ཧོ་པེ་འཕྲུལ་གློག་ལས་རིགས་ལག་རྩལ་སློབ་གླིང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཧོ་པེ་འཕྲུལ་གློག་ལས་རིགས་ལག་རྩལ་སློབ་གླིང་།
ཧོ་པེ་འཕྲུལ་གློག་ལས་རིགས་ལག་རྩལ་སློབ་གླིང་ནི་ཞིང་ཐའེ་གྲོང་ཁྱེར་ཞིན་ཏུའུ་ཆུས་སུ་གནས་ཡོད། དེ་ནི་ཧོ་པེ་ཞིང་ཆེན་སློབ་གསོ་ཐིང་གི་ཁོངས་སུ་གཏོགས་པའི་རྒྱལ་གཉེར་ཉིན་ཧྲིལ་པོའི་ལམ་ལུགས་ཀྱི་མཐོ་རིམ་སློབ་གླིང་དཀྱུས་མ་ཞིག་ཡིན་པ་དང་སྤྱི་ལོ1956ལོར་བཙུགས། སློབ་གྲྭ་ནི་ཧོ་པེ་ཞིང་ཆེན་གྱི་དཔེ་སྟོན་རང་བཞིན་གྱི་མཐོ་རིམ་ལས་རིགས་སློབ་གླིང་དང་། ཧོ་པེ་ཞིང་ཆེན་མཐོ་རིམ་ལས་རིགས་ཀྱི“མཐོ་གཉིས”ཀྱི་འཆར་གཞིའི་རྣམ་གྲངས་འཛུགས་སྐྲུན་ཚན་པ། རྒྱལ་ཁབ་འཕྲུལ་གློག་ལས་རིགས་ཀྱི་རྐང་འཛིན་སློབ་གྲྭ། རྒྱལ་ཡོངས་འཕྲུལ་ཆས་ལས་རིགས་ཀྱི་སློབ་གྲྭ་དང་ཁེ་ལས་མཉམ་ལས་དང་འཇོན་མི་གསོ་སྐྱོང་གི་ཕུལ་བྱུང་ལས་རིགས་སློབ་གྲྭ། ཧོ་པེ་ཞིང་ཆེན་སྒྲིག་ཆས་བཟོ་སྐྲུན་ལས་རིགས་སློབ་གསོ་ཚོགས་པའི་སྣེ་ཁྲིད་ཚན་པ། “པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་དེང་རབས་བཟོ་སྐྲུན་ལས་རིགས་ཀྱི་ལས་རིགས་སློབ་གསོ་ཚོགས་པའི”དྲུང་ཡིག་ཆེན་མོ་གཞོན་པའི་སྡེ་ཚན་བཅས་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
河北机电职业技术学院
ཕྱི་ཡིག་གི་མིང་།
Hebei Institute of Mechanical and electroninc Technology
བཙུགས་ལོ།
སྤྱི་ལོ1956ལོར་བཙུགས།
གཙོ་གཉེར་སྡེ་ཁག
ཧོ་པེ་ཞིང་ཆེན་སློབ་གསོ་ཐིང་།
རིགས་དབྱེ།
གཞུང་གཉེར་མཐོ་རིམ་སློབ་ཆེན།
ལས་ཐོག་འགོ་ཁྲིད།
སློབ་གཙོ། ཝང་ཞའོ་ཧྥེང་།
རྣམ་པ།
རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པ།
སློབ་གླིང་དང་སྡེ་ཁག་བཀོད་སྒྲིག
འཕྲུལ་ཆས་དང་། གློག་ཤུགས། རླངས་འཁོར། རྒྱུ་ཆ། ཆ་འཕྲིན། ནོར་སྲིད་དོ་དམ། ལུས་རྩལ་སོགས་སྡེ་ཁག7ཡོད།
ངོ་བོ།
ཧོ་པེ་ཞིང་ཆེན་གྱི་དཔེ་སྟོན་རང་བཞིན་གྱི་མཐོ་རིམ་ལས་རིགས་སློབ་གྲྭ།
གནས་ཡུལ།
ཧོ་པེ་ཞིང་ཆེན་ཞིང་ཐའེ་གྲོང་ཁྱེར་ཞིན་ཏུའུ་ཆུས་ཆོན་པེ་ནུབ་ཁྲོམ་གཞུང་ནུབ་མའིཨང་རྟགས1169པར་གནས་ཡོད།
གཟི་བརྗིད་མཚན་སྙན།
ཧོ་པེ་ཞིང་ཆེན་ལས་རིགས་ལག་རྩལ་སློབ་གསོའི་སྔོན་ཐོན་ཚན་པ། ཧོ་པེ་ཞིང་ཆེན་གྱི་སློབ་ཁྲིད་སྒྱུར་བཅོས་ཀྱི་སྔོན་ཐོན་ཚན་པ།
གཞུང་ཕྱོགས་དྲ་གནས།
http://www.hbjd.com.cn/
1 ངོ་སྤྲོད་མདོར་བསྡུས།

ཧོ་པེ་འཕྲུལ་གློག་ལས་རིགས་ལག་རྩལ་སློབ་གླིང་ནི(HebeiInstituteofMechanicalandelectronincTechnology) ཞིང་ཐའེ་གྲོང་ཁྱེར་ཞིན་ཏུའུ་ཆུས་སུ་གནས་ཡོད། དེ་ནི་ཧོ་པེ་ཞིང་ཆེན་སློབ་གསོ་ཐིང་གི་ཁོངས་སུ་གཏོགས་པའི་རྒྱལ་གཉེར་ཉིན་ཧྲིལ་པོའི་ལམ་ལུགས་ཀྱི་མཐོ་རིམ་སློབ་གླིང་དཀྱུས་མ་ཞིག་ཡིན་པ་དང་སྤྱི་ལོ1956ལོར་བཙུགས། སློབ་གྲྭ་ནི་ཧོ་པེ་ཞིང་ཆེན་གྱི་དཔེ་སྟོན་རང་བཞིན་གྱི་མཐོ་རིམ་ལས་རིགས་སློབ་གླིང་དང་། ཧོ་པེ་ཞིང་ཆེན་མཐོ་རིམ་ལས་རིགས་ཀྱི“མཐོ་གཉིས”ཀྱི་འཆར་གཞིའི་རྣམ་གྲངས་འཛུགས་སྐྲུན་ཚན་པ། རྒྱལ་ཁབ་འཕྲུལ་གློག་ལས་རིགས་ཀྱི་རྐང་འཛིན་སློབ་གྲྭ། རྒྱལ་ཡོངས་འཕྲུལ་ཆས་ལས་རིགས་ཀྱི་སློབ་གྲྭ་དང་ཁེ་ལས་མཉམ་ལས་དང་འཇོན་མི་གསོ་སྐྱོང་གི་ཕུལ་བྱུང་ལས་རིགས་སློབ་གྲྭ། ཧོ་པེ་ཞིང་ཆེན་སྒྲིག་ཆས་བཟོ་སྐྲུན་ལས་རིགས་སློབ་གསོ་ཚོགས་པའི་སྣེ་ཁྲིད་ཚན་པ། “པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་དེང་རབས་བཟོ་སྐྲུན་ལས་རིགས་ཀྱི་ལས་རིགས་སློབ་གསོ་ཚོགས་པའི”དྲུང་ཡིག་ཆེན་མོ་གཞོན་པའི་སྡེ་ཚན་བཅས་ཡིན། སྤྱི་ལོ2003ལོའི་ཟླ4པར། ཧོ་པེ་ཞིང་ཆེན་མི་དམངས་སྲིད་གཞུང་གིས་སློབ་གྲྭ་རང་ཚུགས་ངང་མཐོ་རིམ་སློབ་གླིང་དཀྱུས་མར་རིམ་སྤོར་བྱ་རྒྱུའི་ཆོག་མཆན་སྤྲད་པ་དང་ “ཧོ་པེ་འཕྲུལ་གློག་ལས་རིགས་ལག་རྩལ་སློབ་གླིང”ཞེས་མིང་བསྒྱུར། སྤྱི་ལོ2020ལོའི་ཟླ8པར་སློབ་གྲྭའི་དྲ་བའི་ཐོག་མངོན་ཡོད་པ་ལྟར་ན སློབ་གླིང་གི་ས་ཁྱོན་ལ་མུའུ800ཙམ་ཡོད་པ་དང་སློབ་ཁྲིད་སྡེ་ཁག9བཙུགས་ཡོད། ཆེད་སྦྱོང་ཚན་ཁག་གི་ཆེད་ལས41བཙུགས་ཡོད་པ་དང་ད་ལྟ་དགེ་རྒན་དང་ལས་བཟོ600ལྷག་ཙམ་དང་སློབ་གྲྭར་ཡོད་མུས་ཀྱི་སློབ་མ12000ཡོད། སློབ་གྲྭར་ད་ལྟ“རྒྱལ་ཁབ་ཀྱི་གྲངས་གཞིའི་ཚོད་འཛིན་ལག་རྩལ་གྱི་རྩལ་ནུས་ཤིན་ཏུ་དཀོན་པའི་འཇོན་མི་གསོ་སྐྱོང་དངོས་སྦྱོང་རྟེན་གཞི”དང་། “རྒྱལ་ཁབ་ཀྱི་དཔེ་སྟོན་རང་བཞིན་གྱི་གློག་ལས་གློག་རྡུལ་དང་རང་འགུལ་ཅན་གྱི་ལག་རྩལ་དངོས་སྦྱོང་རྟེན་གཞི”“ཀྲུང་དབྱང་ནོར་སྲིད་ཀྱིས་རྒྱབ་སྐྱོར་བྱེད་པའི་འཕྲུལ་ཆས་བཟོ་སྐྲུན་དང་རང་འགུལ་ཅན་གྱི་དངོས་སྦྱོང་རྟེན་གཞི”“ཀྲུང་དབྱང་ནོར་སྲིད་ཀྱིས་རྒྱབ་སྐྱོར་བྱེད་པའི་རྒྱལ་ཁབ་རིམ་པའི་རླངས་འཁོར་གློག་རྡུལ་དངོས་སྦྱོང་རྟེན་གཞི”སོགས་རྒྱལ་ཁབ་རིམ་པའི་དངོས་སྦྱོང་རྟེན་གཞི4ཡོད།

2 སློབ་སྒྲུབ་ཆ་རྐྱེན།

ཧོ་པེ་འཕྲུལ་གློག་ལས་རིགས་ལག་རྩལ་སློབ་གླིང་ནི་དུས་རབས་གོང་མའི་ལོ་རབས50པའི་དུས་འགོར་བཙུགས་པ་དང་། ཧོ་པེ་ཞིང་ཆེན་སློབ་གསོ་ཐིང་གི་ཁོངས་སུ་གཏོགས། བཟོ་རིག་ཚན་ཁག་གཙོ་བོར་བཟུང་ཡོད་པ་དང་། རིགས་སྣ་འཛོམས་པའི་རྒྱལ་གཉེར་ཉིན་ཧྲིལ་པོའི་ལམ་ལུགས་ཀྱི་མཐོ་སློབ་དཀྱུས་མ་ཞིག་ཡིན། ད་ལྟ་ཧོ་པེ་ཞིང་ཆེན་ཞིང་ཐའེ་གྲོང་ཁྱེར་དུ་གནས་ཤིང་། རྒྱལ་ཡོངས་ལ་ཁ་ཕྱོགས་ནས་སློབ་མ་བསྡུ་བཞིན་ཡོད། སློབ་གྲྭར་སློབ་མ9000ཡོད་པ་དང་། དེ་ནི་རྒྱལ་ཁབ་འཕྲུལ་གློག་ལས་རིགས་ཀྱི་རྐང་འཛིན་སློབ་གླིང་ཞིག་ཡིན། སློབ་གླིང་གི་རྒྱ་ཁྱོན་ལ་མུའུ762.9ཡོད་པ་དང་འཆར་འགོད་ཀྱི་སྤྱིའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི48ཡོད། སློབ་གྲྭའི་བཀོད་སྒྲིག་བྱེད་སྟངས་ཚན་རིག་དང་མཐུན་ལ། སློབ་ཁྲིད་ཁུལ་དང་། འཚོ་བའི་ཁུལ། དངོས་སྦྱོང་སྦྱོང་བརྡར་ཁུལ། ལུས་རྩལ་ཁུལ། ཚན་རྩལ་ཞབས་ཞུའི་ཁུལ་བཅས་ནུས་ཁུལ་ཆེན་པོ་ལྔ་རུ་དབྱེ་ཡོད།

3 ལོ་རྒྱུས་འཕེལ་རིམ།

སྤྱི་ལོ1956ལོར་ཧོ་པེ་ཞིང་ཆེན་ཁྲེང་ཏི་འཕྲུལ་གློག་སློབ་གྲྭ་བཙུགས་པ་དང་། ཞིང་ཆེན་འཕྲུལ་ཆས་ཅུའི་ཁོངས་སུ་གཏོགས། སྤྱི་ལོ1957ལོར་སློབ་གྲྭ་ཧྲི་ཅ་ཀྲོང་དུ་གནས་སྤོར་བྱས་ནས་མིང་ལ་ཧོ་པེ་ཞིང་ཆེན་ཧྲི་ཅ་ཀྲོང་འཕྲུལ་གློག་སློབ་གྲྭ་ཞེས་བཏགས། སྤྱི་ལོ1958ལོར་སློབ་གྲྭ་པའོ་ཏིང་དུ་གནས་སྤོར་བ་དང་། མིང་ལ་ཧོ་པེ་ཞིང་ཆེན་པའོ་ཏིང་འཕྲུལ་གློག་སློབ་གྲྭ་ཞེས་བཏགས། སྤྱི་ལོ1958ལོར་ཧོ་པེ་ཞིང་ཆེན་པའོ་ཏིང་འཕྲུལ་གློག་ཆེད་སྦྱོང་སློབ་གྲྭར་རིམ་འཕར་བྱུང་།    

སྤྱི་ལོ1962ལོར་ཧོ་པེ་ཞིང་ཆེན་པའོ་ཏིང་འཕྲུལ་གློག་བཟོ་ལས་སློབ་གྲྭར་བསྒྱུར། སྤྱི་ལོ1965ལོར་ཧོ་པེ་ཞིང་ཆེན་པའོ་ཏིང་འཕྲུལ་གློག་བཟོ་ལས་སློབ་གྲྭའི་མིང་བསྒྱུར་ནས་ཧོ་པེ་འཕྲུལ་གློག་སློབ་གྲྭ་ཞེས་བཏགས། སྤྱི་ལོ2003ལོར་ཧོ་པེ་ཞིང་ཆེན་འཕྲུལ་གློག་སློབ་གྲྭ་ཧོ་པེ་འཕྲུལ་གློག་ལས་རིགས་ལག་རྩལ་སློབ་གླིང་དུ་རིམ་སྤོར་བྱས།

སློབ་ཁྲིད་ཀྱི་སྒྲིག་བཀོད། སློབ་གླིང་དུ་དཔེ་དེབ་ཁྲི25ལྷག་ཙམ་ཉར་ཚགས་བྱས་པའི་དཔེ་མཛོད་ཁང་དང་། སྔོན་ཐོན་གྱི་སློབ་གྲྭའི་དྲ་རྒྱའི་ལྟེ་གནས། རྩིས་འཁོར་ལྟེ་གནས། དེང་རབས་སློབ་གསོ་ལྟེ་གནས། གྲངས་འཛིན་ལག་རྩལ་ལྟེ་གནས། ཆེད་ལས་དང་རིག་ཚན་མི་འདྲ་བའི་ཚོད་ལྟ་ཁང20ལྷག་ཙམ་བཙུགས་ཡོད།

4 སློབ་གླིང་དང་སྡེ་ཁག་བཀོད་སྒྲིག

སྤྱི་ལོ2020ལོའི་ཟླ8པའི་བར་སློབ་གྲྭས་སློབ་ཁྲིད་སྡེ་ཁག9དང་ཆེད་སྦྱོང་ཚན་ཁག་གི་ཆེད་ལས41བཙུགས་ཡོད།

5 དགེ་རྒན་གྱི་དཔུང་སྡེ།

སློབ་གླིང་གིས་ཐོག་མཐའ་བར་གསུམ་དུ་དགེ་རྒན་དཔུང་ཁག་འཛུགས་སྐྱོང་བྱ་རྒྱུ་དེ་སློབ་ཁྲིད་ཀྱི་སྤུས་ཚད་མཐོ་རུ་གཏོང་བའི་རྩ་བར་བརྩིས་ཡོད། གསོ་སྐྱོང་དང་ནང་འདྲེན་ཟུང་འབྲེལ་དང་། ཆེད་འགན་དང་ལས་འགན་གཅིག་ལྕོགས་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། བྱང་ཚད་མཐོ་བའི་ཆེད་ལས་ཅན་གྱི་“ཉིས་འཇོན་རྣམ་པའི”དགེ་རྒན་གསོ་སྐྱོང་བྱེད་པར་གཙོ་གནད་དུ་བཟུང་ནས“རྐང་འཛིན་དགེ་རྒན་འདེམས་སྒྲུག་དང་གསོ་སྐྱོང”སོགས་ཀྱི་དོ་དམ་ལམ་ལུགས་བཙུགས། “དགེ་རྒན་གྱི་རྩལ་ནུས་མཐོ་རུ་གཏོང་བའི་ཇུས་གཞི”ལག་བསྟར་བྱས། “ལག་རྩལ་ཆེད་ལས་དང་ཁེ་ལས་ཀྱི་རྐང་འཛིན་པ་བརྒྱ་སློབ་གྲྭར་ཁྱབ་གདལ་གཏོང་བའི་ལས་གཞི”སྤེལ་འགོ་ཚུགས་ནས་སློབ་གླིང་འཕེལ་རྒྱས་ཀྱི་དགོས་མཁོ་དང་འཚམ་པའི་ཆེད་ལས་དང་ཞོར་གཏོགས་ཟུང་འབྲེལ་གྱི་སློབ་ཁྲིད་ཚོགས་པ་ཞིག་ཆགས་ཡོད། སློབ་གླིང་དུ་ད་ལྟ་དགེ་རྒན་དང་ལས་བཟོ633ཡོད། དེའི་ནང་ཆེད་བསྐོས་དགེ་རྒན245དང་། “སྤྱོད་ནུས་གཉིས་འཛོམས”ཀྱི་དགེ་རྒན163ཡོད། ཁེ་ལས་དང་སློབ་གྲྭའི་དགེ་རྒན་གྱི་འགན་གཅིག་ལྕོགས་བྱེད་མཁན256ཡོད། ཆེད་བསྐོས་དགེ་རྒན་ཁྲོད་མཐོ་རིམ་གོ་མིང93ཟིན་པ་དེས37.96%བཟུང་བ་དང་། རབ་འབྱམས་པའི་བསླབ་གནས་ཡན་གྱི་མི108ཡོད་པ་དེས44.08%བཟུང་ཡོད། “སྤྱོད་ནུས་གཉིས་འཛོམས”དགེ་རྒན་གྱིས་ཆེད་ལས་དགེ་རྒན་གྱི70.68%བཟུང་ཡོད།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-09-07

གསར་སྤེལ་མཁན། :བླ་མ་གཡང་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།