེ་ཧྲན་མཁས་དབང”ཆེད་མངགས་གདན་ཞུ་བྱས་པའི་རིགས་གཅིག་མཁས་པ8དང་། ཐའེ་ཧྲན་ཐོན་ལས་ཀྱི་སྣེ་ཁྲིད་ཤེས་ལྡན་པ2ཡོད། ཀྲུང་གོའི་སློབ་གསོ་པུའུ་ཡི་དུས་རབས་གསར་པའི་ཕུལ་བྱུང་ཤེས་ལྡན་མི་སྣ2ཡོད་པ་དང་། ཀྲུང་གོའི་རྒྱལ་སྲིད་སྤྱི་ཁྱབ་ཁང་དང་སྲིད་གཞུང་གི་དམིགས་བསལ་ཕོགས་སྣོན་ཐོབ་མཁན10ཡོད། རྒྱལ་ཡོངས་ཀྱི་མིག་དཔེ་དང་ཕུལ་བྱུང་དགེ་རྒན8 ཞིང་ཆེན་རིམ་པའི་སློབ་ཁྲིད་དགེ་རྒན་གྲགས་ཅན8ཡོད། ཞིང་ཆེན་དང་གྲོང་ཁྱེར་རིམ་པའི་ཆེད་ལས་ལག་རྩལ་གྱི་རྩེར་སོན་ཤེས་ལྡན་པ35དང་འབུམ་རམས་པའི་ཞིབ་འཇུག་སློབ་མའི་སློབ་དཔོན22  ཞིབ་འཇུག་སློབ་མའི་སློབ་དཔོན705བཅས་ཡོད།

3_4 སློབ་ཁྲིད་འཛུགས་སྐྲུན།    

སྤྱི་ལོ2018ལོའི་ཟླ6པའི་བར་སློབ་གྲྭར་ཀྲུང་གོའི་རྒྱལ་ཁབ་རིམ་པའི་ཁྱད་ལྡན་ཆེད་ལས4ཡོད་པ་དང་། ཀྲུང་གོའི་རྒྱལ་ཁབ་རིམ་པའི་རྟོག་བཀོད་འདྲ་བཟོའི་ཚོད་ལྟའི་སློབ་ཁྲིད་ལྟེ་གནས1དང་། ཧྲན་ཏུང་ཞིང་ཆེན་གྱི་ཆུ་ཚད་མཐོ་བའི་ཉེར་སྤྱོད་རྣམ་པའི་གཙོ་གནད་འཛུགས་སྐྲུན་ཆེད་ལས(ཚོགས)3 ཧྲན་ཏུང་ཞིང་ཆེན་གྱི་ཁྱད་ཆོས་དང་སྤུས་རྟགས་ཀྱི་ཆེད་ལས9བཅས་ཡོད།    

སྤྱི་ལོ2017ལོའི་ཟླ1པོར། ཀྲུང་གོ་ཚན་རིག་གདེང་འཇོག་ཞིབ་འཇུག་ལྟེ་གནས་སོགས་ཀྱིས་མཉམ་འབྲེལ་ཐོག་ཁྱབ་བསྒྲགས་བྱས་པའི་ཀྲུང་གོའི་སློབ་ཆེན་གྱི་དངོས་གཞིའི་ཚན་ཁག་གི་ཆེད་ལས་ཨང་རིམ་ནང་སློབ་གྲྭའི་སྤྱི་པའི་བྱ་གཞག་དོ་དམ་ཆེད་ལས་དང་སྦྲིད་སྨན་རིག་པའི་ཆེད་ལས་ཁག་སོ་སོར་རྒྱལ་ཡོངས་ཀྱི་རིགས་འདྲའི་ཆེད་ལས་ཨང་གསུམ་པའི་གྲས་སུ་ཚུད་ཡོད།

4 རིག་གཞུང་ཞིབ་འཇུག    
4_1 ཚན་ཞིབ་ལས་ཁུངས།

སྤྱི་ལོ2018ལོའི་ཟླ6པའི་བར་སློབ་གྲྭར་ཧྲན་ཏུང་ཞིང་ཆེན་གྱི་གཙོ་གནད་ཚོད་ལྟ་ཁང13ཡོད་པ་དང་། ཧྲན་ཏུང་ཞིང་ཆེན་གྱི་སྨན་བཅོས་འཕྲོད་བསྟེན(ཀྲུང་ལུགས་གསོ་རིག་སྨན་རྫས)གཙོ་གནད་ཚོད་ལྟ་ཁང14དང་། ཧྲན་ཏུང་ཞིང་ཆེན་གྱི་མཐོ་རིམ་སློབ་གྲྭ3གྱིས་གསར་གཏོད་ལྟེ་གནས་མཐུན་སྦྱོར་བྱས། “ལོ་ལྔའི་འཆར་འགོད་བཅུ་གསུམ་པའི”རིང་ཧྲན་ཏུང་ཞིང་ཆེན་གྱི་མཐོ་རིམ་སློབ་གྲྭའི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་དང་སྤྱི་ཚོགས་ཚན་རིག་ཞིབ་འཇུག་རྟེན་གཞི1 དབང་པོ་བཅོས་བཟོའི་ཕྱི་ནད་ཚན་ཁག་གི་ཞིབ་འཇུག་ཁང་དང་། སྤྱི་པའི་འཕྲོད་བསྟེན་ཉམས་ཉེན་དོ་དམ་ཞིབ་འཇུག་ཁང་། སྐྲན་ནད་འགོག་བཅོས་ཞིབ་འཇུག་ཁང་བཅས་བཙུགས་ཡོད།

4_2 ཚན་ཞིབ་གྲུབ་འབྲས།    

སྤྱི་ལོ2009ལོ་ནས་སྤྱི་ལོ2014ལོའི་བར་སློབ་གྲྭར་ཚན་རྩལ་གྲུབ་འབྲས་བྱ་དགའ559ཐོབ་པའི་ནང་ཞིང་ཆེན་དང་པུའུ་རིམ་པའི་བྱ་དགའ་ཨང་གཉིས་པ3དང་བྱ་དགའ་ཨང་གསུམ་པ17ཐོབ་པ་དང་། སློབ་གྲྭ་ཀྲུང་གོའི་རྒྱལ་ཁབ་ཀྱི་རྣམ་གྲངས་གལ་ཆེན་གྱི་མཉམ་ལས་ཞིབ་འཇུག་ལ་ཞུགས་པ་དང་། “973”དང“863”གྱི་ཡན་ལག་ཞིབ་འཇུག་དཔྱད་གཞི3ཐོབ་པ་དང་། ཀྲུང་གོའི་རྒྱལ་ཁབ་ཀྱི་མེ་སྟག་འཆར་གཞི1ཐོབ་པ། ཀྲུང་གོའི་རྒྱལ་ཁབ་རིམ་པའི་ཞིབ་འཇུག་དཔྱད་གཞི47གྱི་འགན་འཁུར་བ་དང་། ཞིང་ཆེན་དང་པུའུ་རིམ་པའི་ཞིབ་འཇུག་དཔྱད་གཞི179ཡོད་པ། རྒྱལ་ཁབ་ཀྱིས་དབང་ཆ་སྤྲད་པའི་ཁེ་བེད་བདག་ཐོབ39ཐོབ་པ། བརྩམས་ཆོས128 ཀྲུང་གོའི་རྒྱལ་ཁབ་ཕྱི་ནང་གི་རིག་གཞུང་དུས་དེབ་ཐོག་ཡོངས་བསྒྲགས་ཐོག་དཔྱད་རྩོམ5000ལྷག་ཡོད།

སློབ་གསོ་པུའི་ཚན་རིག་ལག་རྩལ་སི་ཡིས་ཁྱབ་བསྒྲགས་བྱས་པའི་བསྡོམས་རྩིས་བརྟག་དཔྱད་ཡིག་ཆའི་ཐོག་ནས་མངོན་པར། སྤྱི་ལོ2010ལོ་ནས་སྤྱི་ལོ2017ལོའི་བར། ཝེ་ཧྥང་གསོ་རིག་སློབ་གླིང་གི་ཚན་རྩལ་འགྲོ་གྲོན་ཁྱོན་སྒོར་ཁྲི29873.5ཡོད་པ་དང་ཚན་རྩལ་ཞིབ་འཇུག་དཔྱད་གཞི་ཁྱོན2382ཡོད་པ་དང་། རིག་གཞུང་དཔྱད་རྩོམ་ཁྱོན9054སྤེལ་བ་དང་གྲུབ་འབྲས་བྱ་དགའ་ཁག34ཐོབ་ཡོད།

5 རིག་གཞུང་ཐོན་ཁུངས།    
5_1 ཉར་ཚགས་ཐོན་ཁུངས།

སྤྱི་ལོ2018ལོའི་ཟླ7པར་སློབ་གྲྭའི་དཔེ་མཛོད་ཁང་གི་གཞུང་ཕྱོགས་དྲ་ཚིགས་ཐོག་མངོན་པར་གཞིགས་ན། དཔེ་མཛོད་ཁང་དུ་ཉར་ཚགས་བྱས་པའི་དཔེ་ཆ་ཁྲི380ལྷག་དང་། ཤོག་བུའི་དཔེ་དེབ་ཁྲི140ལྷག་ཙམ། གློག་རྡུལ་དཔེ་དེབ་ཁྲི240ཙམ་ཟིན་པ། ཀྲུང་གོ་དང་ཕྱི་རྒྱལ་གྱི་ཡི་གེའི་དུས་དེབ་རིགས1080ཡོད་པ་དང་། CNKIགྲངས་གཞིའི་མཛོད་དང་། ཝེ་ཕུའུ་དུས་དེབ་ཀྱི་རྩོམ་ཡོངས་དུས་དེབ་ཀྱི་གྲངས་གཞིའི་མཛོད། སྐར་བརྒལ་གློག་རྡུལ་དཔེ་དེབ། སྐར་བརྒལ་མཛེས་དཔྱད་དཔེ་དེབ། ཞིན་ཏུང་ཧྥང་གྲངས་གཞིའི་མཛོད། ཅི་ནན་ཆོན་ཧྥངPubMed/Medlineཚད་ལྡན་ཡིག་ཆའི་ཞབས་ཞུའི་མ་ལག འཇར་མན་གྱི་Springerlinkགྲངས་གཞིའི་མཛོད། ཨ་རིའིEBSCOརྩོམ་ཡོངས་ཀྱི་གྲངས་གཞིའི་མཛོད་སོགས་ཀྲུང་ཕྱིའི་ཡི་གེའི་གཞི་གྲངས་མཛོད35ཡོད།

5_2 རིག་གཞུང་དུས་དེབ།    

《ཝེ་ཧྥང་གསོ་རིག་སློབ་གླིང་གི་རིག་གཞུང་ཚགས་པར》དེ་སྤྱི་ལོ1979ལོར་གསར་འདོན་བྱས་པ་དང་། ཟླ་གཉིས་རེའི་དུས་དེབ་ཅིག་ཡིན། གཙོ་བོ་རྨང་གཞིའི་གསོ་རིག་དང་། ནད་ཐོག་གསོ་རིག ཚོད་ལྟའི་གསོ་རིག ཉམས་མྱོང་སྤེལ་རེས། གཏམ་ཐུང་འཕྲིན་སྤེལ། ནད་སྐྱོང་རིག་པ། ལག་རྩལ་གསར་བཅོས། ནད་དཔེ་སྙན་ཞུ། ཞིབ་འཇུག་གསར་འགྱུར་གནད་བསྡུས་སོགས་ཀྱི་ལེ་ཚན་ཡོད།

རིག་གཞུང་ཚགས་པར་དེ་ཆིང་ཧྭ་སློབ་ཆེན་གྱི་གློག་རྡུལ་དུས་དེབ་ཁང་གི་འོད་སྡེར་ནང་ཞུགས་ཡོད། ཀྲུང་གོའི་རྒྱལ་ནང་གི་གསོ་རིག་རྩོམ་འབྲིའི་དུས་དེབ་དང་གསོ་རིག་གསལ་བྱང་དུས་དེབ་མང་ཆེ་བས་བསྡུས་ཤིང་། སྤྱི་ལོ2000ལོར《CAJ-CDཚད་གཞི》ལག་བསྟར་བྱས་པའི་ཕུལ་བྱུང་བྱ་དགའ་ཐོབ། སྤྱི་ལོ2007ལོ་ནས་སྤྱི་ལོ2016ལོའི་བར་ཧྲན་ཏུང་ཞིང་ཆེན་གསར་འགྱུར་དཔེ་སྐྲུན་ཅུའུ་ཡིས་ཧྲན་ཏུང་ཞིང་ཆེན་གྱི་ཕུལ་བྱུང་ཚན་རྩལ་དུས་དེབ་ལ་ཐེངས་མང་བདམས།

6 ​གཟི་བརྗིད་མཚན་སྙན།

ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་མཐོ་རིམ་སློབ་གྲྭ་དཀྱུས་མ་དང་།    ཕུལ་བྱུང་སྨན་པའི་སློབ་གསོ་གསོ་སྦྱོང་འཆར་གཞིའི་རྣམ་གྲངས་ཚོད་ལྟའི་མཐོ་སློབ།    ཧྲན་ཏུང་ཞིང་ཆེན་གྱི་བཀོལ་སྤྱོད་རྣམ་པའི་ཤེས་ལྡན་མི་སྣ་གསོ་སྐྱོང་གི་ཁྱད་ལྡན་གྲགས་ཅན་སློབ་གྲྭ་འཛུགས་སྐྲུན་ཚན་པ། ཧྲན་ཏུང་ཞིང་ཆེན་གྱི་ཕུལ་བྱུང་བཟོ་བཀོད་པའི་སློབ་གསོ་གསོ་སྐྱོང་འཆར་གཞིའི་རྣམ་གྲངས་སློབ་གྲྭ་བཅས་ཀྱི་མཚན་སྙན་ལྡན།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-09-25

གསར་སྤེལ་མཁན། :སེང་ལྡེང་མཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།