ཧོ་པེ་ས་གཤིས་སློབ་ཆེན་གྱི་ཧྭ་ཞིན་སློབ་གླིང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཧོ་པེ་ས་གཤིས་སློབ་ཆེན་གྱི་ཧྭ་ཞིན་སློབ་གླིང་།
ཧོ་པེ་ས་གཤིས་སློབ་ཆེན་གྱི་ཧྭ་ཞིན་སློབ་གླིང་ནི་ཧྲི་ཅ་ཀྲོང་གྲོང་ཁྱེར་གྱི་ཞིན་ལུ་གྲོང་ཁྱེར་དུ་གནས་ཤིང་། སྤྱི་ལོ2001ལོར་བཙུགས་པ་ཡིན། དེ་སྔ་ཧྲི་ཅ་ཀྲོང་དཔལ་འབྱོར་སློབ་གླིང་ཧྭ་ཞིན་སློབ་གླིང་ཡིན་པ་དང་སྤྱི་ལོ2016ལོའི་ཟླ3པར་ཧོ་པེ་ས་གཤིས་སློབ་ཆེན་གྱི་ཧྭ་ཞིན་སློབ་གླིང་ཞེས་མིང་བསྒྱུར། སློབ་གླིང་དེ་ནི་སློབ་གསོ་པུའུ་དང་ཧོ་པེ་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཆོག་མཆན་ཐོབ་ནས་བཙུགས་པ་ཡིན། ཧོ་པེ་ས་གཤིས་སློབ་ཆེན(དེ་སྔའི་ཧྲི་ཅ་ཀྲོང་དཔལ་འབྱོར་སློབ་གླིང)གྱིས་ཧྲི་ཅ་ཀྲོང་གྲོང་ཁྱེར་ཧེང་ཏ་སློབ་གསོ་ཚན་རྩལ་ཚད་ཡོད་འགན་འཁྲི་ཀུང་སི་དང་མཉམ་ལས་བྱས་ཏེ་ལམ་སྲོལ་གསར་པ་དང་དཔེ་དབྱིབས་གསར་པ་ལྟར་བཙུགས་པའི་ཉིན་ཧྲིལ་པོའི་ལམ་ལུགས་ཀྱི་དངོས་གཞིའི་སྡེ་ཁག་གི་མཐོ་རིམ་སློབ་གྲྭ་དཀྱུས་མ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
河北地质大学华信学院
ཕྱི་ཡིག་གི་མིང་།
Huaxin College of Hebei Geo University
བཙུགས་ལོ།
སྤྱི་ལོ2001ལོར་བཙུགས།
ལས་ཐོག་འགོ་ཁྲིད།
སློབ་གཙོ། དབྱང་ཝུན་ཧུའེ།
རིགས་དབྱེ།
སྒེར་ཚུགས་སློབ་གླིང་།
སློབ་གླིང་དང་སྡེ་ཁག་བཀོད་སྒྲིག
དོ་དམ་སྡེ་ཁག་དང་། དཔལ་འབྱོར་སྡེ་ཁག རྩིས་གཉེར་སྡེ་ཁག གློག་རྡུལ་ཆ་འཕྲིན་སྡེ་ཁག ཐོན་ཁུངས་ཁོར་ཡུག་སྡེ་ཁག ནད་སྐྱོང་སྡེ་ཁག རིག་གནས་དང་ཁྲིམས་ལུགས་སྡེ་ཁག་སོགས་ཡོད།
རྣམ་པ།
ནོར་སྲིད་དཔལ་འབྱོར་རིགས།
སློབ་གྲྭའི་དམ་ཚིག
བརྩོན་འགྲུས། བདེན་འཚོལ། མཐུན་སྒྲིལ། གསར་གཏོད།
ངོ་བོ།
ཉིན་ཧྲིལ་པོའི་ལམ་ལུགས་ཀྱི་དངོས་གཞིའི་སྡེ་ཁག་གི་སློབ་གྲྭ།
གནས་ཡུལ།
ཧོ་པེ་ཞིང་ཆེན་ཧྲི་ཅ་ཀྲོང་གྲོང་ཁྱེར་ཞིན་ལི་གྲོང་ཁྱེར་ཁུང་ཀང་བཟོ་ལས་གླིང་ཁུལ་ཝུའུ་ཧྥན་ལམ་གྱི་ཨང་རྟགས69པར་གནས་ཡོད།
ས་བཟུང་རྒྱ་ཁྱོན།
མུའུ1350(མུའུ506བསྐྲུན་ཟིན)ཡོད།
སློབ་གྲྭའི་ཚབ་ཨང་།
13594
1 ངོ་སྤྲོད་མདོར་བསྡུས།

ཧོ་པེ་ས་གཤིས་སློབ་ཆེན་གྱི་ཧྭ་ཞིན་སློབ་གླིང་ནི་ཧྲི་ཅ་ཀྲོང་གྲོང་ཁྱེར་གྱི་ཞིན་ལུ་གྲོང་ཁྱེར་དུ་གནས་ཤིང་། སྤྱི་ལོ2001ལོར་བཙུགས་པ་ཡིན། དེ་སྔ་ཧྲི་ཅ་ཀྲོང་དཔལ་འབྱོར་སློབ་གླིང་ཧྭ་ཞིན་སློབ་གླིང་ཡིན་པ་དང་སྤྱི་ལོ2016ལོའི་ཟླ3པར་ཧོ་པེ་ས་གཤིས་སློབ་ཆེན་གྱི་ཧྭ་ཞིན་སློབ་གླིང་ཞེས་མིང་བསྒྱུར། སློབ་གླིང་དེ་ནི་སློབ་གསོ་པུའུ་དང་ཧོ་པེ་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཆོག་མཆན་ཐོབ་ནས་བཙུགས་པ་ཡིན། ཧོ་པེ་ས་གཤིས་སློབ་ཆེན(དེ་སྔའི་ཧྲི་ཅ་ཀྲོང་དཔལ་འབྱོར་སློབ་གླིང)གྱིས་ཧྲི་ཅ་ཀྲོང་གྲོང་ཁྱེར་ཧེང་ཏ་སློབ་གསོ་ཚན་རྩལ་ཚད་ཡོད་འགན་འཁྲི་ཀུང་སི་དང་མཉམ་ལས་བྱས་ཏེ་ལམ་སྲོལ་གསར་པ་དང་དཔེ་དབྱིབས་གསར་པ་ལྟར་བཙུགས་པའི་ཉིན་ཧྲིལ་པོའི་ལམ་ལུགས་ཀྱི་དངོས་གཞིའི་སྡེ་ཁག་གི་མཐོ་རིམ་སློབ་གྲྭ་དཀྱུས་མ་ཞིག་ཡིན། སློབ་གཉེར་རྣམ་པ་ནི་སྒེར་ཚུགས་སློབ་གླིང་ཡིན། སློབ་གླིང་ནི་ཧྲི་ཅ་ཀྲོང་གྲོང་ཁྱེར་གྱི་གྲུ་ཁའི་བཟོ་ལས་གླིང་ཁུལ་དུ་ཡོད། སློབ་གྲྭའི་རྒྱ་ཁྱོན་ལ་མུའུ506ཡོད་པ་དང་། འཛུགས་སྐྲུན་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི25ཡོད། ད་ལྟ་སློབ་གྲྭར་དངོས་གཞིའི་སྡེ་ཁག་གི་སློབ་མ10503ཡོད། སྤྱི་ལོ2020ལོའི་ཟླ7པའི་བར་དུ་སློབ་གླིང་དུ་ཆེད་བསྐོས་དགེ་རྒན577ཡོད་པ་དང་། དེའི་ནང་མཐོ་རིམ་ཆེད་ལས་ལག་རྩལ་གྱི་གོ་གནས་ཡོད་པའི་དགེ་རྒན223ཡོད་པ་དང་སྡེ་ཁག7དང་། དངོས་གཞིའི་སྡེ་ཁག་གི་ཆེད་ལས28བཙུགས་ཡོད།

2 སློབ་གླིང་དང་སྡེ་ཁག་བཀོད་སྒྲིག

སློབ་གླིང་དུ་དཔལ་འབྱོར་སྡེ་ཁག་དང་། དོ་དམ་སྡེ་ཁག རྩིས་གཉེར་སྡེ་ཁག གློག་རྡུལ་ཆ་འཕྲིན་སྡེ་ཁག ཐོན་ཁུངས་ཁོར་ཡུག་སྡེ་ཁག རིག་གནས་དང་ཁྲིམས་ལུགས་སྡེ་ཁག ནད་སྐྱོང་སྡེ་ཁག་སོགས་སྡེ་ཁག7ཡོད། སློབ་གླིང་གིས་དགེ་རྒན་དཔུང་ཁག་འཛུགས་སྐྱོང་ལ་མཐོང་ཆེན་དང་། “འཇོན་མིའི་སློབ་གྲྭ་སྟོབས་ལྡན”གྱི་འཐབ་ཇུས་ལག་བསྟར་བྱས་ནས། བྱང་ཚད་མཐོ་བའི་དགེ་རྒན་དཔུང་ཁག་འཛུགས་སྐྱོང་བྱ་རྒྱུ་དེ་ཐོག་མཐའ་བར་གསུམ་དུ་སློབ་གླིང་གི་འཐབ་ཇུས་རང་བཞིན་དང་། སྣེ་ཁྲིད་རང་བཞིན་གྱི་ལས་དོན་ལ་བརྩིས་ནས་གྲུབ་ཆ་ལུགས་མཐུན་དང་། རིག་གཞུང་བྱང་ཆུབ་པ། བློ་རྩ་བརྟན་པོས་གསར་གཏོད། ལས་གཅེས་ལས་བརྩོན་བཅས་ཀྱི་དགེ་རྒན་དཔུང་ཁག་ཅིག་ཡོད། ད་ལྟ་ཆེད་བསྐོས་དགེ་རྒན577ཡོད། དེའི་ནང་མཐོ་རིམ་ཆེད་ལས་ལག་རྩལ་གྱི་གོ་གནས་ཡོད་པའི་དགེ་རྒན223ཡོད་པ་དང་དགེ་རྒན་གྱི་སློབ་ཁྲིད་དང་ཚན་ཞིབ་ཆུ་ཚད་བརྟན་པོའི་ངང་མཐོ་རུ་ཕྱིན་ཡོད། 

3 ​ཆེད་ལས་བཀོད་སྒྲིག    

སློབ་གླིང་དུ་རྒྱལ་སྤྱིའི་དཔལ་འབྱོར་དང་ཉོ་ཚོང་ཆེད་ལས དངུལ་རྩའི་རིག་པའི་ཆེད་ལས། ཁྲིམས་ལུགས་རིག་པའི་ཆེད་ལས། དབྱིན་ཡིག་ཆེད་ལས། བརྡ་ཁྱབ་རིག་པའི་ཆེད་ལས། བཟོ་ཚོང་དོ་དམ་ཆེད་ལས། ཁྲོམ་རའི་ཚོང་གཉེར་ཆེད་ལས། རྩིས་གཉེར་རིག་པའི་ཆེད་ལས། ནོར་དོན་དོ་དམ་ཆེད་ལས། མི་ཤུགས་ཐོན་ཁུངས་དོ་དམ་ཆེད་ལས། གློག་རྡུལ་ཚོང་དོན་ཆེད་ལས། དངོས་ཟོག་སྐྱེལ་འདྲེན་དོ་དམ་ཆེད་ལས། སྲིད་འཛིན་དོ་དམ་ཆེད་ལས་སོགས་ཆེས་ལས21ལྷག་བཙུགས་ཡོད།

4 རྩ་འཛུགས་སྒྲིག་གཞི།    

སློབ་གླིང་དུ་ཏང་སྲིད་དོ་དམ་ལས་ཁུངས། རྩ་འཛུགས་དྲིལ་བསྒྲགས་པུའུ། སློབ་དོན་ཁྲུའུ། སློབ་མའི་ཁྲུའུ། ཐོན་ཨུ མི་དོན་ཁྲུའུ། ནོར་དོན་ཁྲུའུ། སློབ་བསྡུ་ལས་ཞུགས་ཁྲུའུ། དངོས་བཤེར་ལག་ལེན་ལྟེ་གནས། སྤྱི་གཉེར་ཁྲུའུ། བདེ་འཇགས་ལས་དོན་ཁྲུའུ། རྒྱུ་ནོར་དོ་དམ་ཁྲུའུ། ཉོ་སྒྲུབ་ལྟེ་གནས། དྲ་རྒྱ་དོ་དམ་ལྟེ་གནས། འཁོར་ལོ་དོ་དམ་ཁྲུའུ། བཟོ་ཚོགས་སོགས་སྒྲིག་གཞི་དང་ཁྲུའུ་མང་པོ་བཙུགས་ཡོད། སློབ་ཁྲིད་ལས་ཁུངས། རྩིས་གཉེར་སྡེ་ཁག ཧོ་པེ་ས་གཤིས་སློབ་ཆེན་གྱི་ཧྭ་ཞིན་སློབ་གླིང་གི་རྩིས་གཉེར་སྡེ་ཁག་སྤྱི་ལོ2007ལོར་བཙུགས་པ་དང་། ད་ལྟ་རྩིས་གཉེར་རིག་པ་དང་ནོར་དོན་དོ་དམ་གྱི་ཆེད་ལས་གཉིས་བཙུགས་ཡོད། མིག་སྔར་རང་བྱུང་འཛིན་གྲྭ101ཡོད། སློབ་གྲྭར་ཡོད་པའི་སློབ་མ3000ལྷག་ཙམ་ལ་ད་ལྟ་དགེ་རྒན་དང་ལས་བཟོ29ཡོད། དེའི་ནང་ཆེད་བསྐོས་དགེ་རྒན13དང་ཆེད་བསྐོས་ཟུར་ཁྲིད་པ11ཡོད། དཔལ་འབྱོར་སྡེ་ཁག ཧོ་པེ་ས་གཤིས་སློབ་ཆེན་གྱི་ཧྭ་ཞིན་སློབ་གླིང་གི་དཔལ་འབྱོར་སྡེ་ཁག་སྤྱི་ལོ2007ལོའི་ཟླ་དང་པོར་བཙུགས་པ་དང་ད་ལྟ་རྒྱལ་སྤྱིའི་དཔལ་འབྱོར་དང་ཚོང་དོན་དངུལ་རྩའི་རིག་པའི་ཆེད་ལས་གཉིས་བཙུགས་ཡོད། མིག་སྔར་སློབ་གྲྭར་དངོས་གཞིའི་ཚན་ཁག་གི་སློབ་མ2000ལྷག་ཙམ་ཡོད་པ་དང་དགེ་རྒན་དང་ལས་བཟོ19ཡོད། དེའི་ནང་ཆེད་བསྐོས་དགེ་རྒན9དང་ཆེད་བསྐོས་ཟུར་ཁྲིད་པ8ཡོད། རིག་གནས་དང་ཁྲིམས་ལུགས་སྡེ་ཁག ཧོ་པེ་ས་གཤིས་སློབ་ཆེན་གྱི་ཧྭ་ཞིན་སློབ་གླིང་གི་རིག་གནས་དང་ཁྲིམས་ལུགས་སྡེ་ཁག་ནི་སྤྱི་ལོ2007ལོར་བཙུགས་པ་དང་། ད་ལྟ་སྡེ་ཁག་གི་ཀྲུའུ་རེན1དང་། ཏང་གི་སྤྱི་ཁྱབ་ཀྲི་པུའུ་ཧྲུའུ་ཅི1དགེ་རྒན31དང་ཟུར་ཁྲིད་པ4བཅས་ཡོད། དེའི་ནང་དགེ་རྒན་ཆེན་མོ2དང་། འཆད་ཁྲིད་དགེ་རྒན21ལས་རོགས་དགེ་རྒན13བཅས་ཡོད་པ་དང་། ཁྲིམས་ལུགས་རིག་པ་དང་། དབྱིན་ཡིག བརྡ་ཁྱབ་རིག་པ་བཅས་དངོས་གཞིའི་ཆེད་ལས་གསུམ་བཙུགས་ཡོད།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-09-07

གསར་སྤེལ་མཁན། :བླ་མ་གཡང་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།