ཧང་ཀྲོའུ་ལས་རིགས་ལག་རྩལ་སློབ་གླིང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཧང་ཀྲོའུ་ལས་རིགས་ལག་རྩལ་སློབ་གླིང་།
ཧང་ཀྲོའུ་ལས་རིགས་ལག་རྩལ་སློབ་གླིང་ནི་ཧང་ཀྲོའུ་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་གཙོ་གཉེར་བྱས་པ་དང་། ཀྲེ་ཅང་མི་དམངས་སྲིད་གཞུང་གིས་ཆོག་མཆན་ཐོབ་ནས་བཙུགས་པའི་ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་མཐོ་རིམ་ལས་རིགས་སློབ་གླིང་དཀྱུས་མ་ཞིག་ཡིན། དེ་ནི་རྒྱལ་ཁབ་ཀྱི་རྐང་འཛིན་མཐོ་རིམ་ལས་རིགས་སློབ་གླིང་འཛུགས་སྐྲུན་ཚན་པ་དང་། རྒྱལ་ཁབ་ཀྱི་དེང་རབས་དགེ་ཕྲུག་ལམ་ལུགས་ཀྱི་ཚོད་ལྟའི་ཚན་པ། རྒྱལ་ཁབ་ཀྱི་སྤུས་ལེགས་ཆེད་སྦྱོང་ཚན་ཁག་གི་མཐོ་རིམ་ལས་རིགས་སློབ་གྲྭ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་ཆུ་ཚད་མཐོ་བའི་མཐོ་རིམ་ལས་རིགས་སློབ་གྲྭ་དང་ཆེད་ལས་འཛུགས་སྐྲུན་འཆར་གཞིའི་འཛུགས་སྐྲུན་ཚན་པ(Bརིམ་པ)ཀྲེ་ཅང་ཞིང་ཆེན་གྱི་དཔེ་སྟོན་རང་བཞིན་གྱི་མཐོ་རིམ་ལས་རིགས་སློབ་གླིང་། ཀྲེ་ཅང་ཞིང་ཆེན་གྱི་སྤུས་ལེགས་མཐོ་རིམ་ལས་རིགས་སློབ་གླིང་དང་སློབ་གྲྭ་འཛུགས་སྐྲུན་ཚན་པ་ཡིན། རྒྱལ་ཡོངས་ཀྱི་སློབ་གསོ་ཆ་འཕྲིན་ཅན་དུ་འགྱུར་བའི་ཚོད་ལྟའི་སྡེ་ཚན་ཁག་དང་པོ་དང་། རྒྱལ་ཁབ་ཀྱི་ལས་རིགས་སློབ་གྲྭའི་རིག་གནས་བྱང་ཚད་སློབ་གསོའི་རྟེན་གཞི་འཛུགས་སྐྲུན་སྡེ་ཚན། རྒྱལ་ཁབ་ཀྱི་གཟུགས་འདས་རིག་གནས་ཤུལ་བཞག་ལས་རིགས་སློབ་གསོའི་ཆེད་ལས་ཨུ་ཡོན་ལྷན་ཁང་ཁག་དང་པོའི་ཚོགས་ཞུགས་ཨུ་ཡོན་སྡེ་ཚན་དང་། རྒྱལ་ཡོངས་ཀྱི་རྒྱལ་མཚམས་སྒྲོལ་བའི་གློག་རྡུལ་ཚོང་དོན་ཕྱོགས་བསྡུས་ཚོད་ལྟ་ཁུལ་གྱི་ལས་རིགས་སློབ་གསོ་ཚོགས་པའི་སྣེ་ཁྲིད་ཚན་པ་དང་སྐབས་དང་པོའི་ལས་འཛིན་དཔོན་གྱི་ཚན་པ་བཅས་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
杭州职业技术学院
ཕྱི་ཡིག་གི་མིང་།
hangzhou vocational and technical college
བསྡུས་མིང་།
ཧང་ཀྲོའུ་ལས་རིགས་སློབ་གླིང་།(HZVTC)
རིགས་དབྱེ།
གཞུང་བཙུགས་སློབ་ཆེན།
བཙུགས་ལོ།
སྤྱི་ལོ1998ལོར་བཙུགས།
སློབ་གྲྭའི་རྣམ་པ།
ཕྱོགས་བསྡུས།
ངོ་བོ།
སྤྱི་ལོ2012ལོར་ཀྲེ་ཅང་ཞིང་ཆེན་གྱི་དཔེ་སྟོན་རང་བཞིན་གྱི་མཐོ་རིམ་ལས་རིགས་སློབ་གྲྭ། རྒྱལ་ཁབ་ཀྱི་ཁག་གཉིས་པའི་དེང་རབས་དགེ་ཕྲུག་ལམ་ལུགས་ཀྱི་ཚོད་ལྟའི་ཚན་པ། རྒྱལ་ཁབ་ཀྱི་རྐང་འཛིན་མཐོ་རིམ་ལས་རིགས་སློབ་གྲྭ་འཛུགས་སྐྲུན་སྡེ་ཚན། ཀྲུང་གོའི་ཁྱད་ཆོས་ལྡན་པའི་ཆུ་ཚད་མཐོ་བའི་མཐོ་རིམ་ལས་རིགས་སློབ་གྲྭ་དང་ཆེད་ལས་འཛུགས་སྐྲུན་འཆར་གཞི།
ཁོངས་གཏོགས་ས་ཁུལ།
ཀྲེ་ཅང་ཧང་ཀྲོའུ།
ལས་ཐོག་སློབ་གཙོ།
ཅཱ་ཝུན་ཧྲེང་།
མི་སྣ་གྲགས་ཅན།
ཁྲེན་ཐིང་།
གཙོ་གཉེར་སྡེ་ཁག
ཀྲེ་ཅང་ཞིང་ཆེན་མི་དམངས་སྲིད་གཞུང་།
སློབ་གླིང་དང་སྡེ་ཁག་གཙོ་བོ།
ཞིན་ཐུང་རྒྱལ་སྤྱིའི་སློབ་གླིང་དང་། ཡིའུ་ཅ་འཕྲུལ་གློག་སློབ་གླིང་། ཏ་ལི་བུད་མེད་གྱོན་ཆས་སློབ་གླིང་། ཅིན་ཏུའུ་དོ་དམ་སློབ་གླིང་སོགས།
སློབ་གྲྭའི་གནས་ཡུལ།
ཀྲེ་ཅང་ཞིང་ཆེན་ཧང་ཀྲོའུ་གྲོང་ཁྱེར་ཞ་ཧྲ་མཐོ་རིམ་སློབ་གསོ་གླིང་ཁུལ་གྱི་ཞུའེ་ཡོན་སྲང་ལམ་གྱི་ཨང་རྟགས68པར་གནས་ཡོད།
གཟི་བརྗིད་མཚན་སྙན།
སྤྱི་ལོ2018ལོར་རྒྱལ་ཡོངས་ཀྱི་གསར་གཏོད་ལས་གཏོད་ཀྱི་དཔེ་མཚོན་ཉམས་མྱོང་མཐོ་སློབ་ཏུ་བདམས།
སློབ་གྲྭའི་ཚབ་ཨང་།
12872
གཞུང་ཕྱོགས་དྲ་གནས།
http://www.hzvtc.edu.cn
1 ངོ་སྤྲོད་མདོར་བསྡུས།

ཧང་ཀྲོའུ་ལས་རིགས་ལག་རྩལ་སློབ་གླིང་ནི་ཧང་ཀྲོའུ་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་གཙོ་གཉེར་བྱས་པ་དང་། ཀྲེ་ཅང་མི་དམངས་སྲིད་གཞུང་གིས་ཆོག་མཆན་ཐོབ་ནས་བཙུགས་པའི་ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་མཐོ་རིམ་ལས་རིགས་སློབ་གླིང་དཀྱུས་མ་ཞིག་ཡིན། དེ་ནི་རྒྱལ་ཁབ་ཀྱི་རྐང་འཛིན་མཐོ་རིམ་ལས་རིགས་སློབ་གླིང་འཛུགས་སྐྲུན་ཚན་པ་དང་། རྒྱལ་ཁབ་ཀྱི་དེང་རབས་དགེ་ཕྲུག་ལམ་ལུགས་ཀྱི་ཚོད་ལྟའི་ཚན་པ། རྒྱལ་ཁབ་ཀྱི་སྤུས་ལེགས་ཆེད་སྦྱོང་ཚན་ཁག་གི་མཐོ་རིམ་ལས་རིགས་སློབ་གྲྭ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་ཆུ་ཚད་མཐོ་བའི་མཐོ་རིམ་ལས་རིགས་སློབ་གྲྭ་དང་ཆེད་ལས་འཛུགས་སྐྲུན་འཆར་གཞིའི་འཛུགས་སྐྲུན་ཚན་པ(Bརིམ་པ)ཀྲེ་ཅང་ཞིང་ཆེན་གྱི་དཔེ་སྟོན་རང་བཞིན་གྱི་མཐོ་རིམ་ལས་རིགས་སློབ་གླིང་། ཀྲེ་ཅང་ཞིང་ཆེན་གྱི་སྤུས་ལེགས་མཐོ་རིམ་ལས་རིགས་སློབ་གླིང་དང་སློབ་གྲྭ་འཛུགས་སྐྲུན་ཚན་པ་ཡིན། རྒྱལ་ཡོངས་ཀྱི་སློབ་གསོ་ཆ་འཕྲིན་ཅན་དུ་འགྱུར་བའི་ཚོད་ལྟའི་སྡེ་ཚན་ཁག་དང་པོ་དང་། རྒྱལ་ཁབ་ཀྱི་ལས་རིགས་སློབ་གྲྭའི་རིག་གནས་བྱང་ཚད་སློབ་གསོའི་རྟེན་གཞི་འཛུགས་སྐྲུན་སྡེ་ཚན། རྒྱལ་ཁབ་ཀྱི་གཟུགས་འདས་རིག་གནས་ཤུལ་བཞག་ལས་རིགས་སློབ་གསོའི་ཆེད་ལས་ཨུ་ཡོན་ལྷན་ཁང་ཁག་དང་པོའི་ཚོགས་ཞུགས་ཨུ་ཡོན་སྡེ་ཚན་དང་། རྒྱལ་ཡོངས་ཀྱི་རྒྱལ་མཚམས་སྒྲོལ་བའི་གློག་རྡུལ་ཚོང་དོན་ཕྱོགས་བསྡུས་ཚོད་ལྟ་ཁུལ་གྱི་ལས་རིགས་སློབ་གསོ་ཚོགས་པའི་སྣེ་ཁྲིད་ཚན་པ་དང་སྐབས་དང་པོའི་ལས་འཛིན་དཔོན་གྱི་ཚན་པ་བཅས་ཡིན། སྤྱི་ལོ2020ལོའི་ཟླ3པའི་སློབ་གྲྭའི་དྲ་བའི་ཐོག་ནས་མངོན་པར་གཞིགས་ན། ཧང་ཀྲོའུ་ལས་རིགས་ལག་རྩལ་སློབ་གླིང་ནི་ཞ་ཧྲའི“སློབ་ཆེན་གྲོང”དུ་གནས་ཡོད་པ་དང་ས་ཁྱོན་ལ་མུའུ1000ལྷག་ཙམ་བཟུང་ཡོད། འཛུགས་སྐྲུན་གྱི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི38(2017ལོའི་ཟླ5པའི་བར)ཡོད། ཉིན་ཧྲིལ་པོའི་ལམ་ལུགས་ཀྱི་སློབ་གྲྭར་ཡོད་མུས་ཀྱི་སློབ་མ11309དང་དགེ་རྒན་དང་ལས་བཟོ་བ721ཡོད། སློབ་གྲྭའི་ཁོངས་སུ་རིམ་པ་གཉིས་པའི་སློབ་གླིང9བཙུགས་ཡོད། རིགས་ཆེན་པོ11གི་མཐོ་རིམ་ལས་རིགས་དང་མཐོ་རིམ་ཆེད་སྦྱོང་ཚན་ཁག་གི་ཆེད་ལས36བཙུགས་ཡོད།

2 ལོ་རྒྱུས་འཕེལ་རིམ།

ཧང་ཀྲོའུ་ལས་རིགས་ལག་རྩལ་སློབ་གླིང་ནི་སྤྱི་ལོ1996ལོར་ཧང་ཀྲོའུ་གྲོང་ཁྱེར་དཔལ་འབྱོར་ཨུ་ལྷན་ཁོངས་གཏོགས་ཀྱི་ཧང་ཀྲོའུ་འཕྲུལ་ཆས་ལས་བཟོའི་སློབ་ཆེན་དང་། ཧང་ཀྲོའུ་རྫས་འགྱུར་བཟོ་ལས་ལས་བཟོའི་སློབ་ཆེན། ཧང་ཀྲོའུ་འཁེལ་འཐག་ལས་བཟོའི་སློབ་ཆེན། ཧང་ཀྲོའུ་དར་གོས་ལས་བཟོའི་སློབ་ཆེན། ཧང་ཀྲོའུ་ཡང་བའི་བཟོ་ལས་ལས་བཟོའི་སློབ་ཆེན། ཞི་ཧུའུ་གློག་རྡུལ་ལས་བཟོའི་སློབ་ཆེན་སོགས་སློབ་གྲྭ་དྲུག་ཟླ་སྒྲིལ་བཏང་ནས་གྲུབ་པ་ཡིན། དེའི་རྨང་གཞིའི་ཐོག སྤྱི་ལོ1998ལོར་དེ་སྔའི་རྒྱལ་ཁབ་སློབ་གསོ་ཨུ་ལྷན་གྱིས་མཆན་བཀོད་བཀའ་ལན་གནང་ནས་གྲབས་འཛུགས་བྱས་པ་དང་། སྤྱི་ལོ2002ལོར་ཀྲེ་ཅང་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཆོག་མཆན་ཐོབ་པ་བརྒྱུད་དངོས་སུ་བཙུགས།

3 སློབ་སྒྲུབ་ཆ་རྐྱེན།
3_1 སློབ་གླིང་དང་སྡེ་ཁག་གི་ཆེད་ལས།

སྤྱི་ལོ2017ལོའི་ཟླ5པའི་བར། ཧང་ཀྲོའུ་ལས་རིགས་ལག་རྩལ་སློབ་གླིང་དུ་ཡིའུ་ཅ་འཕྲུལ་གློག་སློབ་གླིང་དང་། ཅིན་ཏུའུ་དོ་དམ་སློབ་གླིང་། ཏ་ལི་བུད་མེད་གྱོན་ཆས་སློབ་གླིང་། ལིན་ཅང་སློབ་གླིང་། ཆ་འཕྲིན་བཟོ་སྐྲུན་སློབ་གླིང་། ཞིན་ཐུང་རྒྱལ་སྤྱིའི་སློབ་གླིང་། ཆིང་ཉེན་རླངས་འཁོར་སློབ་གླིང་། ཧང་ཀྲོའུ་འགུལ་བརྙན་རོལ་རྩེད་སློབ་གླིང་སོགས་རིམ་པ་གཉིས་པའི་སློབ་གླིང8ཡོད་པ་དང་མཐོ་རིམ་ལས་རིགས་དང་མཐོ་རིམ་ཆེད་སྦྱོང་ཚན་ཁག་གི་ཆེད་ལས34བཙུགས་ཡོད།

3_2 དགེ་རྒན་གྱི་དཔུང་སྡེ།

སྤྱི་ལོ2017ལོའི་ཟླ5པའི་བར། ཧང་ཀྲོའུ་ལས་རིགས་ལག་རྩལ་སློབ་གླིང་དུ་དགེ་རྒན་དང་ལས་བཟོ་བ600ལྷག་ཡོད་པའི་ནང་ཆེད་བསྐོས་དགེ་རྒན358ཡོད། ཆེད་བསྐོས་དགེ་རྒན་ཁྲོད་ཞིབ་འཇུག་སློབ་མའི་སློབ་གཉེར་བརྒྱུད་རིམ་ཡོད་པའི་བསྡུར་ཚད་ཀྱིས65.09%ཟིན་ཡོད། མཐོ་རིམ་གོ་མིང་གི་བསྡུར་ཚད་ཀྱིས34.08%བཟུང་ཡོད་པ་དང་ཉིས་འཇོན་རྣམ་པའི་དགེ་རྒན་ཀྱིས་81.28%བཟུང་ཡོད། ཞིང་ཆེན་རིམ་པའི་སློབ་ཁྲིད་ཚོགས་པ2ཡོད། ཀྲེ་ཅང་ཞིང་ཆེན་གྱི་མཐོ་རིམ་ལས་རིགས་དང་མཐོ་རིམ་ཆེད་ལས་ཀྱི་སྣེ་འཁྲིད་པ9གསོ་སྐྱོང་བྱ་ཡུལ་དང་། ཀྲེ་ཅང་ཞིང་ཆེན་གྱི“151”འཇོན་མིའི་ལས་གྲྭའི་ནང་ཞུགས་མཁན1 ཞིང་ཆེན་རིམ་པའི་སློབ་ཁྲིད་དགེ་རྒན་གྲགས་ཅན1  ཞིང་ཆེན་རིམ་པའི་ཆོས་ལུགས་ལས་རིགས་ཀྱི་ཕུལ་བྱུང་སློབ་མ3ཡོད་པ་དང་རྒྱལ་ཡོངས་ཀྱི་ལག་རྩལ་མཁས་པ1བཅས་ཡོད། ཞིང་ཆེན་རིམ་པའི་ལག་རྩལ་མཁས་པ2དང་མཐོ་རིམ་ལག་རྩལ་པ8ཡོད་པ་དེ་དག་གིས་མཚན་འཛིན་དགེ་རྒན་ཆེན་མོ་བ47དང་། འགྲུལ་བཞུགས་དགེ་རྒན་ཆེན་མོ་བ125མགྲོན་བཞུགས་འཆད་ཁྲིད་དགེ་རྒན271བཅས་ལས་གྲུབ་པའི་འགུལ་རྣམ་དོ་དམ་གྱི་གཅིག་ལྕོགས་དགེ་རྒན་གྱི་ཐོན་ཁུངས་བསྐྲུན་ཡོད།

4 རིག་གཞུང་ཞིབ་འཇུག
4_1 ཚན་ཞིབ་ལས་སྟེགས།

སྤྱི་ལོ2017ལོའི་ཟླ5པའི་བར། ཧང་ཀྲོའུ་ལས་རིགས་ལག་རྩལ་སློབ་གླིང་གིས་ཁེ་ལས་དང་མཉམ་དུ་ལག་རྩལ་ཞིབ་འཇུག་གསར་སྤེལ་གྱི་ལས་སྟེགས22(ཞིབ་འཇུག་གསར་སྤེལ་ལྟེ་གནས)བསྐྲུན་ནས་ཧང་ཀྲོའུ་གྲོང་ཁྱེར་གྱི་སྤྱི་ཚོགས་ཚན་རིག་གི་གཙོ་གནད་ཞིབ་འཇུག་རྟེན་གཞི1བཙུགས་ཡོད།

4_2 ཚན་ཞིབ་གྲུབ་འབྲས།

སྤྱི་ལོ2017ལོའི་ཟླ5པའི་བར། ཧང་ཀྲོའུ་ལས་རིགས་ལག་རྩལ་སློབ་གླིང་གིས་ཚན་ཞིབ་རྣམ་གྲངས་སྣ་ཚོགས469བཙུགས་པའི་ནང་ཞིང་ཆེན་རིམ་པ་དང་དེ་ཡན་གྱི་ཚན་ཞིབ་རྣམ་གྲངས27ཡོད། ཚན་ཞིབ་གྲུབ་འབྲས20ལ་གྲོང་ཁྱེར་རིམ་པ་དང་དེ་ཡན་གྱི་ཚན་ཞིབ་གྲུབ་འབྲས་བྱ་དགའ་ཐོབ་ཡོད། སློབ་གྲྭ་དེའི་དགེ་རྒན་དང་ལས་བཟོ་བས་དུས་དེབ་སྣ་ཚོགས་ཐོག་དཔྱད་རྩོམ800ལྷག་ཙམ་སྤེལ་ཡོད། དེའི་ནང་རྩོམ་པ་པོ་དང་པོའི་མིང་ཐོག་ནས་ཀྲུང་གོའི་རྒྱལ་ནང་གི་རིམ་པ་དང་པོའི་རིག་གཞུང་དུས་དེབ་ཐོག་བཀོད་པའི་དཔྱད་རྩོམ28ཟིན་པ་དང་། ལྟེ་བའི་དུས་དེབ་སྟེང་དཔྱད་རྩོམ208སྤེལ་ཡོད། EIཡིས་ལེ་ཚན69དངSCIཡིས་ལེ་ཚན9བསྡུས་པ་དང་། རྩོམ་པ་པོ་དང་པོའི་མིང་ཐོག་ནས་ཆེད་ཁེ་སྣ་ཚོགས་པའི་ཤེས་བྱའི་ཐོན་དངོས་བདག་དབང་ཐོ་འགོད་རྣམ་གྲངས137ཐོབ་ཡོད། དེའི་ནང་རྒྱལ་ཁབ་ཀྱི་གསར་གཏོད་ཁེ་བེད་བདག་ཐོབ5ཡོད་པ་དང་དངོས་སྤྱོད་དཔེ་གསར་གྱི་ཁེ་བེད་བདག་ཐོབ82ཡོད། ཕྱི་ཚུལ་ཇུས་འགོད་ཀྱི་ཆེད་ཁེ24ལ་མཉེན་ཆས་ཀྱི་བདག་དབང26ཐོབ་ཡོད།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-09-15

གསར་སྤེལ་མཁན། :བླ་མ་གཡང་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།