ཅང་ཞི་ཐའེ་ཧའོ་འགུལ་རིས་ལས་རིགས་སློབ་གླིང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཅང་ཞི་ཐའེ་ཧའོ་འགུལ་རིས་ལས་རིགས་སློབ་གླིང་།
ཅང་ཞི་ཐའེ་ཧའོ་འགུལ་བརྙན་ལས་རིགས་སློབ་གླིང་ནི་ཅང་ཞི་ཞིང་ཆེན་ནན་ཁྲང་གྲོང་ཁྱེར་ཞང་ཧུའུ་གྲོང་གསར་དུ་གནས་པ་དང་། རྒྱལ་ཁབ་སློབ་གསོ་པུའུ་ཡི་ཆོག་མཆན་ཐོབ་ནས་བཙུགས་པའི་ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་དམངས་གཉེར་མཐོ་རིམ(ཆེད་སྦྱོང)དཀྱུས་མའི་ལས་རིགས་སློབ་གླིང་ཞིག་ཡིན། སྤྱི་ལོ2016ལོའི་ཟླ8པར་ཁག་གཉིས་པའི་རྒྱལ་ཁབ་ཀྱི་དེང་རབས་དགེ་ཕྲུག་ལམ་ལུགས་ཀྱི་ཚོད་ལྟའི་ཚན་པར་བདམས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
江西泰豪动漫职业学院
ཕྱི་ཡིག་གི་མིང་།
jiangxi tellhow animation college
བཙུགས་ལོ།
སྤྱི་ལོ2008ལོ།
རིགས་དབྱེ།
དམངས་གཉེར་སློབ་ཆེན།
རྣམ་པ།
ཕྱོགས་བསྡུས་རིགས།
ངོ་བོ།
མཐོ་རིམ་ལས་རིགས་དཀྱུས་མའི་སློབ་གྲྭ་ཆེན་མོ། རྒྱལ་ཁབ་ཀྱི་དེང་རབས་དགེ་ཕྲུག་ལམ་ལུགས་ཀྱི་ཚོད་ལྟའི་ཚན་པ་ཁག་གཉིས་པ།
ཁོངས་གཏོགས་སྡེ་ཁག
ཅང་ཞི་ཞིང་ཆེན་ནན་ཁྲང་གྲོང་ཁྱེར།
ལས་ཐོག་སློབ་གཙོ།
སུའུ་ཀྲི་ཝུའུ།
གཙོ་གཉེར་སྡེ་ཁག
ཅང་ཞི་ཞིང་ཆེན་སློབ་གསོ་ཐིང་།
སློབ་གླིང་དང་སྡེ་ཁག
རྒྱལ་སྤྱིའི་འགུལ་རིས་ཡན་ལག་གླིང་། སྨྱན་སྦྱོར་གསར་པའི་སྒྱུ་རྩལ་ཡན་ལག་གླིང་། རོལ་རྩེད་མཉེན་ཆས་ཡན་ལག་གླིང་། རིག་ནུས་བཟོ་སྐྲུན་ཡན་ལག་གླིང་། གློག་རྡུལ་ཚོང་དོན་ཡན་ལག་གླིང་། སྒྱུ་རྩལ་སྨྱན་སྦྱོར་ཡན་ལག་གླིང་སོགས།
གནས་ཡུལ།
ཅང་ཞི་ཞིང་ཆེན་ནན་ཁྲང་གྲོང་ཁྱེར་ཞའོ་ལན་དཔལ་འབྱོར་གསར་སྤེལ་ཁུལ་གྱི་ཅིན་ཧྲ་ལམ་གཉིས་པའི་ཨང1888པ།
སློབ་གྲྭའི་ཚབ་ཨང་།
14168
གཟི་བརྗིད་མཚན་སྙན།
རྒྱལ་ཁབ་རིག་གནས་ཐོན་ལས་དཔེ་སྟོན་རྟེན་གཞི།
གཞུང་ཕྱོགས་དྲ་གནས།
http://www.tellhowedu.com
1 ངོ་སྤྲོད།

ཅང་ཞི་ཐའེ་ཧའོ་འགུལ་བརྙན་ལས་རིགས་སློབ་གླིང་ནི་ཅང་ཞི་ཞིང་ཆེན་ནན་ཁྲང་གྲོང་ཁྱེར་ཞང་ཧུའུ་གྲོང་གསར་དུ་གནས་པ་དང་། རྒྱལ་ཁབ་སློབ་གསོ་པུའུ་ཡི་ཆོག་མཆན་ཐོབ་ནས་བཙུགས་པའི་ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་དམངས་གཉེར་མཐོ་རིམ(ཆེད་སྦྱོང)དཀྱུས་མའི་ལས་རིགས་སློབ་གླིང་ཞིག་ཡིན། སྤྱི་ལོ2016ལོའི་ཟླ8པར་ཁག་གཉིས་པའི་རྒྱལ་ཁབ་ཀྱི་དེང་རབས་དགེ་ཕྲུག་ལམ་ལུགས་ཀྱི་ཚོད་ལྟའི་ཚན་པར་བདམས།

སྤྱི་ལོ2017ལོའི་ཟླ3པའི་བར་སློབ་གླིང་གིས་རྒྱ་ཁྱོན་ལ་མུའུ1800ལྷག་ཙམ་ཟིན་ཡོད། ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་སློབ་གྲྭར་ཡོད་པའི་སློབ་མ8000ལྷག་དང་རིགས་ཁག་གི་དངོས་སྦྱོང་དང་གསོ་སྦྱོང་མི་སྣ1000ལྷག་ཡོད་པ། སློབ་ཁྲིད་ཚོད་ལྟའི་སྒྲིག་ཆས་སྣ་ཚོགས་ཀྱི་སྤྱིའི་རིན་གོང་སྒོར་ཁྲི3000ལྷག་ཙམ་ཟིན་པ་དང་སློབ་གྲྭའི་ཕྱི་ནང་གི་དངོས་སྦྱོང་རྟེན་གཞི40ཡོད།

2 ལོ་རྒྱུས་འཕེལ་རིམ།

ཅང་ཞི་ཐའེ་ཧའོ་འགུལ་བརྙན་ལས་རིགས་སློབ་གླིང་ནི་དེ་སྔའི་ཅང་ཞི་ཆིང་ཧྭ་དང་ཐའེ་ཧའོ་ཡི་གློག་ཀླད་གསོ་སྦྱོང་ལྟེ་གནས་ཡིན།    

སློབ་གསོའི་སྡེ་ཁག་གི་ཆོག་མཆན་ཐོབ་རྗེས་ཅང་ཞི་ཆིང་ཧྭ་ཐའེ་ཧའོ་ཆེད་སྦྱོང་སློབ་གླིང་དུ་བསྒྱུར།

སྤྱི་ལོ2008ལོར་ཅང་ཞི་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཆོག་མཆན་ཐོབ་པ་དང་སློབ་གསོ་པུའི་ཐོ་འགོད་སྙན་སེང་བརྒྱུད་ཅང་ཞི་ཐའེ་ཧའོ་འགུལ་བརྙན་ལས་རིགས་སློབ་གླིང་བཙུགས།    

སྤྱི་ལོ2016ལོའི་ཟླ8པར་ཁག་གཉིས་པའི་རྒྱལ་ཁབ་ཀྱི་དེང་རབས་དགེ་ཕྲུག་ལམ་ལུགས་ཀྱི་ཚོད་ལྟའི་ཚན་པར་བདམས།    

སྤྱི་ལོ2019ལོའི་ཟླ10པར་སློབ་གསོ་པུའི་དེང་རབས་དགེ་ཕྲུག་ལམ་ལུགས་ཀྱི་ཚོད་ལྟའི་ཚན་པ་ཁག་གཉིས་པས་ཞིབ་བཤེར་རྩིས་ལེན་བྱས།

3 སློབ་སྒྲུབ་ཆ་རྐྱེན།
3_1 ཆེད་ལས།

སློབ་གླིང་གི་མངའ་འོག་ཏུ་རྒྱལ་སྤྱིའི་འགུལ་རིས་ཡན་ལག་གླིང་དང་། སྨྱན་སྦྱོར་གསར་པའི་སྒྱུ་རྩལ་ཡན་ལག་གླིང་། གློག་རྡུལ་ཚོང་དོན་ཡན་ལག་གླིང་། རོལ་རྩེད་མཉེན་ཆས་ཡན་ལག་གླིང་། རིག་ནུས་ལས་གྲྭའི་ཡན་ལག་གླིང་། སྒྱུ་རྩལ་སྨྱན་སྦྱོར་ཡན་ལག་གླིང་བཅས་བཙུགས་ཡོད། ཐའེ་ཧའོ་འགུལ་བརྙན་ཚད་ཡོད་ཀུང་སི་དང་དེ་བཞིན་འབྲེལ་ཡོད་ཆེད་ལས་ལས་དོན་ཁང་སོགས་དངོས་སྦྱོང་དང་དངོས་སྦྱོང་ལས་སྟེགས་བཙུགས་ཡོད།

3_2 དགེ་རྒན་གྱི་དཔུང་སྡེ།

སྤྱི་ལོ2017ལོའི་ཟླ3པའི་བར། སློབ་གྲྭའི་ཆེད་ལས་དགེ་རྒན400ལྷག་ཡོད། མཐོ་རིམ་གོ་མིང་ཡོད་མཁན130ལྷག་ཙམ་ཡོད་པ་དང་ལས་རིགས་ནང་རྩེ་གྲ30ཙམ་ཡོད། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དམིགས་བསལ་ཕོགས་སྣོན་ལོངས་སྤྱོད་བྱེད་མཁན་རིགས་གཅིག་མཁས་ཅན1དང་རིག་གནས་པུའུ་ཡི་རོགས་སྐྱོར་ཚོགས་པ3 ཅང་ཞི་ཞིང་ཆེན་གྱི“555”ལས་གྲྭའི་ཤེས་ལྡན་མི་སྣ2དང་། ཞིང་ཆེན་གྱི་དགེ་མཚན་ལྡན་པའི་ཚན་རྩལ་གསར་གཏོད་ཚོགས་པ1 ཞིང་ཆེན་རིམ་པའི་རིག་གཞུང་ཚན་ཁག་གི་སྣེ་ཁྲིད་པ10ཡོད།

3_3 གཟི་བརྗིད་མཚན་ཉིད།

སྤྱི་ལོ2009ལོའི་ཟླ2པར་ཐའེ་ཧའོ་འགུལ་རིས《ཨ་ཞང་ཉིན་ཐོའི》གསར་རྩོམ་ཚོགས་པར་རིག་གནས་པུའི“ཐོག་མའི་གསར་རྩོམ་གྱི་འགུལ་བརྙན་རོགས་སྐྱོར་འཆར་གཞིའི”ལག་འཁྱེར་ཁ་པར་གྱི་འགུལ་བརྙན་གསར་རྩོམ་མཁན་གྱི་རོགས་སྐྱོར་ཐོབ།    

སྤྱི་ལོ2010ལོའི་ཟླ10པར་ཐའེ་ཧའོ་འགུལ་བརྙན་ལ་སྐབས་གསུམ་པའི་ཀྲུང་གོའི་རྒྱལ་སྤྱིའི་རབ་བཏགས་རི་མོའི་དུས་ཆེན་དང་སྐབས་བདུན་པའི་ཅིན་ལུང་བྱ་དགའི“སྟོབས་ཤུགས་ཆེ་ཤོས་ཀྱི་ཐོག་མའི་གསར་རྩོམ་རྩ་འཛུགས་ཚན་པར”བདམས།

སྤྱི་2010ལོའི་ཟླ11པར་ཐའེ་ཧའོ(ནན་ཁྲང)རྒྱལ་སྤྱིའི་འགུལ་བརྙན་ཐོན་ལས་གླིང(ཐའེ་ཧའོ་འགུལ་བརྙན་སློབ་གླིང་གི་སློབ་ཁུལ་གསར་པ)རྒྱལ་ཁབ་རིག་གནས་ཐོན་ལས་ཀྱི་དཔེ་སྟོན་རྨང་གཞིར་བདམས།


སྤྱི་ལོ2010ལོའི་ཟླ9པར་སློབ་གླིང་གི་ལག་ཐོགས་ཁ་པར་གྱི་འགུལ་བརྙན་གསར་རྩོམ་ཚོགས་པ་ཅང་ཞི་ཞིང་ཆེན་གྱི་ཚན་རྩལ་གསར་གཏོད་ཚོགས་པའི་ནང་བདམས།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-09-15

གསར་སྤེལ་མཁན། :སེང་ལྡེང་མཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།