ཁྱབ་པའི་དམིགས་པ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

དེ་བཞིན་ཉིད་ཀྱིས་ཆོས་ཐམས་ཅད་ལ་ཁྱབ་པའི་དམིགས་པ་སྟེ། ཞི་གནས་ཀྱི་དམིགས་པ་བཞིའི་ནང་ཚན་ཞིག
1 ལོ་ཙཱ།

རྒྱ་ཡིག 周遍所缘

2 རྒྱས་འགྲེལ།

1.བོད་རྒྱ་ཚིག་མཛོད་ཆེན་མོ་ལས།དེ་བཞིན་ཉིད་ཀྱིས་ཆོས་ཐམས་ཅད་ལ་ཁྱབ་པའི་དམིགས་པ་སྟེ། ཞི་གནས་ཀྱི་དམིགས་པ་བཞིའི་ནང་ཚན་ཞིག 遍满所缘境事。缘周遍于一切法界的真如而修。修“止”时四种所缘之一。

2.སྨོན་ལམ་ཚིག་མཛོད་ཆེན་མོ་ལས།1.དེ་བཞིན་ཉིད་ཀྱིས་ཆོས་ཐམས་ཅད་ལ་ཁྱབ་པའི་དམིགས་པ་ཞི་གནས་ཀྱི་དམིགས་པ་བཞིའི་ནང་ཚན་ཞིག 2.དམིགས་པའི་དངོས་པོ་རྣམ་པ་བཞིའི་ནང་གསེས་ཏེ། ཅོག་རོ་ཀླུའི་རྒྱལ་མཚན་གྱིས་མཛད་པའི་དགོངས་པ་ངེས་པར་འགྲེལ་པའི་མདོའི་རྣམ་པར་བཤད་པ་ལས། ༡རྣམ་པར་རྟོག་པ་དང་བཅས་པའི་གཟུགས་བརྙན་དང་།༢རྣམ་པར་མི་རྟོག་པའི་གཟུགས་བརྙན་དང་།༣དངོས་པོའི་མཐའ་དང་།༤དགོས་པ་ཡོངས་སུ་གྲུབ་པའོ།།ཞེས་གསུངས།3.སྤྱད་པ་རྣམ་སྦྱོང་གི་དམིགས་པ་དང་མཁས་པའི་དམིགས་པ་ཉོན་མོངས་རྣམ་སྦྱོང་གི་དམིགས་པ་རྣམས་ཀྱིས་འདི་ལ་ཁྱབ་ཅིང་དེ་དག་ལས་ཟུར་ན་མེད་པའི་ཞི་གནས་ཀྱི་དམིགས་པ་ཞིག་ལ་ཟེར།དབྱེ་བ་ནི།ཀུན་མཁྱེན་བླ་མའི་བསམ་གཟུགས་ཆེན་མོ་ལས།ཁྱབ་པའི་དམིགས་པ་ཆོས་ཅན། དབྱེ་ན་བཞི་ཡོད་དེ།དམིགས་བྱེད་ཀྱི་སྒོ་ནས་རྣམ་རྟོག་དང་བཅས་པའི་གཟུགས་བརྙན་དང་དེ་མེད་པའི་གཟུགས་བརྙན་གཉིས་དང་དམིགས་བྱ་ཡུལ་གྱི་སྒོ་ནས། དངོས་པོའི་མཐའ་དང་།འབྲས་བུའི་སྒོ་ནས་དགོས་པ་ཡོངས་གྲུབ་སྟེ་བཞི་ཡོད་པའི་ཕྱིར། ཞེས་གསུངས་སོ། །

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-09-14

གསར་སྤེལ་མཁན། :དཔལ་ཚེ་རྡོར

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།