ཞ་མོན་ནན་དབྱང་ལས་རིགས་སློབ་གླིང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཞ་མོན་ནན་དབྱང་ལས་རིགས་སློབ་གླིང་།
ཞ་མོན་ནན་དབྱང་ལས་རིགས་སློབ་གླིང་ནི་ཧྥུ་ཅན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཆོག་མཆན་བཀོད་པ་དང་སློབ་གསོ་པུའུ་ཡིས་སྙན་སེང་ཐོ་འགོད་བྱས་པའི་ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་མཐོ་རིམ་ལས་རིགས་སློབ་གླིང་ཞིག་ཡིན་ལ། སྤྱི་ལོ2020ལོའི་ཟླ2པར་སློབ་གྲྭའི་དྲ་བའི་ཐོག་ནས་མངོན་པར་གཞིགས་ན། རྒྱ་ཁྱོན་མུའུ600དང་འཛུགས་སྐྲུན་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི31ཟིན་པ་དང་ཆེད་ལས46དང་ཆེད་བསྐོས་དགེ་རྒན301ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
厦门南洋职业学院
གཙོ་གཉེར་ཚན་པ།
ཧྥུ་ཅན་ཞིང་ཆེན།
དབྱིན་ཡིག་གི་མིང་།
XiaMen NanYang University
མཐོ་རིམ་ལས་རིགས་ཆེད་ལས།
46
བཙུགས་ལོ།
སྤྱི་ལོ2000ལོར།
རིགས་དབྱེ།
དམངས་བཙུགས་མཐོ་རིམ་སློབ་གྲྭ།
སློབ་གྲྭའི་རིགས་དབྱེ།
ཕྱོགས་བསྡུས།
སློབ་གྲྭའི་ཚབ་ཨང་།
14111
ངོ་བོ།
ཉིན་ཧྲིལ་བོའི་ལམ་ལུགས་ཅན་གྱི་མཐོ་རིམ་ལས་རིགས་སློབ་གྲྭ།
1 སློབ་སྒྲུབ་ལོ་རྒྱུས།

སྤྱི་ལོ2000ལོར་ལུའུ་ཅ་ཧྲེང་སོགས་མཁས་དབང་དང་ཁེ་ལས་མཁས་ཅན15ཡིས་མཉམ་དུ་ཞ་མོན་ནན་དབྱང་ལས་རིགས་སློབ་གླིང་འཛུགས་རྒྱུའི་གྲོས་འགོ་བཏོན།

སྤྱི་ལོ2011ལོར་སློབ་གྲྭས་སློབ་གསོ་པུའུ་ཡི་ཤེས་ལྡན་མི་སྣ་གསོ་སྐྱོང་ལས་དོན་གྱི་དཔྱད་དཔོག་བརྒྱུད་ཕྱི་རྒྱལ་གྱི་སློབ་མ་བསྡུ་བའི་ཐོབ་ཐང་སྤྲད།

སྤྱི་ལོ2012ལོར་ཞ་མོན་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་སློབ་གྲྭ་གཙོ་གནད་དུ་བཟུང་ནས་རྒྱབ་སྐྱོར་བྱ་རྒྱུ་དེ་མཐོ་རིམ་ལས་རིགས་སློབ་གསོའི་དངོས་གཞིའི་ཚན་ཁག་གི་སློབ་གླིང་དང་སློབ་གྲྭར་རིམ་སྤོར་བྱ་རྒྱུར་གཏན་འཁེལ་བྱས།

2 སློབ་གླིང་དང་སྡེ་ཁག་གི་ཆེད་ལས། 

སྤྱི་ལོ2020ལོའི་ཟླ2པའི་སློབ་གྲྭའི་དྲ་བའི་ཐོག་ནས་མངོན་པར་གཞིགས་ན། སློབ་གྲྭར་རིམ་པ་གཉིས་པའི་སློབ་གླིང་དང་བསམ་བློ་ཆབ་སྲིད་སློབ་གསོའི་ཞིབ་འཇུག་པུའུ8དང་ཆེད་ལས46བཙུགས་ཡོད། སྒྲིག་ཆས་བཟོ་སྐྲུན་དང་ས་ཤིང་བཟོ་སྐྲུན། གློག་རྡུལ་ཆ་འཕྲིན། ནོར་སྲིད་ཚོང་དོན། ཡུལ་སྐོར། རིག་གནས་སྒྱུ་རྩལ་སོགས་མཐོ་རིམ་ལས་རིགས་སློབ་གསོའི་ཆེད་ལས་ཆེ་གྲས་ཚུད་ཡོད་ལ། དེའི་ནང་བཟོ་རིག་ཆེད་ལས་པ25ཡོད་པ་དང་སྔོན་ཐོན་བཟོ་སྐྲུན་ལག་རྩལ་དང་། གློག་རྡུལ་ཆ་འཕྲིན་ལག་རྩལ། དེང་རབས་ཀྱི་ཞབས་ཞུ་དང་དོ་དམ། རིག་གནས་སྒྱུ་རྩལ། ཨར་ལས་འཛུགས་སྐྲུན། ནོར་སྲིད་དཔལ་འབྱོར། ཚོང་དོན་སོགས་ཆེད་ལས་ཆེ་གྲས7གྲུབ་ཡོད། 

2_1 བཟོ་སྐྲུན་སློབ་གླིང་།

གཞི་གྲངས་དབྱེ་ཞིབ་དང་བེད་སྤྱོད། མཉེན་ཆས་ལག་རྩལ། རྩིས་འཁོར་དྲ་རྒྱའི་ལག་རྩལ། མཉེན་ཆས་ལག་རྩལ། དངོས་ཟོག་དྲ་སྦྲེལ་བེད་སྤྱོད་ལག་རྩལ། 

2_2 དོ་དམ་སློབ་གླིང་།

ཁྱིམ་སྲིད་ཞབས་ཞུ་དང་དོ་དམ། ཟོག་འགྲེམས་དོ་དམ། གློག་རྡུལ་ཚོང་དོན། རྒྱལ་སྤྱིའི་དཔལ་འབྱོར་དང་ཚོང་དོན། ཁྲོམ་རའི་ཚོང་གཉེར། བཟོ་ཚོང་ཁེ་ལས་དོ་དམ། རྩིས་པ། 

2_3 སྒྱུ་རྩལ་ཇུས་འགོད་སློབ་གླིང་།

ཇུས་འགོད་དང་ཨར་ལས་ཁང་ནང་ཇུས་འགོད། གྲངས་འཛིན་སྨྱན་སྦྱོར་སྒྱུ་རྩལ་ཇུས་འགོད། འགུལ་རིས་བཟོ་འགོད་ཇུས་འགོད། གྱོན་ཆས་དང་རྒྱན་གོས་ཇུས་འགོད། བརྡ་ཁྱབ་ཇུས་འགོད་དང་བཟོ་སྐྲུན། ཁོར་ཡུག་སྒྱུ་རྩལ་ཇུས་འགོད།

2_4 ཡུལ་སྐོར་སློབ་གླིང་།

མྱུར་བགྲོད་ལྕགས་ལམ་འགྲུལ་སྐྱེལ་འཁོར་དོན་དང་། གྲོང་ཁྱེར་གྱི་ལྕགས་ལམ་འགྲིམ་འགྲུལ་གཉེར་སྐྱོང་དོ་དམ། མཁའ་དབྱིངས་འཁོར་དོན། ཡུལ་སྐོར་དོ་དམ། ཨར་ཁང་དོ་དམ། རྒྱལ་སྤྱིའི་སྦྲག་སྐྱེལ་གྲུ་གཟིངས་ཀྱི་འཁོར་དོན་དོ་དམ། 

2_5 ཨར་ལས་བཟོ་སྐྲུན་སློབ་གླིང་།

བཟོ་སྐྲུན་ཇུས་འགོད་དང་། བཟོ་སྐྲུན་ཨར་ལས་ལག་རྩལ། བཟོ་སྐྲུན།

2_6 སྤྱི་ཚོགས་ཚན་རིག་གླིང་།

སློབ་སྔོན་སློབ་གསོ་དང་བྱིས་པའི་འཕེལ་རྒྱས་དང་བདེ་ཐང་དོ་དམ། རོལ་དབྱངས་འཁྲབ་སྟོན(བྱིས་པའི་རོལ་དབྱངས་འཁྲབ་སྟོན་ཁ་ཕྱོགས)དང་ཉེར་སྤྱོད་དབྱིན་ཡིག(བྱིས་པའི་དབྱིན་ཡིག་ཁ་ཕྱོགས)

2_7 འཕྲུལ་གློག་སློབ་གླིང་།

བཟོ་ལས་འཕྲུལ་མིའི་ལག་རྩལ་དང་། གློག་རླངས་རང་འགུལ་ཅན་གྱི་ལག་རྩལ། འཕྲུལ་གློག་གཞི་གཅིག་ཅན་གྱི་ལག་རྩལ། དཔེ་ཆས་ཇུས་འགོད་དང་བཟོ་སྐྲུན། གྲངས་འཛིན་ལག་རྩལ། སློབ་གླིང་གི་གྲངས་གཞིའི་སྨྱན་སྦྱོར་སྒྱུ་རྩལ་ཇུས་འགོད། རོལ་དབྱངས་འཁྲབ་སྟོན།

3 དགེ་རྒན་གྱི་དཔུང་སྡེ།

སྤྱི་ལོ2020ལོའི་ཟླ2པར་སློབ་གྲྭའི་གཞུང་ཕྱོགས་དྲ་ཚིགས་ཐོག་མངོན་པར་གཞིགས་ན། སློབ་གླིང་དུ་རྒྱལ་ཡོངས་ཀྱི་ལས་རིགས་སློབ་གསོའི་ཕུལ་བྱུང་སློབ་གཙོ1དང་། ཧྥུ་ཅན་ཞིང་ཆེན་གྱི“ལས་རིགས་སློབ་གླིང་གི་སློབ་གཙོ་མིང་ཅན”1ཞིང་ཆེན་རིམ་པའི་ཆེད་ལས་སྣེ་ཁྲིད་པ3 ཞིང་ཆེན་རིམ་པའི་སློབ་གསོའི་དཔྱད་དཔོག་རིགས་གཅིག་མཁས་ཅན6 ཧྥུ་ཅན་ཞིང་ཆེན་གྱི་གཞོན་ནུའི་ཚན་ཞིབ་གསར་གཏོད་ཤེས་ལྡན་མི་སྣ1 ཞ་མོན་གྲོང་ཁྱེར་གྱི་གཞོན་ནུའི་གསར་གཏོད་ཤེས་ལྡན་མི་སྣ1བཅས་ཡོད།

4 སློབ་ཁྲིད་གྲུབ་འབྲས།

“བཟོ་སློབ་ཟུང་འབྲེལ་གྱི་མཐོ་རིམ་ལས་རིགས་རྩིས་གཉེར་གྱི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་སྟངས”ཀྱི་ཞིབ་འཇུག་བྱ་གཞིར་ཀྲུང་གོའི་ཤེས་ལྡན་འདུ་འགོད་ཞིབ་འཇུག་ལྷན་ཚོགས་ཀྱི་རྨང་གཞིའི་སློབ་གསོའི“ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”ཚན་རིག་ཞིབ་འཇུག་འཆར་འགོད་ཀྱི་གཙོ་གནད་ཞིབ་འཇུག་བྱ་གཞིའི་སློབ་དཔྱོད་གྲུབ་འབྲས་ཀྱི་བྱ་དགའ་རིམ་པ་དང་པོ་ཐོབ། “‘ཕྱོགས་ལྔ་གཞི་གཅིག”གི་རྩལ་ནུས་འགྲན་བསྡུར་ལས་སྟེགས་ལ་བརྟེན་པའི་མཐོ་རིམ་ལས་རིགས་ལག་རྩལ་གྱི་རྩལ་ནུས་ཅན་གྱི་ཤེས་ལྡན་མི་སྣ་གསོ་སྐྱོང་གི་འཚོལ་ཞིབ་དང་ལག་ལེན་དང་དུས་རབས་གསར་པའི་སློབ་གྲྭ་དང་ཁེ་ལས་ཀྱིས་གསར་གཏོད་རྣམ་པའི་ཤེས་ལྡན་མི་སྣ་གསོ་སྐྱོང་གི་རྣམ་པ་འཚོལ་ཞིབ་དང་ལག་ལེན་བྱས་པར་བརྟེན། ཁག་སོ་སོ་ལ་སྤྱི་ལོ2018ལོའི་ཧྥུ་ཅན་ཞིང་ཆེན་གྱི་ལས་རིགས་སློབ་གསོའི་སློབ་ཁྲིད་ཀྱི་གྲུབ་འབྲས་བྱ་དགའི་བྱ་དགའ་རིམ་པ་དང་པོ་དང་ཨང་གཉིས་པ་ཐོབ།

5 ཞིབ་འཇུག་གི་གྲུབ་འབྲས།

སྤྱི་ལོ2019ལོའི་ཞ་མོན་ནན་དབྱང་ལས་རིགས་སློབ་གླིང་གི་སྤུས་ཚད་ལོ་འཁོར་སྙན་ཞུ་ལས་མངོན་པར། སློབ་གླིང་ལ་ཤེས་བྱའི་བདག་དབང་ཁག14(དེའི་ནང་རྒྱལ་ཁབ་ཀྱི་གསར་གཏོད་ཁེ་བེད་བདག་ཐོབ་ཁག1ཡོད)སྤྲད་པའི་ནང་སློབ་གྲྭ་དང་ཞ་མོན་ཤིས་ཁོའོ་རང་འགུལ་ཅན་ཚད་ཡོད་ཀུང་སིའི་ལག་རྩལ་མི་སྣ་ལས་གྲུབ་པའི་ཚན་ཞིབ་ཚོགས་པ་ཚུད་ཅིང་། ཁེ་བེད་བདག་ཐོབ4ཐོབ་པ་དེའི་ནང་དངོས་སྤྱོད་དཔེ་གསར་གྱི་ཁེ་བེད་བདག་ཐོབ3དང་ཕྱི་ཚུལ་ཇུས་འགོད་ཀྱི་ཁེ་བེད་བདག་ཐོབ་1འདུས་ཡོད།

6 རིག་གཞུང་ཐོན་ཁུངས།

སྤྱི་ལོ2020ལོའི་ཟླ2པར་སློབ་གྲྭའི་གཞུང་ཕྱོགས་དྲ་ཚིགས་ཐོག་མངོན་པར་གཞིགས་ན། སློབ་གླིང་གི་དཔེ་མཛོད་ཁང་དུ་ཉར་ཚགས་བྱས་པའི་དཔེ་དེབ་ཁྲི80ཡོད། 

དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-09-07

གསར་སྤེལ་མཁན། :ཡུན་དུང་སྐྱབས་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།