པེ་ཅིང་འགྲིམ་འགྲུལ་སློབ་ཆེན་གྱི་ཧའེ་པིན་སློབ་གླིང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

པེ་ཅིང་འགྲིམ་འགྲུལ་སློབ་ཆེན་གྱི་ཧའེ་པིན་སློབ་གླིང་།
པེ་ཅིང་འགྲིམ་འགྲུལ་སློབ་ཆེན་གྱི་ཧའེ་པིན་སློབ་གླིང་ནི་ཧོ་པེ་ཞིང་ཆེན་ཚང་ཀྲོའུ་གྲོང་ཁྱེར་ཧོང་ཧྭ་གྲོང་ཁྱེར་དུ་གནས་ཡོད། སྤྱི་ལོ2008ལོའི་ཟླ5པར་བཙུགས་པ་དང་པེ་ཅིང་འགྲིམ་འགྲུལ་སློབ་ཆེན་དང་རུང་ཧོ་ཚན་སློབ་ཚད་ཡོད་ཀུང་སིས་མཉམ་སྒྲུབ་བྱས་ནས་བཙུགས་པ་དང་སློབ་གསོ་པུའུ་ཡི་ཆོག་མཆན་ཐོབ་ནས་བཙུགས་པའི་སྒེར་ཚུགས་སློབ་གླིང་ཞིག་ཡིན། པེ་ཅིང་འགྲིམ་འགྲུལ་སློབ་ཆེན་ཧའེ་པིན་སློབ་གླིང་གི་སློབ་གྲྭའི་རྒྱ་ཁྱོན་ལ་མུའུ1200ཡོད་པ་དང་སྤྱིའི་འཛུགས་སྐྲུན་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི39ཟིན་ཡོད། སྤྱི་ལོ2020ལོའི་ཟླ7པའི་བར། སློབ་གྲྭར་རིམ་པ་གཉིས་པའི་སློབ་གླིང9དང་རྨང་གཞིའི་སློབ་ཚན་སློབ་ཁྲིད་པུའུ1དངོས་གཞིའི་སྡེ་ཁག་གི་ཆེད་ལས33བཅས་བཙུགས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
北京交通大学海滨学院
ཕྱི་ཡིག་གི་མིང་།
Beijing Jiaotong University Haibin College
བསྡུས་མིང་།
ཧའེ་པིན་སློབ་གླིང་།
གཙོ་གཉེར་སྡེ་ཁག
ཧོ་པེ་ཞིང་ཆེན་སློབ་གསོ་ཐིང་།
བཙུགས་ལོ།
སྤྱི་ལོ2008ལོའི་ཟླ5པར་བཙུགས།
ལས་ཐོག་འགོ་ཁྲིད།
སློབ་གཙོ། ཝང་ཧྭ་ཧྲེན། ཏང་ཨུའི་ཧྲུའུ་ཅི། ཝེ་ཝང་ཆང་།
སློབ་སྒྲུབ་ངོ་བོ།
དམངས་གཉེར་མཐོ་རིམ་སློབ་གྲྭ།
དངོས་གཞིའི་ཆེད་ལས།
37ཡོད།
སློབ་གྲྭའི་རིགས་དབྱེ།
ཕྱོགས་བསྡུས་རིགས།
སློབ་གླིང་དང་སྡེ་ཁག་བཀོད་སྒྲིག
དཔལ་འབྱོར་དོ་དམ་སློབ་གླིང་། རྩིས་འཁོར་དང་ཆ་འཕྲིན་ལག་རྩལ་སློབ་གླིང་། ལྕགས་ལམ་འགྲིམ་འགྲུལ་སློབ་གླིང་། གློག་རྡུལ་དང་གློག་ཤུགས་བཟོ་སྐྲུན་སློབ་གླིང་། ཨར་ལས་བཟོ་སྐྲུན་སློབ་གླིང་། འཕྲུལ་ཆས་དང་སྒུལ་ཤུགས་བཟོ་སྐྲུན་སློབ་གླིང་། སྒྱུ་རྩལ་སློབ་གླིང་། ཕྱི་རྒྱལ་སྐད་ཡིག་སློབ་གླིང་། རྫས་འགྱུར་བཟོ་སྐྲུན་སྡེ་ཁག་སོགས་ཡོད།
སློབ་གྲྭའི་ཁྱད་ཆོས།
སྒེར་ཚུགས་སློབ་གླིང་།
གནས་ཡུལ།
ཧོ་པེ་ཞིང་ཆེན་ཚང་ཀྲོའུ་གྲོང་ཁྱེར་ཧོང་ཧྭ་གྲོང་ཁྱེར་སློབ་གླིང་ལམ་གྱི་ཨང་རྟགས2009པར་གནས་ཡོད།
གཟི་བརྗིད་མཚན་སྙན།
ཧོ་པེ་ཞིང་ཆེན་མཐོ་རིམ་སློབ་གྲྭའི་རིག་གནས་འཛུགས་སྐྱོང་གི་ཕུལ་བྱུང་གྲུབ་འབྲས་དཔྱད་འདེམས་བྱ་དགའ་རིམ་པ་གཉིས་པ་ཐོབ་ཡོད།
གཞུང་ཕྱོགས་དྲ་གནས།
http://www.bjtuhbxy.cn
1 ​ངོ་སྤྲོད་མདོར་བསྡུས།

པེ་ཅིང་འགྲིམ་འགྲུལ་སློབ་ཆེན་གྱི་ཧའེ་པིན་སློབ་གླིང་ནི (BeijingJiaotongUniversityHaibinCollege)ཧོ་པེ་ཞིང་ཆེན་ཚང་ཀྲོའུ་གྲོང་ཁྱེར་ཧོང་ཧྭ་གྲོང་ཁྱེར་དུ་གནས་ཡོད། སྤྱི་ལོ2008ལོའི་ཟླ5པར་བཙུགས་པ་དང་པེ་ཅིང་འགྲིམ་འགྲུལ་སློབ་ཆེན་དང་རུང་ཧོ་ཚན་སློབ་ཚད་ཡོད་ཀུང་སིས་མཉམ་སྒྲུབ་བྱས་ནས་བཙུགས་པ་དང་སློབ་གསོ་པུའུ་ཡི་ཆོག་མཆན་ཐོབ་ནས་བཙུགས་པའི་སྒེར་ཚུགས་སློབ་གླིང་ཞིག་ཡིན། པེ་ཅིང་འགྲིམ་འགྲུལ་སློབ་ཆེན་ཧའེ་པིན་སློབ་གླིང་གི་སློབ་གྲྭའི་རྒྱ་ཁྱོན་ལ་མུའུ1200ཡོད་པ་དང་སྤྱིའི་འཛུགས་སྐྲུན་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི39ཟིན་ཡོད། སྤྱི་ལོ2020ལོའི་ཟླ7པའི་བར། སློབ་གྲྭར་རིམ་པ་གཉིས་པའི་སློབ་གླིང9དང་རྨང་གཞིའི་སློབ་ཚན་སློབ་ཁྲིད་པུའུ1དངོས་གཞིའི་སྡེ་ཁག་གི་ཆེད་ལས33བཅས་བཙུགས་ཡོད།

2 ལོ་རྒྱུས་འཕེལ་རིམ།

སྤྱི་ལོ2014ལོའི་ཟླ6ཚེས21ཉིན་སློབ་གླིང་གིས་སྤྱི་ལོ2014ལོའི་སློབ་ཐོན་མཛད་སྒོ་འཚོགས་ནས་སློབ་ཐོན་སློབ་མ2465ལྷག་གིས་སློབ་གཉེར་ལེགས་གྲུབ་བྱུང་ཡོད། སྤྱི་ལོ2014ལོའི་ཟླ9ཚེས14ཉིན་སློབ་གླིང་གིས་སྐབས་གསུམ་པའི་འགོ་ཁྲིད་ཚན་ཁག་གི་གདན་ཞུས་ལས་བསྐོས་ཚོགས་ཆེན་འཚོགས། སྤྱི་ལོ2018ལོའི་ཟླ10ཚེས20ཉིན་ཧའེ་པིན་སློབ་གླིང་བཙུགས་ནས་ལོ་འཁོར་བཅུ་འཁོར་བའི་རྟེན་འབྲེལ་མཛད་སྒོ་ཚོགས། སྤྱི་ལོ2018ལོའི་ཟླ10ཚེས22ཉིན་སློབ་གླིང་གི་གཞུང་ཕྱོགས་པོད་ཕྲན་ལ“སྤྱི་ལོ2017ལོ་ནས་སྤྱི་ལོ2018ལོའི་ལོ་འཁོར་གྱི་ཧོ་པེའི་མཐོ་སློབ་ཀྱི་ཤུགས་རྐྱེན་ཆེ་ཤོས་ལྡན་པའི་གཞུང་ཕྱོགས་པོད་ཕྲན”གྱི་གཟི་བརྗིད་མཚན་སྙན་ཐོབ། སྤྱི་ལོ2020ལོའི་ཟླ2པར་དམངས་གཉེར་སློབ་གླིང་གི་ཧའེ་པིན་འགྲིམ་འགྲུལ་སློབ་གླིང་དུ་བསྒྱུར།

3 རིག་གཞུང་ཞིབ་འཇུག

དངོས་ལུགས་ཚོད་ལྟའི་ལྟེ་གནས་དེས་བཟོ་རིག་ཆེད་ལས་ཀྱི་སློབ་མ4000ཙམ་གྱི《སློབ་ཆེན་དངོས་ལུགས》ཚོད་ལྟའི་སློབ་ཁྲིད་ཀྱི་ལས་འགན་འཁུར་གྱིན་ཡོད། སྤྱི་ལོ2017ལོའི་ལོ་མཇུག་བར་ཚོད་ལྟའི་རྣམ་གྲངས40ཙམ་གཉེར་ཡོད་པ་དང་། སློབ་ཆེན་དངོས་ལུགས་ཚོད་ལྟ་ཁང་དུ་དཔེ་སྟོན་ཚོད་ལྟ་ཁང3དང་དངོས་ལུགས་ཚོད་ལྟ་ཁང10ལྷག་དང་སྒོ་འབྱེད་རང་བཞིན་གྱི་ཚོད་ལྟ་ཁང5བཅས་བཙུགས་ཡོད།

4 གཟི་བརྗིད་མཚན་སྙན།

སློབ་གྲྭ་ཅིང་ལིང་རྒྱལ་སྤྱི་གསར་པས་ཁྱབ་བསྒྲགས་བྱས་པའི“སྤྱི་ལོ2019ལོའི་ཀྲུང་གོའི་དམངས་བཙུགས་སློབ་ཆེན་གྱི་རྒྱལ་སྤྱི་ཅན་གྱི་འགྲན་རྩོད་ནུས་པ་ཆེན་པོ300”ཡི་ཁྲོད་ཨང195པར་སླེབས་ཡོད།

5 སློབ་སྒྲུབ་ཆ་རྐྱེན།
5_1 སློབ་གླིང་དང་སྡེ་ཁག་བཀོད་སྒྲིག

སྤྱི་ལོ2020ལོའི་ཟླ7པའི་བར། སློབ་གྲྭས་དཔལ་འབྱོར་དོ་དམ་སློབ་གླིང་དང་། འཕྲུལ་ཆས་དང་སྒུལ་ཤུགས་བཟོ་སྐྲུན་སློབ་གླིང་། ཨར་ལས་བཟོ་སྐྲུན་སློབ་གླིང་། གློག་རྡུལ་དང་གློག་ཤུགས་བཟོ་སྐྲུན་སློབ་གླིང་། རྩིས་འཁོར་དང་ཆ་འཕྲིན་ལག་རྩལ་སློབ་གླིང་། ལྕགས་ལམ་འགྲིམ་འགྲུལ་སློབ་གླིང་། སྒྱུ་རྩལ་སློབ་གླིང་། ཕྱི་རྒྱལ་སྐད་ཡིག་སློབ་གླིང་། རྫས་འགྱུར་བཟོ་སྐྲུན་སྡེ་ཁག་བཅས་རིམ་པ་གཉིས་པའི་སློབ་གླིང9དང་རྨང་གཞིའི་སློབ་ཁྲིད་པུའུ1བཅས་བཙུགས་ཡོད་པ་དང་། བཟོ་ཚོང་དོ་དམ་དང་། ལྕགས་ལམ་འགྲིམ་འགྲུལ་བརྡ་རྟགས་དང་ཚོད་འཛིན། འགྲིམ་འགྲུལ་སྐྱེལ་འདྲེན་སོགས་དངོས་གཞིའི་སྡེ་ཁག་གི་ཆེད་ལས33བཙུགས་ཡོད། སློབ་གྲྭར་ཡོད་པའི་སློབ་མ14000ལས་བརྒལ་ཡོད།

5_2 དགེ་རྒན་གྱི་དཔུང་སྡེ།

སློབ་གྲྭས་པེ་ཅིང་འགྲིམ་འགྲུལ་སློབ་ཆེན་གྱི་དགེ་རྒན་གྱི་སྟོབས་ཤུགས་རྒྱབ་རྟེན་དུ་བྱས་ནས། པེ་ཅིང་འགྲིམ་འགྲུལ་སློབ་ཆེན་གྱི་གྲགས་ཅན་དགེ་རྒན་ཆེན་མོ་བ་གདན་ཞུ་བྱས་པ་དང་འབྲེལ་ཡོད་རིག་ཚན་ཆེད་ལས་འཛུགས་སྐྲུན་གྱི་འགན་འཁུར་བ་དང་འབྲེལ་པེ་ཅིང་འགྲིམ་འགྲུལ་སློབ་ཆེན་གྱིས་སློབ་ཁྲིད་ཀྱི་ཉམས་མྱོང་ལྡན་པའི་དགེ་རྒན་མངགས་ནས་སློབ་ཚན་གཙོ་བོའི་འཆད་ཁྲིད་པའི་འགན་ལེན་བྱས། དེ་དང་ཆབས་ཅིག་སློབ་གྲྭས་རང་ངོས་འཕེལ་རྒྱས་ཀྱི་དགོས་མཁོ་དང་སློབ་གཉེར་གྱི་ཁྱད་ཆོས་དང་ཟུང་འབྲེལ་བྱས་ནས་ཡོངས་གྲགས་སུ་གདན་ཞུ་དང་། མཉམ་འབྲེལ་གྱིས་གསོ་སྐྱོང་། ཕྱི་རྒྱལ་ནས་ནང་འདྲེན་བྱེད་པ་སོགས་ཀྱི་ཐབས་ལམ་སྣ་མང་བརྒྱུད་མཐོ་རིམ་ཆེད་ལས་འཇོན་མི་སྣ་ཚོགས་འགུགས་ཐབས་བྱས་ཏེ་བལྟོས་བཅས་ཀྱི་བརྟན་ལྷིང་དང་བྱང་ཚད་མཐོ་བའི་ཆེད་བསྐོས་དགེ་རྒན་དཔུང་ཁག་ཅིག་བཙུགས་ཡོད། སློབ་གྲྭས་ད་དུང་པེ་ཅིང་དང་། ཐེན་ཅིན། ཧོ་པེ། ཧྲན་ཏུང་སོགས་ས་ཁུལ་ནས་མཐོ་སློབ་ཀྱི་ཕུལ་བྱུང་དགེ་རྒན་དང་འབྲེལ་ཡོད་ཁེ་ལས་ལས་རིགས་ཀྱི་མཐོ་རིམ་ཆེད་ལས་ལག་རྩལ་དང་དོ་དམ་མི་སྣ་དག་དགེ་རྒན་དུ་གདན་ཞུ་བྱས། ལོ་ངོ་བཅུའི་རིང་ལ། རིགས་གཅིག་མཁས་ཅན་དང་དགེ་རྒན་ཆེན་མོ་བ་དང་དར་མའི་རྐང་འཛིན་པ། ཕུལ་བྱུང་གཞོན་ནུ་བཅས་འབོར་ཆེན་ཞིག་མེས་རྒྱལ་གྱི་ཕྱོགས་བཞི་མཚམས་བརྒྱད་ནས་སློབ་གྲྭར་མནའ་ཞུགས་བྱུང་བས་སློབ་གྲྭའི་དགེ་རྒན་གྱི་སྟོབས་ཤུགས་ནུས་ལྡན་ངང་ཆེ་རུ་ཕྱིན་ཡོད། དུས་མཚུངས་སུ། སློབ་གྲྭས་ད་དུང་རིག་ཚན་དང་ཆེད་ལས་ཁྱབ་ཁོངས་ཁག་གི་གྲགས་ཅན་རིགས་གཅིག་མཁས་ཅན་དང་དགེ་རྒན་ཆེན་མོ་བ་གདན་དྲངས་ནས་རིགས་གཅིག་མཁས་ཅན་བློ་འདྲི་ཨུ་ལྷན་བཙུགས་ཏེ་སློབ་གྲྭའི་འཛུགས་སྐྲུན་དང་འཕེལ་རྒྱས་ཀྱི་མཐོ་རིམ་ཇུས་འདོན་ཚོགས་པར་གྱུར་ཡོད་པ་དང་། ཉམས་མྱོང་ཕུན་སུམ་ཚོགས་པའི་འཐབ་ཕྱོགས་དང་པོའི་དགེ་རྒན་གདན་དྲངས་ནས་སློབ་ཁྲིད་ལྟ་སྐུལ་མཛུབ་ཁྲིད་བྱེད་པར་གདན་ཞུ་བྱས། སློབ་ཁྲིད་ལས་དོན་ལ་ལྟ་སྐུལ་ཚོད་འཛིན་དང་། ཞིབ་བཤེར། མཛུབ་ཁྲིད་བཅས་བྱས་ཏེ་སློབ་གསོ་སློབ་ཁྲིད་ཀྱི་སྤུས་ཚད་འགན་བྱས་ཡོད།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-09-07

གསར་སྤེལ་མཁན། :བླ་མ་གཡང་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།