པའོ་ཏིང་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་གླིང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

པའོ་ཏིང་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་གླིང་།
པའོ་ཏིང་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་གླིང་ནི་ཧོ་པེ་ཞིང་ཆེན་པའོ་ཏིང་གྲོང་ཁྱེར་དུ་གནས་ཡོད་པ་དང་། སློབ་གསོ་པུའུ་ཡིས་ཆོག་མཆན་ལྟར་བཙུགས་པའི་ཉིན་ཧྲིལ་པོའི་ལམ་ལུགས་ཀྱི་དམངས་གཉེར་མཐོ་རིམ་སློབ་གྲྭ་དཀྱུས་མ་ཞིག་ཡིན་ཞིང་། སྤྱི་ལོ2005ལོར་བཙུགས་པ་དང་དེ་སྔོན་ཀྲུང་གོ་ས་གཤིས་སློབ་ཆེན་གྱི་ལྕགས་རི་རིང་པོ་སློབ་གླིང་ཡིན། ཀྲུང་གོ་ས་གཤིས་སློབ་ཆེན(པེ་ཅིང)དང་པའོ་ཏིང་ཧོ་དབྱང་སློབ་གསོ་ཚད་ཡོད་ཀུང་སི་གཉིས་ཀྱིས་མཉམ་དུ་བཙུགས་པའི་སྒེར་ཚུགས་སློབ་གླིང་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
保定理工学院
ཕྱི་ཡིག་གི་མིང་།
Baoding University of Technology
བཙུགས་ལོ།
སྤྱི་ལོ2005ལོར་བཙུགས།
སློབ་སྒྲུབ་ངོ་བོ།
དམངས་གཉེར་མཐོ་རིམ་སློབ་ཆེན།
སློབ་གྲྭའི་རིགས་དབྱེ།
ཕྱོགས་བསྡུས་རིགས།
གཙོ་གཉེར་སྡེ་ཁག
ཧོ་པེ་ཞིང་ཆེན་སློབ་གསོ་ཐིང་།
སློབ་གྲྭའི་ཁྱད་ཆོས།
ཉིན་ཧྲིལ་པོའི་ལམ་ལུགས་ཀྱི་དངོས་གཞིའི་སྡེ་ཁག་གི་སློབ་གླིང་དཀྱུས་མ།
ལས་ཐོག་འགོ་ཁྲིད།
ཏང་ཨུའི་ཧྲུའུ་ཅི། ཝང་ཅིང་མིང་། སློབ་གཙོ། ཡུའུ་སུང་པོ།
དངོས་གཞིའི་ཆེད་ལས།
41ཡོད།
སློབ་གྲྭའི་དམ་ཚིག
དཀའ་སྤྱད་བབ་ཆགས། བདེན་འཚོལ་དངོས་སྒྲུབ།
སློབ་གླིང་དང་སྡེ་ཁག་བཀོད་སྒྲིག
སའི་གོ་ལའི་ཚན་རིག་དང་ཐོན་ཁུངས་སློབ་གླིང་སོགས་རིམ་པ་གཉིས་པའི་སློབ་གླིང8ཡོད།
གནས་ཡུལ།
ཧོ་པེ་ཞིང་ཆེན་པའོ་ཏིང་གྲོང་ཁྱེར་གྱི་སྐོར་ལམ་ལྷོ་མའི་ཨང་རྟགས1689པར་གནས་ཡོད།
སློབ་གྲྭའི་ཚབ་ཨང་།
13891
གཟི་བརྗིད་མཚན་སྙན།
སྤྱི་ལོ2019ལོའི་ཀྲུང་གོའི་སྒེར་ཚུགས་སློབ་གླིང་གི་ཨང10པར་སླེབས་ཡོད།
1 ངོ་སྤྲོད་མདོར་བསྡུས།

པའོ་ཏིང་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་གླིང་ནི་ཧོ་པེ་ཞིང་ཆེན་པའོ་ཏིང་གྲོང་ཁྱེར་དུ་གནས་ཡོད་པ་དང་། སློབ་གསོ་པུའུ་ཡིས་ཆོག་མཆན་ལྟར་བཙུགས་པའི་ཉིན་ཧྲིལ་པོའི་ལམ་ལུགས་ཀྱི་དམངས་གཉེར་མཐོ་རིམ་སློབ་གྲྭ་དཀྱུས་མ་ཞིག་ཡིན་ཞིང་། སྤྱི་ལོ2005ལོར་བཙུགས་པ་དང་དེ་སྔོན་ཀྲུང་གོ་ས་གཤིས་སློབ་ཆེན་གྱི་ལྕགས་རི་རིང་པོ་སློབ་གླིང་ཡིན། ཀྲུང་གོ་ས་གཤིས་སློབ་ཆེན(པེ་ཅིང)དང་པའོ་ཏིང་ཧོ་དབྱང་སློབ་གསོ་ཚད་ཡོད་ཀུང་སི་གཉིས་ཀྱིས་མཉམ་དུ་བཙུགས་པའི་སྒེར་ཚུགས་སློབ་གླིང་ཞིག་ཡིན། སྤྱི་ལོ2018ལོའི་ཟླ12པར་ཀྲུང་གོ་ས་གཤིས་སློབ་ཆེན་གྱི་ལྕགས་རི་རིང་པོ་སློབ་གླིང་ནི་སྒེར་ཚུགས་སློབ་གླིང་གི་སྒྲིག་གཞི་ལྡན་པའི་དམངས་གཉེར་དཀྱུས་མའི་དངོས་གཞིའི་སྡེ་ཁག་སློབ་གླིང་ཡིན། རྗེས་སུ་པའོ་ཏིང་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སློབ་གླིང་ཞེས་་མིང་བསྒྱུར་བ་དང་ཆབས་ཅིག་ཀྲུང་གོ་ས་གཤིས་སློབ་ཆེན་ལྕགས་རི་རིང་པོ་སློབ་གླིང་གི་སྒྲིག་གཞི་མེད་པར་བཟོས། སློབ་གྲྭའི་ལྷོ་ངོས་ནི་གྲོང་ཁྱེར་གྱི་ཁྲང་ཁྲེང་རླངས་འཁོར་བཟོ་ལས་གླིང་དང་ཉེ་བ་དང་། ཤར་ངོས་ནི་ཧོ་པེ་ཚན་རྩལ་སློབ་གླིང་དང་འབྲེལ་ཡོད། སློབ་གྲྭའི་རྒྱ་ཁྱོན་ལ་མུའུ1400ཟིན་ཡོད་པ་དང་འཛུགས་སྐྲུན་གྱི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི45ལྷག་ཙམ་ཟིན་ཡོད། སའི་གོ་ལའི་ཚན་རིག་དང་ཐོན་ཁུངས་སློབ་གླིང་། བཟོ་སྐྲུན་ལག་རྩལ་སློབ་གླིང་། སྒྱུ་རྩལ་སློབ་གླིང་། དཔལ་འབྱོར་སློབ་གླིང་། དོ་དམ་ཚན་རིག་དང་བཟོ་སྐྲུན་སློབ་གླིང་། ཕྱི་རྒྱལ་སྐད་ཡིག་སློབ་གླིང་བཅས་རིམ་པ་གཉིས་པའི་སློབ་གླིང6དང་རྨང་གཞིའི་སློབ་ཚན་སློབ་ཁྲིད་པུའུ1ཡོད། དངོས་གཞིའི་སྡེ་ཁག་གི་ཆེད་ལས37དང་ཆེད་སྦྱོང་ཚན་ཁག་གི་ཆེད་ལས9བཅས་བཙུགས་ཡོད།

2 སློབ་སྒྲུབ་གཞི་ཁྱོན།

སློབ་གླིང་དུ་ད་ལྟ་སློབ་གྲྭར་ཡོད་པའི་སློབ་མ14096ཡོད་པ་དང་། རྒྱ་ཁྱོན་ལ་མུའུ300ཡོད། འཛུགས་སྐྲུན་གྱི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི45ཟིན་པ་དེར་སློབ་ཁྲིད་ཀྱི་རྨང་གཞིའི་སྒྲིག་བཀོད་དང་། རིག་གནས་ལུས་རྩལ་སྒྲིག་བཀོད། སློབ་མའི་ཕྱོགས་བསྡུས་ཞབས་ཞུའི་སྒྲིག་བཀོད་བཅས་ཆ་ཚང་བར་བཙུགས་ཡོད།

3 གསོ་སྐྱོང་དམིགས་འབེན། 

སློབ་གྲྭས་རིག་གཞུང་ཚན་ཁག་འཛུགས་སྐྱོང་བྱ་རྒྱུ་དང་། དགེ་རྒན་གྱི་དཔུང་ཁག་འཛུགས་སྐྱོང་བྱ་རྒྱུ་གཙོ་གནད་དུ་བཟུང་ཡོད། སློབ་གསོ་དང་སློབ་ཁྲིད་ཀྱི་སྤུས་ཚད་མཐོ་རུ་གཏོང་རྒྱུ་ལྟེ་བར་བཟུང་སྟེ་སློབ་གསོ་དང་སློབ་ཁྲིད་ཀྱི་བརྒྱུད་རིམ་ཇེ་ལེགས་དང་འཇོན་མི་གསོ་སྐྱོང་གི་སྤུས་ཚད་མཐོ་རུ་བཏང་ནས། “ཁྱད་ཆོས་ལ་བརྟེན་ནས་སློབ་གྲྭ་འཛུགས་པ་དང་། སྤུས་ཚད་ལ་བརྟེན་ནས་སློབ་གྲྭ་དར་རྒྱས་གཏོང་བ། འཇོན་མིར་བརྟེན་ནས་སློབ་གྲྭ་སྟོབས་ཆེར་གཏོང་བ། ནང་དོན་གཙིགས་སུ་འཛིན་པ། ཚན་རིག་དང་མཐུན་པར་འཕེལ་རྒྱས་གཏོང་བ”བཅས་ཀྱི་སློབ་གཉེར་འདུ་ཤེས་རྒྱུན་འཁྱོངས་བྱས་ཡོད། “ཀུན་སྤྱོད་བཟང་བ་དང་། རྨང་གཞི་བརྟན་པ། ཤེས་བྱ་སྙོམས་སྒྲིག ནུས་པ་འབུར་ཐོན”བཅས་ཀྱི་བྱང་ཚད་མཐོ་བའི་ཉེར་སྤྱོད་འཇོན་མི་གསོ་སྐྱོང་བྱེད་པར་འབད་བརྩོན་བྱེད་བཞིན་ཡོད།

4 སློབ་སྒྲུབ་དམིགས་ཚད།

སློབ་གྲྭའི་སློབ་གཉེར་གྱི་དམིགས་ཚད་ནི་ཉེར་སྤྱོད་ཅན་གྱི་མཐོ་རིམ་སློབ་གྲྭ་འཛུགས་སྐྱོང་བྱེད་རྒྱུ་དང་། གཙོ་བོར་ས་ཁོངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་མཁོ་བའི་ཉེར་སྤྱོད་ཅན་དང་ལག་རྩལ་ནུས་རྩལ་ཅན་གྱི་འཇོན་མི་གསོ་སྐྱོང་བྱ་རྒྱུ་དེ་ཡིན།

5 སློབ་གཉེར་གྲུབ་འབྲས།

སྤྱི་ལོ2019ལོར་སློབ་གྲྭར་རིག་ཚན་རིགས་ཀྱི་འགྲན་བསྡུར་གྲོང་ཁྱེར་རིམ་པ་ཡན་གྱི་བྱ་དགའ134ཐོབ་པ་དང་། དེའི་ནང་རྒྱལ་ཁབ་རིམ་པའི་བྱ་དགའ48དང་། ཞིང་ཆེན་རིམ་པའི་བྱ་དགའ80གྲོང་ཁྱེར་དང་ཐིང་རིམ་པའི་བྱ་དགའ6བཅས་ཐོབ་ཡོད། སྐབས་བརྒྱད་པའིPOCIBརྒྱལ་ཡོངས་ཕྱི་ཕྱོགས་ཉོ་ཚོང་གི་ལས་སྒྲུབ་ནུས་པའི་འགྲན་བསྡུར་ཆེན་མོའི་ཁྲོད། ཚོགས་པའི་དམིགས་བསལ་བྱ་དགའ་ཐོབ་པ་མ་ཟད་མི་སྒེར་གྱི་བྱ་དགའ་ཨང་དང་པོ4དང་། བྱ་དགའ་རིམ་པ་གཉིས་པ8བྱ་དགའ་རིམ་པ་གསུམ་པ5དགེ་རྒན་གྱི་དམིགས་བསལ་བྱ་དགའ2བཅས་ཐོབ་ཡོད། “རབ་དང་རིམ་པའི་ཧྭ་ཧྲི་བུམ་པའི་འགྲན་བསྡུར་ཁྲོད། བྱ་དགའ་ཨང་གཉིས་པ་ཐོབ་མཁན2དང་ཕུལ་བྱུང་མཛུབ་ཁྲིད་དགེ་རྒན་གྱི་བྱ་དགའ4ཐོབ་ཡོད། “སློབ་སྦྱོང་གསར་གཏོད་བུམ་པའི”སློབ་ཆེན་སློབ་མའི་གསར་གཏོད་ལས་གཏོད་ཀྱི་ཕྱོགས་བསྡུས་ལད་ཟློས་འགྲན་བསྡུར་ཆེན་མོའི་ནང་། བྱ་དགའ་ཨང་དང་པོ1དང་ཨང་གཉིས་པ4དང་ཨང་གསུམ་པ1བཅས་ཀྱི་གྲུབ་འབྲས་བཟང་པོ་ཐོབ་ཡོད།

6 དོ་དམ་བྱེད་སྟངས། 

དེང་རབས་ཀྱི་སློབ་ཆེན་སློབ་མའི་རིན་ཐང་ལྟ་བ་དང་སློབ་གསོ་དང་སློབ་ཆེན་སློབ་མ་ཁག་ཅིག་གི་ལྟེ་བའི་རིན་ཐང་ལྟ་བའི་ཐད་མི་འདང་པའི་གནས་ཚུལ་འོག་ཏུ་དམག་དོན་ཅན་གྱི་དོ་དམ་མཐོ་རིམ་སློབ་གྲྭ་དཀྱུས་མར་ལག་བསྟར་བྱས་ནས་སློབ་མར་དོ་དམ་དང་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་བཏང་ནས་སློབ་སྲོལ་བཟང་པོ་ཆགས་རྒྱུ་དང་། སློབ་མའི་ལས་བཀུར་སྙིང་སྟོབས་དང་། ཐུན་མོང་གི་སྙིང་སྟོབས། དཀའ་སྡུག་གི་སྙིང་སྟོབས་སོགས་གསོ་སྐྱོང་བྱེད་རྒྱུ་ནི་སློབ་མ་རང་ཉིད་དང་། སྤྱི་ཚོགས། རྒྱལ་ཁབ་བཅས་ཚང་མར་དོན་སྙིང་གལ་ཆེན་ལྡན།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-09-07

གསར་སྤེལ་མཁན། :བླ་མ་གཡང་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།