ཞ་མོན་བདེ་སྲུང་ཚན་རྩལ་ལས་རིགས་སློབ་གླིང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཞ་མོན་བདེ་སྲུང་ཚན་རྩལ་ལས་རིགས་སློབ་གླིང་།
ཞ་མོན་བདེ་སྲུང་ཚན་རྩལ་ལས་རིགས་སློབ་གླིང་ནི་ཧྥུ་ཅན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཆོག་མཆན་བཀོད་དེ་རྒྱལ་ཁབ་སློབ་གསོ་པུའུ་ལ་ཐོ་འགོད་སྙན་སེང་ཞུས་པའི་ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་མཐོ་རིམ་སློབ་གྲྭ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
厦门安防科技职业学院
གཙོ་གཉེར་ཚན་པ།
ཧྥུ་ཅན་ཞིང་ཆེན་སློབ་གསོ་ཐིང་།
དབྱིན་ཡིག་གི་མིང་།
Xiamen Security Science and Technology College
ད་ལྟའི་འགོ་ཁྲིད།
ཡེ་གོ་ཐུང་།
བཙུགས་ལོ།
སྤྱི་ལོ2004ལོར།
སློབ་སྒྲུབ་ཁྱད་ཆོས།
དམངས་བཙུགས་མཐོ་རིམ་སློབ་གྲྭ།
སློབ་གྲྭའི་རིགས་དབྱེ།
ཕྱོགས་བསྡུས།
1 སློབ་སྒྲུབ་ཆ་རྐྱེན།

སློབ་གླིང་ཞ་མོན་གྲོང་ཁྱེར་ཤང་ཨན་ཆུས་སློབ་གླིང་དུ་གནས་པ་དང་སློབ་གྲྭའི་འཆར་འགོད་རྒྱ་ཁྱོན་མུའུ580ཟིན་ཡོད། སློབ་གྲྭའི་ནང་དུ་འཛུགས་སྐྲུན་རྒྱ་ཁྱོན་ཁྲི14ཡོད་ཅིང་སློབ་ཁྲིད་ཐོག་ཁང་དང་། ཚོད་ལྟའི་དངོས་སྦྱོང་རྟེན་གཞི། དཔེ་མཛོད་ཁང་། ལུས་རྩལ་ཁང་། སྲིད་འཛིན་གཞུང་ལས་ཐོག་ཁང་། སློབ་མའི་ལས་ཤག་གི་ཐོག་ཁང་། སློབ་གྲྭའི་ལས་བཟོ་དང་སྤྱི་པའི་སྡོད་ཁང་། ཟ་ཁང་སོགས་བཙུགས་ནས་རྨང་གཞིའི་སྒྲིག་བཀོད་ཆ་ཚང་ལ། དེབ་ཁྲི19ཙམ་ཉར་ཚགས་བྱས་པ་དང་བརྒྱུད་ལམ་སྣེ་མང་གི་སློབ་ཁང60ལྷག་ཙམ་ཡོད།

སློབ་གྲྭ་ཆེན་མོར་ལས་འཛིན་པའི་ལྷན་ཚོགས་ཀྱི་འགོ་ཁྲིད་འོག་གི་འགོ་འཛིན་གྱིས་འགན་འཁུར་བའི་ལམ་ལུགས་ལག་བསྟར་བྱས་ཏེ། ཁྲིམས་ལྟར་སློབ་གྲྭ་སྐྱོང་བ་དང་རིགས་གཅིག་མཁས་པས་སློབ་གྲྭ་སྐྱོང་བ་ཡིན་ལ། ཏང་སྲིད་གཞུང་ལས་ཁང་དང་། སློབ་དོན་ཁྲུའུ། སློབ་མའི་ཁྲུའུ། དཔེ་མཛོད་ཁང་། དངོས་སྦྱོང་ལྟེ་གནས་སོགས་འགན་ནུས་སྡེ་ཁག14བཙུགས་ཤིང་། དགེ་རྒན་དང་ལས་བཟོ་པ200ལྷག་ཡོད་པ་དང་ཆེད་བསྐོས་དགེ་རྒན135ཡོད། དེའི་ནང་མཐོ་རིམ་གཞོན་པ་ཡན་གྱི་གོ་མིང་ཐོབ་མཁན26ཡོད་པ་དང་རབ་འབྱམས་པ་དང་དེ་ཡན་གྱི་བསླབ་གནས་ཐོབ་མཁན33ཡོད། གཉིས་འཇོན་རྣམ་པའི་དགེ་རྒན35དང་ཞིང་ཆེན་རིམ་པའི་ཕུལ་བྱུང་དགེ་རྒན2ཡོད་པ་དང་། ཀྲུང་གོའི་ལུས་རྩལ་ལོ་རྒྱུས་ཀྱི་ཆེད་མཁས་པ1ཡོད། གདན་ཞུས་དགེ་རྒན་ཆེན་མོ15དང་མཐོ་རིམ་བཟོ་བཀོད་པ་གདན་ཞུས་ལས་བསྐོས་ཀྱིས་རིག་གཞུང་ཞིབ་འཇུག་པ་སོགས་ཡོད།

2 ཆེད་ལས་སྒྲིག་བཀོད།

སློབ་གླིང་དུ་བདེ་འཇགས་སྔོན་འགོག་ཚན་ཁག་དང་། ཆ་འཕྲིན་ཚན་ཁག དཔལ་འབྱོར་དོ་དམ་ཚན་ཁག མཁའ་འགྲུལ་དང་ཡུལ་སྐོར་ཚན་ཁག སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཚན་ཁག བསམ་བློ་ཆབ་སྲིད་སློབ་དཔྱོད་པུའུ་བཅས་བཙུགས་ཡོད་ལ། ཨར་སྐྲུན་རིག་ནུས་ཅན་གྱི་ལས་གྲྭའི་ལག་རྩལ་དང་། བདེ་འཇགས་དོགས་ཟོན་ལག་རྩལ། ཡུལ་སྐོར་དོ་དམ། མཁའ་དབྱིངས་ཀྱི་ཞབས་ཞུའི་ལས་དོན་སོགས་མཐོ་རིམ་ལས་རིགས་ཆེད་ལས21བཙུགས་ཡོད། ཆེད་ལས་གཉིས(ཨར་ལས་རིག་ནུས་ཅན་གྱི་ལས་གྲྭའི་ལག་རྩལ་དང་ཡུལ་སྐོར་དོ་དམ)ཀྱིས་ཧྥུ་ཅན་ཞིང་ཆེན་གྱི་མཐོ་རིམ་སློབ་གྲྭའི་གསར་གཏོད་ལས་གཏོད་སློབ་གསོ་སྒྱུར་བཅོས་ཀྱི་ཚོད་ལྟའི་ཆེད་ལས་ཡིན་ལ། དེའི་ནང“ཨར་སྐྲུན་རིག་ནུས་ཅན་གྱི་ལས་གྲྭའི་ལག་རྩལ་ཆེད་ལས”ནི་ཞིང་ཆེན་རིམ་པའི་དཔེ་སྟོན་ཆེད་ལས་ཡིན་པ་དང་གྲོང་ཁྱེར་རིམ་པའི་གཙོ་གནད་ཆེད་ལས་ཡིན། སློབ་ཚན་གསུམ(རྨང་གཞིའི་རྩིས་གཉེར་དང་། བདེ་འཇགས་དོགས་ཟོན་ལག་རྩལ། སློབ་ཆེན་སློབ་མའི་གསར་གཏོད་ལས་གཏོད་མཛུབ་སྟོན)ནི་ཧྥུ་ཅན་ཞིང་ཆེན་མཐོ་རིམ་སློབ་གྲྭའི་སྤུས་ལེགས་ཐོན་ཁུངས་མཉམ་སྤྱོད་སློབ་ཚན་ཡིན།

3 སློབ་སྒྲུབ་ལོ་རྒྱུས།

སྤྱི་ལོ2019ལོའི་ཟླ4པའི་ཚེས9ཉིན་ཞ་མོན་བདེ་འཇགས་འགོག་སྲུང་ཚན་རྩལ་ལས་རིགས་སློབ་གླིང་གི་ལུས་རྩལ་ཚོང་ལས་སློབ་གླིང་ལ་དངོས་སུ་སྒོ་བྱང་བཀལ་ནས་བཙུགས། 

4 སློབ་སྒྲུབ་ཁྱད་ཆོས།

རྒྱལ་ཡོངས་སུ་བདེ་སྲུང་ཚན་རྩལ་གྱིས་མིང་བཏགས་པའི་ཉིན་ཧྲིལ་པོའི་ལམ་ལུགས་ཀྱི་མཐོ་རིམ་ལས་རིགས་སློབ་གླིང་དང་སློབ་གྲྭ་སྔ་ཤོས་ཡིན་ལ། ཁྱད་ཆོས་ལྡན་པའི་བདེ་སྲུང་ཁྱབ་ཁོངས་ཀྱི་ཚན་རྩལ་མཐོ་བའི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་དགོས་པ་དང་། སློབ་ཐོན་སྐབས་ཡིག་རྒྱུགས་ལོན་ནས་བདེ་སྲུང་བཟོ་སྐྲུན་དགེ་རྒན་གྱི་ལས་རིགས་ཐོབ་ཐང་ལག་ཁྱེར་རག་ཡོད།

སློབ་གྲྭས་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་སྟངས་ཀྱི་སློབ་གཉེར་འདུ་ཤེས་གསར་གཏོད་བྱས་ཏེ། དམག་དོན་ཅན་གྱི་དོ་དམ་བརྒྱུད་སློབ་མའི་བློ་སྟོབས་དང་ཚོགས་པའི་སྙིང་སྟོབས་གསོ་སྐྱོང་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་དངུལ་དང་ལས་སློབ་གཉིས་བརྩོན་བྱས་པ་བརྒྱུད་སློབ་མའི་རང་ཚུགས་རང་འབད་ཀྱི་སྙིང་སྟོབས་གསོ་སྐྱོང་བྱ་རྒྱུ་དང་། སྐུལ་ལྕག་སློབ་ཞུགས་རོགས་དངུལ་དང་ལས་སྐྲུན་ཐེབས་རྩ་བཙུགས་ནས་ལས་སྐྲུན་ཅན་གྱི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱས་ཤིང་། སློབ་གྲྭ་དང་ཁེ་ལས་མཉམ་ལས་བྱས་པ་བརྒྱུད་ལག་ལེན་དངོས་ཀྱི་སྦྱོང་བརྡར་ལ་མཐོང་ཆེན་དང་། འཇོན་ཐང་ཅན་གྱི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱས།

དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-09-03

གསར་སྤེལ་མཁན། :ཡུན་དུང་སྐྱབས་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།