ཁྱད་པར་གྱི་དུས་ཆེན་བཞི།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སངས་རྒྱས་ཀྱིས་བྱིན་གྱིས་བརླབས་པའི་དུས་ཆེན་རྣམ་པ་བཞི་སྟེ། བོད་ཟླ་དང་པོའི་ཚེས་བཅོ་ལྔ་ཆོ་འཕྲུལ་ཆེན་པོའི་དུས་ཆེན། བོད་ཟླ་བཞི་བའི་ཚེས་བཅོ་ལྔ་མངོན་པར་བྱང་ཆུབ་པའི་དུས་ཆེན་དང༌། བོད་ཟླ་དྲུག་པའི་ཚེས་བཞི་ཆོས་འཁོར་བསྐོར་བའི་དུས་ཆེན། བོད་ཟླ་དགུ་བའི་ཚེས་ཉེར་གཉིས་ལྷ་ལས་བབ་པའི་དུས་ཆེན་བཅས་སོ། །
1 ལོ་ཙཱ།

རྒྱ་ཡིག 四大节日

དབྱིན་ཡིག Four festivals

2 རྒྱས་འགྲེལ།

1.བོད་རྒྱ་ཚིག་མཛོད་ཆེན་མོ་ལས།སངས་རྒྱས་ཀྱིས་བྱིན་གྱིས་བརླབས་པའི་དུས་ཆེན་རྣམ་པ་བཞི་སྟེ། མངོན་པར་བྱང་ཆུབ་པའི་དུས་ཆེན་དང༌། ཆོས་འཁོར་བསྐོར་བའི་དུས་ཆེན། ལྷ་ལས་བབ་པའི་དུས་ཆེན། ཆོ་འཕྲུལ་ཆེན་པོའི་དུས་ཆེན་རྣམས་སོ།།佛加持的四个节日:现证菩提、转妙法轮、自天下降和示现神变等四大节日。

2.སྨོན་ལམ་ཚིག་མཛོད་ཆེན་མོ་ལས།སངས་རྒྱས་ཀྱིས་བྱིན་གྱིས་བརླབས་པའི་དུས་ཆེན་རྣམ་པ་བཞི་སྟེ།བོད་ཟླ་དང་པོའི་ཚེས་བཅོ་ལྔ་ཆོ་འཕྲུལ་ཆེན་པོའི་དུས་ཆེན།བོད་ཟླ་བཞི་བའི་ཚེས་བཅོ་ལྔ་མངོན་པར་བྱང་ཆུབ་པའི་དུས་ཆེན་དང༌།བོད་ཟླ་དྲུག་པའི་ཚེས་བཞི་ཆོས་འཁོར་བསྐོར་བའི་དུས་ཆེན།བོད་ཟླ་དགུ་བའི་ཚེས་ཉེར་གཉིས་ལྷ་ལས་བབ་པའི་དུས་ཆེན་བཅས་སོ། །

སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-09-14

གསར་སྤེལ་མཁན། :དཔལ་ཚེ་རྡོར

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།