ཧྲན་ཏུང་འཛུགས་སྐྲུན་སློབ་ཆེན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཧྲན་ཏུང་འཛུགས་སྐྲུན་སློབ་ཆེན།
ཧྲན་ཏུང་འཛུགས་སྐྲུན་སློབ་ཆེན་ནི་ཧྲན་ཏུང་ཞིང་ཆེན་ཅི་ནན་གྲོང་ཁྱེར་དུ་གནས་པ་དང་། བཟོ་ལས་གཙོ་བོར་བྱེད་པ་དང་། ཨར་ལས་བཟོ་སྐྲུན་རིག་ཚན་ཁྱད་ཆོས་སུ་བྱེད་པ། བཟོ་ལས་དང་རང་བྱུང་དོ་དམ། རིག་གནས། ཁྲིམས་ལུགས། ཞིང་ལས་ལག་རྩལ་བཅས་རིག་ཚན་དང་། མཐུན་སྦྱོར་འཕེལ་རྒྱས་བཅས་ཀྱི་རིག་ཚན་མང་བའི་སློབ་ཆེན་ཞིག་ཡིན། སློབ་གྲྭས་ཧྲན་ཏུང་ཞིང་ཆེན་མི་དམངས་སྲིད་གཞུང་དང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྡོད་ཁང་གྲོང་གསེབ་འཛུགས་སྐྲུན་པུའི་མཉམ་བསྐྲུན་མཐོ་སློབ་དང་། རྒྱལ་ཁབ་སློབ་གསོ་པུའི་ཕུལ་བྱུང་ལག་རྩལ་ཆེན་མོ་བའི་སློབ་གསོའི་གསོ་སྐྱོང་འཆར་གཞིའི་མཐོ་སློབ་དང་། རྒྱལ་ཁབ་ཀྱི་དམིགས་བསལ་དགོས་མཁོའི་འབུམ་རམས་པའི་ཤེས་ལྡན་མི་སྣ་གསོ་སྐྱོང་རྣམ་གྲངས་ཀྱི་མཐོ་སློབ་དང་། རྒྱལ་ཁབ་ཀྱི“ཐོན་སློབ་མཉམ་འདྲེས”ཀྱི་རྣམ་གྲངས་ཀྱི་འཛུགས་སྐྲུན་མཐོ་སློབ་ཁག་དང་པོ། ཧྲན་ཏུང་ཞིང་ཆེན་གྱི་ཉེར་སྤྱོད་རྣམ་པའི་ཤེས་ལྡན་མི་སྣ་གསོ་སྐྱོང་གི་ཁྱད་ལྡན་གྲགས་ཅན་སློབ་གྲྭ་ཁག་དང་པོ་བཅས་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
山东建筑大学
ཕྱི་ཡིག་གི་མིང་།
Shandong Jianzhu University
བཙུགས་ལོ།
སྤྱི་ལོ1956ལོ།
ངོ་བོ།
གཞུང་བཙུགས་སློབ་ཆེན།
རིགས་དབྱེ།
རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སྐོར།
གཙོ་གཉེར་སྡེ་ཁག
ཧྲན་ཏུང་ཞིང་ཆེན་མི་དམངས་སྲིད་གཞུང་།
ལས་ཐོག་འགོ་ཁྲིད།
ཏང་ཨུའི་ཧྲུའུ་ཅི། ཁྲེན་ཀུའོ་ཆན།
ཆེད་བསྐོས་ཡོན་ཧྲི།
3
རབ་འབྱམས་ཐོབ་ཐང་སྤྲོད་གནས།
རབ་འབྱམས་པའི་ཡོན་གནས་སྤྲོད་དབང་ཡོད་པའི་རིམ་པ་དང་པོའི་རིག་ཚན17དང་། རབ་འབྱམས་པའི་ཡོན་གནས་སྤྲོད་དབང་ཡོད་པའི་རིམ་པ་གཉིས་པའི་རིག་ཚན64ཡོད།
འབུམ་རམས་པའི་ཐོབ་ཐང་སྤྲོད་གནས།
འབུམ་རམས་པ་གསོ་སྐྱོང་རྣམ་གྲངས1ཡོད།
འབུམ་རམས་ཕྱི་ཚར།
འབུམ་རམས་པའི་ཚན་རིག་ཞིབ་འཁོར་སྐྱོད་ས་ཚིགས1ཡོད།
གནས་ཡུལ།
ཧྲན་ཏུང་ཞིང་ཆེན་ཅི་ནན་གྲོང་ཁྱེར་ལི་ཁྲེང་ཆུས་ཧྥེང་མིང་ལམ་ཨང1000
སློབ་གྲྭའི་ཚབ་ཨང་།
10430
གཞུང་ཕྱོགས་དྲ་གནས།
http://www.sdjzu.edu.cn
1 ​ངོ་སྤྲོད།

ཧྲན་ཏུང་འཛུགས་སྐྲུན་སློབ་ཆེན་ནི་ཧྲན་ཏུང་ཞིང་ཆེན་ཅི་ནན་གྲོང་ཁྱེར་དུ་གནས་པ་དང་། བཟོ་ལས་གཙོ་བོར་བྱེད་པ་དང་། ཨར་ལས་བཟོ་སྐྲུན་རིག་ཚན་ཁྱད་ཆོས་སུ་བྱེད་པ། བཟོ་ལས་དང་རང་བྱུང་དོ་དམ། རིག་གནས། ཁྲིམས་ལུགས། ཞིང་ལས་ལག་རྩལ་བཅས་རིག་ཚན་དང་། མཐུན་སྦྱོར་འཕེལ་རྒྱས་བཅས་ཀྱི་རིག་ཚན་མང་བའི་སློབ་ཆེན་ཞིག་ཡིན། སློབ་གྲྭས་ཧྲན་ཏུང་ཞིང་ཆེན་མི་དམངས་སྲིད་གཞུང་དང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྡོད་ཁང་གྲོང་གསེབ་འཛུགས་སྐྲུན་པུའི་མཉམ་བསྐྲུན་མཐོ་སློབ་དང་། རྒྱལ་ཁབ་སློབ་གསོ་པུའི་ཕུལ་བྱུང་ལག་རྩལ་ཆེན་མོ་བའི་སློབ་གསོའི་གསོ་སྐྱོང་འཆར་གཞིའི་མཐོ་སློབ་དང་། རྒྱལ་ཁབ་ཀྱི་དམིགས་བསལ་དགོས་མཁོའི་འབུམ་རམས་པའི་ཤེས་ལྡན་མི་སྣ་གསོ་སྐྱོང་རྣམ་གྲངས་ཀྱི་མཐོ་སློབ་དང་། རྒྱལ་ཁབ་ཀྱི“ཐོན་སློབ་མཉམ་འདྲེས”ཀྱི་རྣམ་གྲངས་ཀྱི་འཛུགས་སྐྲུན་མཐོ་སློབ་ཁག་དང་པོ། ཧྲན་ཏུང་ཞིང་ཆེན་གྱི་ཉེར་སྤྱོད་རྣམ་པའི་ཤེས་ལྡན་མི་སྣ་གསོ་སྐྱོང་གི་ཁྱད་ལྡན་གྲགས་ཅན་སློབ་གྲྭ་ཁག་དང་པོ་བཅས་ཡིན།

སྤྱི་ལོ2019ལོའི་ཟླ5བའི་བར། སློབ་གྲྭར་སློབ་ཁུལ་གསར་པ་དང་ཞི་བདེའི་སློབ་ཁུལ་གཉིས་ཡོད་པ་དང་སློབ་གྲྭའི་ས་ཁྱོན་མུའུ2400ཡོད་པ་དང་། སློབ་གྲྭའི་ཁང་པའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི66ཟིན་ཡོད། སློབ་ཁྲིད་ཚན་ཞིབ་དཔྱད་ཆས་སྒྲིག་ཆས་ཀྱི་རིན་གོང་བསྡོམས་འབོར་སྒོར་ཁྲི35890.27ཟིན་པ་དང་ཉར་ཚགས་བྱས་པའི་དཔེ་དེབ་ཁྲི497ལྷག་ཡོད། སློབ་གྲྭར་སློབ་གླིང19དང་ཞིབ་འཇུག་ཁང4བཙུགས་ཡོད། དངོས་གཞིའི་ཚན་ཁག་གི་ཆེད་ལས58དང་འབུམ་རམས་པའི་ཚན་རིག་ཞིབ་འཇུག་གི་སྐོར་སྐྱོད་ས་ཚིགས1 འབུམ་རམས་པའི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པའི་རྣམ་གྲངས1 རིམ་པ་དང་པོའི་རིག་ཚན་གྱི་རབ་འབྱམས་པ་གསོ་སྐྱོང་བྱེད་ཡུལ17 ཆེད་ལས་བསླབ་གནས9དང་རིམ་པ་གཉིས་པའི་རིག་ཚན་གྱི་རབ་འབྱམས་པ་གསོ་སྐྱོང་བྱ་ཡུལ62ཡོད་པ་དེར་རབ་འབྱམས་པའི་ཞིབ་འཇུག་སློབ་མའི་ཐོབ་ཐང་ཡོད་པ། སློབ་གྲྭར་ད་ལྟ་དགེ་རྒན་དང་ལས་བཟོ་བ1998ཡོད། དེའི་ནང་ཆེད་བསྐོས་དགེ་རྒན1567དང་མཐོ་རིམ་ལས་གནས་ཀྱི་མི་སྣ888ཡོད། འབུམ་རམས་པའི་སློབ་དཔོན38དང་རབ་འབྱམས་པའི་སློབ་དཔོན700ཡོད། སློབ་གྲྭས་རྒྱལ་ཡོངས་ཀྱི་ཞིང་ཆེན(གྲོང་ཁྱེར་དང་རང་སྐྱོང་ལྗོངས)ལ་ཕྱོགས་ནས་སློབ་མ་བསྡུ་བ་དང་ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་སློབ་གྲྭར་ཡོད་པའི་སློབ་མ་ཁྲི2.7ལྷག་ཡོད།

2 ལོ་རྒྱུས་འཕེལ་རིམ།

སྤྱི་ལོ1956ལོར་སློབ་གྲྭ་བཙུགས་པ་དང་། དེའི་སྔོན་མར་ཅི་ནན་གྲོང་ཁྱེར་འཛུགས་སྐྲུན་བཟོ་སྐྲུན་སློབ་གྲྭ་ཡིན་པ་དང་། སྐབས་དེར་རྒྱལ་ཁབ་གྲོང་ཁྱེར་འཛུགས་སྐྲུན་པུའུ་ཡིས་རྒྱལ་ཡོངས་སུ་གསར་འཛུགས་བྱས་པའི་ཨར་ལས་བཟོ་སྐྲུན་རིགས་ཀྱི་སློབ་གྲྭ་བཅུའི་ཡ་གྱལ་ཡིན།

སྤྱི་ལོ1958ལོར་དངོས་གཞིའི་ཚན་ཁག་གི་སློབ་གླིང་དུ་རིམ་སྤོར་བྱས་པ་དང་ཧྲན་ཏུང་ཨར་ལས་སློབ་གླིང་དུ་བསྒྱུར།

སྤྱི་ལོ1978ལོར་ཧྲན་ཏུང་ཨར་ལས་བཟོ་སྐྲུན་སློབ་གླིང་དུ་མིང་བཏགས།

སྤྱི་ལོ1998ལོ་ནས་སྤྱི་ལོ2001ལོའི་བར་དེ་སྔའི་ཧྲན་ཏུང་ཞིང་ཆེན་འཕྲུལ་ཆས་བཟོ་ལས་སློབ་གྲྭ་དང་། ཧྲན་ཏུང་ཞིང་ཆེན་ས་གཤིས་སློབ་གྲྭ ཧྲན་ཏུང་ཞིང་ཆེན་ཨར་ལས་བཟོ་སྐྲུན་སློབ་གྲྭ་བཅས་སྔ་རྗེས་སུ་ཧྲན་ཏུང་ཨར་ལས་བཟོ་སྐྲུན་སློབ་གླིང་དུ་ཟླ་སྒྲིལ་བཏང་།

སྤྱི་ལོ2006ལོར་སློབ་གསོ་པུའུ་ཡི་ཆོག་མཆན་ཐོབ་པ་བརྒྱུད་ཧྲན་ཏུང་འཛུགས་སྐྲུན་སློབ་ཆེན་ཞེས་པར་མིང་བསྒྱུར།

སྤྱི་ལོ2017ལོར་ཧྲན་ཏུང་ཞིང་ཆེན་གྱི་ཞིང་ཆེན་རིམ་པའི་འབུམ་རམས་པའི་རྣམ་གྲངས་འཛུགས་པའི་འཛུགས་སྐྲུན་ཚན་པར་གྱུར་ཡོད།

3 སློབ་སྒྲུབ་ཆ་རྐྱེན།
3_1 སློབ་གླིང་དང་སྡེ་ཁག

སྤྱི་ལོ2019ལོའི་ཟླ5བའི་བར། སློབ་གྲྭར་ཨར་ལས་སློབ་གླིང་དང་། དོ་དམ་ལས་གྲྭའི་སློབ་གླིང་། ཚ་ནུས་ལས་གྲྭའི་སློབ་གླིང་། གྲོང་ཁྱེར་སྲིད་དོན་དང་ཁོར་ཡུག་ལས་གྲྭའི་སློབ་གླིང་། ཨར་ལས་གྲོང་ཁྱེར་སྒྲིག་སྲོལ་སློབ་གླིང་སོགས་སློབ་གླིང19ཡོད་པ་དེར་དངོས་གཞིའི་ཚན་ཁག་གི་སློབ་བསྡུའི་ཆེད་ལས་དང་ཆེད་ལས་ཀྱི་ཁ་ཕྱོགས58ཡོད།

3_2 དགེ་རྒན་གྱི་དཔུང་སྡེ།

སྤྱི་ལོ2018ལོའི་ཟླ12པའི་བར། སློབ་གྲྭར་དགེ་རྒན་དང་ལས་བཟོ་བ1865ཡོད། དེའི་ནང་ཆེད་བསྐོས་དགེ་རྒན1288དང་མཐོ་རིམ་ལས་གནས་ཀྱི་མི་སྣ754ཡོད། ཞིབ་འཇུག་སློབ་མའི་སློབ་དཔོན1144ཡོད། ཨུ་རུ་སུའི་རང་བྱུང་ཚན་རིག་ཁང་གི་ཡོན་ཧྲེ1དང་། གཉིས་བསྡུའི་ཡོན་ཧྲེ3 དུས་རབས་གསར་པའི་ཤེས་ལྡན་མི་སྣ་ལས་གྲྭའི་རྒྱལ་ཁབ་རིམ་པའི་འོས་མི5 “ཐའེ་ཧྲན་མཁས་དབང”གི་ལེགས་ཆ་དང་ཁྱད་ཆོས་ལྡན་པའི་རིག་ཚན་གྱི་སྣེ་ཁྲིད་ཤེས་ལྡན་མི་སྣ1 “ཐའེ་ཧྲན་མཁས་དབང”གི་དམིགས་བསལ་གདན་ཞུས་དགེ་རྒན་ཆེན་མོ8 རྒྱལ་སྲིད་སྤྱི་ཁྱབ་ཁང་སྲིད་གཞུང་གི་དམིགས་བསལ་ཕོགས་སྣོན་ལོངས་སྤྱོད་བྱེད་མཁན་རིགས་གཅིག་མཁས་ཅན14བཅས་ཡོད། རྒྱལ་ཁབ་རིམ་པའི་སློབ་ཁྲིད་དགེ་རྒན་གྲགས་ཅན1དང་རྒྱལ་ཡོངས་ཀྱི་དཔེ་བཟང་དགེ་རྒན2བཅས་ཡོད་པ་དང་། ཧྲན་ཏུང་ཞིང་ཆེན་དུ་བྱས་རྗེས་མངོན་གསལ་བཞག་པའི་ན་གཞོན་ཆེད་མཁས་པ18ཡོད་པ་དང་། ཞིང་ཆེན་གྱི་སློབ་ཁྲིད་དགེ་རྒན་གྲགས་ཅན13ཡོད། ཞིང་ཆེན་གྱི་དགེ་རྒན་གྱི་དཔེ་དམག3དང་། ཞིང་ཆེན་གྱི་རྩེར་སོན་ཤེས་ལྡན་མི་སྣ3 ཧྲན་ཏུང་གི་མཐོ་རིམ་སློབ་ཆེན་གྱི་ཕུལ་བྱུང་དགེ་རྒན7 ཞིང་ཆེན་རིམ་པའི་སློབ་ཁྲིད་ཚོགས་པ6བཅས་ཡོད།

3_3 རིག་ཚན་འཛུགས་སྐྲུན།    

སྤྱི་ལོ2019ལོའི་ཟླ5བའི་བར། སློབ་གྲྭར་འབུམ་རམས་པའི་ཚན་རིག་ཞིབ་འཇུག་སྐོར་སྐྱོད་ས་ཚིགས1དང་འབུམ་རམས་པའི་ཤེས་ལྡན་མི་སྣ་གསོ་སྐྱོང་རྣམ་གྲངས1བཙུགས་ཡོད། རིམ་པ་དང་པོའི་རིག་ཚན་གྱི་རབ་འབྱམས་པ་གསོ་སྐྱོང་བྱེད་ཡུལ17ཡོད། རིམ་པ་གཉིས་པའི་རིག་ཚན་གྱི་རབ་འབྱམས་པ་གསོ་སྐྱོང་བྱེད་གནས62དང་། རབ་འབྱམས་པའི་ཆེད་ལས་སློབ་གནས་ཀྱི་དབང་ཆ་སྤྲོད་པའི་རིགས9བཅས་ཡོད། བཟོ་སྐྲུན་གྱི་རབ་འབྱམས་པ་དང་། སྒྱུ་རྩལ་གྱི་རབ་འབྱམས་པའི་ཆེད་ལས་ཡོན་གནས་ཐོབ་པ། ལས་ཐོག་མི་སྣ་བཅས་ཀྱིས་ཡོན་ཚད་གཅིག་མཚུངས་ཡིན་པའི་ཐོག་ནས་རབ་འབྱམས་པའི་ཡོན་གནས་སྤྲོད་དབང་ཡོད་པ་དང་། ཧྲན་ཏུང་ཞིང་ཆེན་གྱི་རིག་ཚན་རྩེ་གྲ2དང་། ཐའེ་ཧྲན་གྱི་མཁས་དབང་གི་དགེ་མཚན་དང་ཁྱད་ཆོས་ལྡན་པའི་རིག་ཚན1 ཧྲན་ཏུང་ཞིང་ཆེན་གྱི་རིག་གནས་སྒྱུ་རྩལ་ཚན་རིག་གི“ལོ་ལྔའི་འཆར་འགོད་བཅུ་གཉིས་པའི”གཙོ་གནད་རིག་ཚན1 “ལོ་ལྔའི་འཆར་འགོད་བཅུ་གཅིག་པའི”ཞིང་ཆེན་རིམ་པའི་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པའི་གཙོ་གནད་རིག་ཚན2བཅས་ཡོད།

3_3_1 སློབ་ཁྲིད་འཛུགས་སྐྲུན།    

སྤྱི་ལོ2017ལོའི་ཟླ7པའི་ཟླ་སྟོད་བར་སློབ་གྲྭར་སློབ་གསོ་པུའི་ས་གནས་མཐོ་སློབ་ཀྱི་དངོས་གཞིའི་ཚན་ཁག་གི་ཆེད་ལས་ཕྱོགས་བསྡུས་སྒྱུར་བཅོས་ཚོད་ལྟའི་ཆེད་ལས1དང་། རྒྱལ་ཁབ་རིམ་པའི་ཁྱད་ལྡན་ཆེད་ལས4 རྒྱལ་ཁབ་རིམ་པའི་ཚོད་ལྟའི་སློབ་ཁྲིད་དཔེ་སྟོན་ལྟེ་གནས1 རྒྱལ་ཁབ་རིམ་པའི་རྟོག་བཟོའི་འདྲ་བཟོའི་ཚོད་ལྟའི་སློབ་ཁྲིད་ལྟེ་གནས2 རྒྱལ་ཁབ་རིམ་པའི་འདུ་འགོད་ལག་ལེན་སློབ་གསོའི་ལྟེ་གནས2བཅས་ཡོད་པ་དང་། རྒྱལ་ཁབ་རིམ་པའི་སྤུས་ལེགས་སློབ་ཚན3དང་། ཞིང་ཆེན་རིམ་པའི་སྤུས་ལེགས་སློབ་ཚན22 ཞིང་ཆེན་རིམ་པའི་སློབ་གསོ་སྒྱུར་བཅོས་ཚོད་ལྟའི་སློབ་ཚན3 རྒྱལ་ཁབ་རིམ་པའི་སྐད་གཉིས་དཔེ་སྟོན་སློབ་ཚན1 སློབ་གསོ་པུའི་རྟའི་འདུ་འགོད་ཀྱི“ངོ་མཚར་ཆེ་བའི་སློབ་ཚན་གཅིག”བཅས་ཡོད་པ་དང་། ཞིང་ཆེན་རིམ་པའི་ཚོད་ལྟའི་སློབ་ཁྲིད་དཔེ་སྟོན་ལྟེ་གནས6བཙུགས་ཡོད། ཧྲན་ཏུང་ཞིང་ཆེན་གྱི་ཉེར་སྤྱོད་རྣམ་པའི་ཤེས་ལྡན་མི་སྣ་གསོ་སྐྱོང་ཆེད་ལས་འཕེལ་རྒྱས་ལ་རྒྱབ་སྐྱོར་འཆར་གཞིའི་ཆེད་ལས2ཡོད་པ་དང་། ཧྲན་ཏུང་ཞིང་ཆེན་གྱི་ཉེར་སྤྱོད་རྣམ་པའི་ཤེས་ལྡན་མི་སྣ་གསོ་སྐྱོང་གི་ཁྱད་ཆོས་ལྡན་པའི་སློབ་གྲྭ་གྲགས་ཅན་གཙོ་གནད་དུ་བཟུང་ནས་ཆེད་ལས10འཛུགས་སྐྲུན་བྱས་ཡོད། ཧྲན་ཏུང་ཞིང་ཆེན་གྱི་ཆུ་ཚད་མཐོ་བའི་ཉེར་སྤྱོད་རྣམ་པའི་འཛུགས་སྐྲུན་ཆེད་ལས4ཡོད།

3_4 སློབ་ཁྲིད་གྲུབ་འབྲས།    

སྤྱི་ལོ2017ལོའི་ཟླ7པའི་བར་སློབ་གྲྭའི་དགེ་རྒན་གྱིས་སློབ་དེབ118པར་སྐྲུན་བྱས་པ་དང་། སློབ་གཞི6རྒྱལ་ཁབ་ཀྱི“ལོ་ལྔའི་འཆར་འགོད་བཅུ་གཉིས་པའི”འཆར་འགོད་སློབ་དེབ་ནང་བདམས་ཐོན་བྱུང་བ་དང་རྒྱལ་ཁབ་རིམ་པའི་སློབ་ཁྲིད་གྲུབ་འབྲས་ཀྱི་བྱ་དགའ1སྤྲད་པ་དང་། སློབ་དཔྱོད་རྣམ་གྲངས7ལ་ཞིང་ཆེན་རིམ་པའི་རྣམ་གྲངས་བཙུགས་ཡོད། ཆེད་རྩོམ་དང་སློབ་དེབ་སོགས་ཁག420རྩོམ་སྒྲིག་དཔེ་སྐྲུན་བྱས་ཡོད།

3_5 རིག་གཞུང་ཞིབ་འཇུག    
3_6 ཚན་ཞིབ་གྲུབ་འབྲས།

སྤྱི་ལོ2017ལོའི་ཟླ6པའི་བར། སློབ་གྲྭར་ཞིང་ཆེན་དང་པུའུ་རིམ་པ་ཡན་གྱི་ཚན་རྩལ་བྱ་དགའི་རྣམ་གྲངས50ཙམ་ཐོབ་པའི་ནང་རྒྱལ་ཁབ་ཀྱི་ལག་རྩལ་གསར་གཏོད་ཀྱི་བྱ་དགའ་རིམ་པ་གཉིས་པ1དང་སློབ་གསོ་པུའུ་ཡི་ཕུལ་བྱུང་གྲུབ་འབྲས་ཀྱི་བྱ་དགའ་རིམ་པ་དང་པོ1དང་། ཧྲན་ཏུང་ཞིང་ཆེན་གྱི་ཚན་རྩལ་ཡར་ཐོན་གྱི་བྱ་དགའ་རིམ་པ་དང་པོ་ཁག1ཐོབ།

སྤྱི་ལོ2017ལོའི་ཟླ7པར་སློབ་གྲྭའི་གཞུང་ཕྱོགས་དྲ་བའི་ཆ་འཕྲིན་ལས་མངོན་པར་གཞིགས་ན། སྤྱི་ལོ2012ལོ་ནས་བཟུང་། སློབ་གྲྭས་ཞིང་ཆེན་དང་པུའུ་རིམ་པ་དེ་ཡན་གྱི་ཚན་ཞིབ་རྣམ་གྲངས་ཁག377འགན་འཁུར་གཙོ་སྐྱོང་བྱས་པ་དང་། སྲིད་གཞུང་དང་དེ་བཞིན་ཁེ་ལས་དང་བྱ་གཞག་གི་མངགས་བཅོལ(འོས་སྐུལ་རྣམ་གྲངས་ཁག1100ལྷག་འགན་འཁུར་ཡོད། ཚན་རིག་ཞིབ་འཇུག་གི་གྲོན་དངུལ་བསྡོམས་འབོར་སྒོར་དུང་ཕྱུར4.11ཟིན་ཡོད། དགེ་རྒན་གྱིས་རིག་གཞུང་དཔྱད་རྩོམ5675སྤེལ་བ་དང་། SCIདང་། EIIIISTPསོགས་ཀྱིས་རྩོམ་ཡིག1586འཚོལ་ལེན་བྱས་པར་རྒྱལ་ཁབ་ཀྱི་གསར་གཏོད་ཁེ་བེད་བདག་ཐོབ་ཀྱི་དབང་ཆ371ཐོབ་ཡོད།

3_7 ཚན་ཞིབ་སྟེགས་བུ།    

སྤྱི་ལོ2017ལོའི་ཟླ7པའི་ཟླ་སྟོད་བར་སློབ་གྲྭར་སློབ་གསོ་པུའི་གཙོ་གནད་ཚོད་ལྟ་ཁང1ཡོད་པ་དང་། རྒྱལ་ཁབ་ཀྱི་ཡུལ་ཕྱོགས་རིག་གནས་ཤུལ་བཞག་སྲུང་སྐྱོང་གི་གཙོ་གནད་ཚན་ཞིབ་རྟེན་གཞི1དང་ཧྲན་ཏུང་ཞིང་ཆེན་མཐུན་སྦྱོར་གསར་གཏོད་ལྟེ་གནས1བཅས་ཡོད། ཞིང་ཆེན་རིམ་པའི་བཟོ་སྐྲུན་ལག་རྩལ་ཞིབ་འཇུག་ལྟེ་གནས7དང་། ཧྲན་ཏུང་ཞིང་ཆེན་གྱི་གཟུགས་མིན་རིག་གནས་ཤུལ་བཞག་ཞིབ་འཇུག་རྟེན་གཞི1 ཞིང་ཆེན8ཀྱི་མཐོ་སློབ་ཀྱི་གཙོ་གནད་ཚོད་ལྟ་ཁང་དང་མཐོ་སློབ་ཀྱི་མི་ཆོས་དང་སྤྱི་ཚོགས་ཚན་རིག་ཞིབ་འཇུག་རྟེན་གཞི(རིག་མཛོད་གསར་པ)། སློབ་གྲྭར་སློབ་གསོ་པུའི་ཚན་རྩལ་གསར་གཏོད་ཚོགས་པ1དང་། ཞིང་ཆེན་གྱི་ཕུལ་བྱུང་གསར་གཏོད་ཚོགས་པ1 ཞིང་ཆེན་གྱི་མཐོ་སློབ2ཀྱི་ཕུལ་བྱུང་ཚན་ཞིབ་གསར་གཏོད་ཚོགས་པ་བཅས་ཡོད།

4 རིག་གཞུང་ཐོན་ཁུངས།    
4_1 ཉར་ཚགས་ཐོན་ཁུངས།

སྤྱི་ལོ2017ལོའི་ཟླ7པའི་ཟླ་འགོར། ཧྲན་ཏུང་འཛུགས་སྐྲུན་སློབ་ཆེན་དཔེ་མཛོད་ཁང་དུ་ཉར་ཚགས་བྱས་པའི་དཔེ་དེབ་ཁྲི467ལྷག་ཡོད་པའི་ནང་པར་སྐྲུན་དཔེ་དེབ་ཁྲི201ལྷག་དང་གློག་རྡུལ་དཔེ་དེབ་ཁྲི266ལྷག་ཙམ་ཡོད།

4_2 རིག་གཞུང་དུས་དེབ།    

《ཧྲན་ཏུང་འཛུགས་སྐྲུན་སློབ་ཆེན་གྱི་རིག་གཞུང་ཚགས་པར》ནི་ཧྲན་ཏུང་འཛུགས་སྐྲུན་སློབ་ཆེན་གྱིས་གཙོ་གཉེར་བྱས་པ་ཞིག་ཡིན། ཧྲན་ཏུང་ཞིང་ཆེན་སློབ་གསོ་ཐིང་གིས་གཙོ་གཉེར་བྱས་པའི་ཟླ་གཉིས་དུས་དེབ་ཐོག་གཙོ་བོར་ཨར་ལས་ལས་གྲྭ་དང་། ཨར་ལས་རིག་པ་དང་གྲོང་ཁྱེར་འཆར་འགོད། མཛེས་ལྗོངས་སྐྱེད་ཚལ། དྲོད་འདོན་རླུང་རྒྱུག་དང་མཁའ་རླུང་སྙོམས་ཆས་ལས་གྲྭ ཁོར་ཡུག་ལས་གྲྭ དོ་དམ་ལས་གྲྭ འཕྲུལ་ཆས་གློག་རྡུལ་ལས་གྲྭཆ་འཕྲིན་དང་གློག་ཤུགས་ལས་གྲྭ རྒྱུ་ཆའི་ཚན་རིག་དང་ལས་གྲྭ རྩིས་འཁོར་ཚན་རིག་ལག་རྩལ་དང་རྨང་གཞིའི་རིག་ཚན་སོགས་རང་བྱུང་ཚན་རིག་ཁྱབ་ཁོངས་ཀྱི་རིག་གཞུང་ཞིབ་འཇུག་དཔྱད་རྩོམ། ཕྱོགས་བསྡུས་དཔྱད་བརྗོད། སློབ་ཁྲིད་ཞིབ་འཇུག་སོགས་བཀོད་ཡོད་པ་དང་།《ཧྲན་ཏུང་འཛུགས་སྐྲུན་སློབ་ཆེན་གྱི་རིག་གཞུང་ཚགས་པར》ནི་ཀྲུང་གོའི་ལྟེ་བའི་རིག་གཞུང་དུས་དེབ་ཅིག་ཡིན། ཀྲུང་གོའི་ཚན་རྩལ་གྱི་ལྟེ་བའི་དུས་དེབ་དེ“ཀྲུང་གོའི་ཚན་རིག་གི་འདྲེན་ཡིག་གྲངས་གཞིའི་མཛོད”(CSCD)གྲངས་གཞིའི་མཛོད་དང་། “ཀྲུང་གོའི་ལྟེ་བའི་དུས་དེབ(གདམ་གསལ)གྲངས་གཞིའི་མཛོད”དང་། “རྒྱ་ཡིག་ཚན་རྩལ་དུས་དེབ་ཀྱི་གྲངས་གཞིའི་མཛོད” “གྲངས་འཛིན་ཅན་གྱི་དུས་དེབ་ཚོགས་པ” “ཀྲུང་གོའི་རིག་གཞུང་དུས་དེབ(འོད་སྡེར་པར་གཞི)སོགས་གྲངས་གཞིའི་མཛོད་ཆེན་པོ10བཅས་ཀྱིས་བསྡུས་ཡོད།

5 གཟི་བརྗིད་མཚན་སྙན།

རྒྱལ་ཁབ་ཀྱི་ལག་རྩལ་གསར་གཏོད་ཀྱི་བྱ་དགའ་རིམ་པ་གཉིས་པ1ཐོབ།

སློབ་གསོ་པུའི་མཐོ་སློབ་ཀྱི་ཚན་རིག་ལག་རྩལ་གྲུབ་འབྲས་ཀྱི་བྱ་དགའ་རིམ་པ་དང་པོ1ཐོབ།    

ཧྲན་ཏུང་ཞིང་ཆེན་གྱི་ཚན་རྩལ་ཡར་ཐོན་བྱ་དགའ་ཨང་དང་པོ2ཐོབ།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-09-25

གསར་སྤེལ་མཁན། :སེང་ལྡེང་མཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།