ཞ་མོན་བཟོ་ལས་སློབ་གླིང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཞ་མོན་བཟོ་ལས་སློབ་གླིང་།
ཞ་མོན་བཟོ་ལས་སློབ་གླིང(XiamenInstituteofTechnology)ནི་སློབ་གསོ་པུའུ་ཡིས་ཆོག་མཆན་ཐོབ་ནས་བཙུགས་པའི་དམངས་གཉེར་ཉིན་ཧྲིལ་པོའི་ལམ་ལུགས་ཀྱི་དངོས་གཞི་ཚན་ཁག་གི་སློབ་གླིང་དཀྱུས་མ་དང་ཧྥུའུ་ཅནཞིང་ཆེན་གྱི་ཁག་གསུམ་པའི1+Xལག་ཁྱེར་ལམ་ལུགས་ཀྱི་ཚོད་ལྟའི་སློབ་གླིང་ཞིག་ཡིན། དེ་སྔའི་སློབ་གྲྭ་ནི་སྤྱི་ལོ2009ལོར་བཙུགས་པའི་རང་ཚུགས་སློབ་གླིང་སྟེ་ཞ་མོན་སློབ་ཆེན་ཞ་མོན་བཟོ་རིག་སློབ་གླིང་ཡིན་པ་དང་། ལོའི་ཟླ་བཞི་པར་སློབ་གསོ་པུའུ་ཡིས་ཆོག་མཆན་གནང་ནས་རང་ཚུགས་སུ་བཙུགས་པའི་དམངས་གཉེར་དངོས་གཞིའི་ཚན་ཁག་གི་མཐོ་སློབ་དཀྱུས་མ་བཙུགས་པ་དང་འབྲེལ་མིང་ལ་ཞ་མོན་བཟོ་ལས་སློབ་གླིང་ཞེས་བཏགས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
厦门工学院
ཕྱི་ཡིག་གི་མིང་།
Xiamen Institute of Technology
བཙུགས་ལོ།
སྤྱི་ལོ2009ལོ།
རིགས་དབྱེ།
དམངས་བཙུགས་མཐོ་རིམ་སློབ་གྲྭ།
རྣམ་པ།
རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སྐོར།
གཙོ་གཉེར་སྡེ་ཁག
ཧྥུའུ་ཅན་ཞིང་ཆེན་སློབ་གསོ་ཐིང་།
འགོ་ཁྲིད།
ཏང་ཨུའི་ཧྲུའུ་ཅི།    ལིན་ཅན་ཧྭ།    སློབ་གཙོ།    ཐེན་ཏུང་ཕིང་།
སློབ་གླིང་དང་སྡེ་ཁག་བཀོད་སྒྲིག
འཕྲུལ་ཆས་དང་བཟོ་སྐྲུན་བཟོ་སྐྲུན་སློབ་གླིང་སོགས་སློབ་ཁྲིད་སྡེ་ཚན10བཙུགས་ཡོད།
གནས་ཡུལ།
ཧྥུའུ་ཅན་ཞིང་ཆེན་ཞ་མོན་གྲོང་ཁྱེར་ཅི་མེ་ཝུན་སློབ་ཁུལ་སུན་པེན་ལྷོ་ལམ་གྱི་ཨང1251པ།
སློབ་གྲྭའི་ཚབ་ཨང་།
13115
1 ​ལོ་རྒྱུས་འཕེལ་རིམ། 

སྤྱི་ལོ2009ལོར་ཞ་མོན་སློབ་ཆེན་ཞ་མོན་བཟོ་ལས་སློབ་གླིང་བཙུགས་པ་རེད།  

སྤྱི་ལོ2013ལོའི་ཟླ་5པར་ཞ་མོན་སློབ་ཆེན་ཞ་མོན་བཟོ་ལས་སློབ་གླིང་གིས་ཤེས་རམས་པའི་ཡོན་གནས་སྤྲོད་པའི་ཚན་པའི་གྲས་སུ་བཅུག    

སྤྱི་ལོ2015ལོའི་ཟླ་4པར་ཞ་མོན་སློབ་ཆེན་ནི་ཞ་མོན་བཟོ་རིག་སློབ་གླིང་དུ་བཙུགས་ཡོད།     

སྤྱི་ལོ2020ལོའི་ཟླ6པར་སློབ་གྲྭ་འདི་ཧྥུའུ་ཅན་ཞིང་ཆེན་གྱི་ཁག་གསུམ་པའི1+Xལག་ཁྱེར་ལམ་ལུགས་ཀྱི་ཚོད་ལྟའི་སློབ་གླིང་དུ་གྱུར་ཡོད།   

2 སློབ་གླིང་དང་སྡེ་ཁག་བཀོད་སྒྲིག

སྤྱི་ལོ2019ལོའི་ཟླ8པའི་བར། སློབ་གྲྭར་སློབ་ཁྲིད་ཚན་པ10བཙུགས་པ་དང་དངོས་གཞི་ཚན་ཁག་གི་ཆེད་ལས33བཙུགས་ཡོད།   

3 དགེ་རྒན་གྱི་དཔུང་སྡེ།   

སྤྱི་ལོ2019ལོའི་ཟླ8པའི་བར་སློབ་གྲྭར་ཆེད་བསྐོས་དགེ་རྒན573ཡོད་པ་དང་། དེའི་ནང་ཆེད་བསྐོས་དགེ་རྒན་ལ་རབ་འབྱམས་པ་དང་འབུམ་རམས་པའི་སློབ་གནས་ཡོད་པའི་དགེ་རྒན་གྱིས89.07%བཟུང་བ་དང་མཐོ་རིམ་ཆེད་ལས་ལག་རྩལ་གྱི་གོ་གནས་ཡོད་པའི་དགེ་རྒན119ཡོད་པ་དེས་བསྡུར་གྲངས33.06%བཟུང་ཡོད། དགེ་རྒན་གྱི་དཔུང་ཁག་ཁྲོད། གདན་འདྲེན་ཞུས་པའི་ཡོན་ཧྲི3དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་དང་སྲིད་གཞུང་གི་དམིགས་བསལ་ཕོགས་སྣོན་ཐོབ་པའི་ཆེད་མཁས་པ2  དུས་རབས་གསར་པའི་ཕུལ་བྱུང་ཤེས་ལྡན་མི་སྣའི་རྒྱབ་སྐྱོར་འཆར་གཞི1  ཞིང་ཆེན་མཐོ་རིམ་སློབ་གྲྭས་དུས་རབས་གསར་པའི་ཕུལ་བྱུང་ཤེས་ལྡན་མི་སྣར་རྒྱབ་སྐྱོར་འཆར་གཞི3  ཞིང་ཆེན་མཐོ་རིམ་སློབ་གྲྭའི་ཕུལ་བྱུང་ན་གཞོན་ཚན་ཞིབ་ཤེས་ལྡན་མི་སྣ་གསོ་སྐྱོང་འཆར་གཞི8   འབུམ་རམས་པའི་སློབ་དཔོན་དང་རབ་འབྱམས་པའི་སློབ་དཔོན་གྱི་འགན་འཁུར་མྱོང་བའི་མི47   ཞིང་ཆེན་རིམ་པའི་སློབ་ཁྲིད་ཚོགས་པ2བཅས་ཡོད།

4 ཚན་རིག་ཞིབ་འཇུག་གི་གྲུབ་འབྲས།     

སྤྱི་ལོ2020ལོའི་ཟླ8པར་སློབ་གྲྭའི་གཞུང་ཕྱོགས་དྲ་ཚིགས་ལས་སློབ་གྲྭར་འཕྲེད་ཕྱོགས་ཀྱི་ཞིབ་འཇུག་བྱ་གཞི7ཆོག་མཆན་ཐོབ།  

སྤྱི་ལོ2019ལོའི་ཟླ9པའི་བར། སློབ་གྲྭས་ཁྱོནSCLདཔྱད་རྩོམ29སྤེལ་བ་དང་དངོས་སྤྱོད་དཔེ་གསར་རིགས་ཀྱི་ཁེ་བེད་བདག་ཐོབ14དང་། གསར་གཏོད་རིགས་ཀྱི་ཁེ་བེད་བདག་ཐོབ6  ཕྱི་ངོས་ཀྱི་ཁེ་བེད་བདག་ཐོབ་བཅས་ཁག3དབང་སྤྲོད་བྱས་ཡོད། དབང་བཅོལ་རྩིས་འཁོར་མཉེན་ཆས་ཀྱི་རྩོམ་དབང་ཁག11ཡོད།

5 མཉམ་འབྲེལ་དང་བརྗེ་རེས།   

སྤྱི་ལོ2019ལོའི་ཟླ8པའི་བར། སློབ་གྲྭ་དང་ཞི་ཨན་འགྲིམ་འགྲུལ་སློབ་ཆེན་དང་། ཞ་མོན་སློབ་ཆེན་སོགས་ཀྲུང་གོའི་རྒྱལ་ནང་གི་མཐོ་སློབ་དབར་མཉམ་འབྲེལ་གྱི་འབྲེལ་བ་བཙུགས་པ་དང་མཉམ་དུ་ཞིབ་འཇུག་སྒྲིག་གཞི་བཙུགས་ཡོད་ཅིང་མཉམ་འབྲེལ་གྱིས་ཤེས་ལྡན་མི་སྣ་གསོ་སྐྱོང་བྱས། དབྱིན་ཇི་དང་། ཁ་ན་ཏ། ཨ་མེ་རི་ཀ་སོགས་རྒྱལ་ཁབ་ཀྱི་མཐོ་རིམ་སློབ་གྲྭ་ཁག་ཅིག་དང་མཉམ་འབྲེལ་གྱི་འབྲེལ་བ་བཙུགས། སློབ་གྲྭའི་ནང་ཁུལ་དུ་རྒྱལ་སྤྱི་ཅན་གྱི་སློབ་ཁྲིད་ཚོད་ལྟ་བྱས། ཁེ་ལས་མང་པོ་དང་མཉམ་ལས་ཀྱི་འབྲེལ་བ་བཙུགས་ནས་ཐོན་སློབ་ཞིབ་གསུམ་གྱི་མཉམ་ལས་སློབ་གསོ་སྤེལ་དགོས།

6 ཚོགས་པའི་རིག་གནས།  

སྤྱི་ལོ2020ལོའི་ཟླ8པར་སློབ་གྲྭའི་གཞུང་ཕྱོགས་དྲ་ཚིགས་ལས་སློབ་གྲྭས་དཔྱིད་གསར་དུས་ཆེན་བསུ་བའི་མཚན་ཚོགས་དང་། གཏམ་བཤད་འགྲན་བསྡུར་ཆེན་མོ། ཚོགས་པའི་ལོ་མཇུག་འགྲེམས་སྟོན། རྩོམ་བསྡུའི་འགྲན་བསྡུར། དཔེ་ཀློག་ཚོགས་འདུ་སོགས་ཀྱི་བྱེད་སྒོ་སྤེལ། 

7 འགོ་ཁྲིད། 

ཏུང་ཧྲི་ཀྲང་།     ལི་ཏེ་ཝུན།     ཏང་ཨུའི་ཧྲུའུ་ཅི།     ལིན་ཅན་ཧྭ།     སློབ་གཙོ།     ཐེན་ཏུང་ཕིང་།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-09-24

གསར་སྤེལ་མཁན། :དཀོན་མཆོག་སྒྲོལ་མ།༡

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།