ཀྲུང་དབྱང་ཁྲིམས་འཛིན་ཉེན་རྟོག་དཔོན་པོ་སློབ་གླིང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཀྲུང་དབྱང་ཁྲིམས་འཛིན་ཉེན་རྟོག་དཔོན་པོ་སློབ་གླིང་།
ཀྲུང་དབྱང་ཁྲིམས་འཛིན་ཉེན་རྟོག་དཔོན་པོ་སློབ་གླིང་ནི་ཁྲིམས་འཛིན་པུའུ་ཡི་ཐད་གཏོགས་ཀྱི་མཐོ་རིམ་སློབ་གྲྭ་དཀྱུས་མ་གཅིག་པུ་དེ་ཡིན། སློབ་གྲྭ་དེ་ནི་ལོ་རྒྱུས་རིག་གནས་ཀྱི་གྲོང་ཁྱེར་གྲགས་ཅན་ཧོ་པེ་ཞིང་ཆེན་པའོ་ཏིང་གྲོང་ཁྱེར་དུ་གནས་ཡོད་པ་དང་། དེ་ནི་ཀྲུང་གོའི་ཁྲིམས་འཛིན་སྲིད་འཛིན་ཁོངས་གཏོགས་ཀྱི་སློབ་གྲྭ་མཐོ་ཤོས་དང་། ཁྲིམས་འཛིན་སྲིད་འཛིན་ཁོངས་གཏོགས་ཀྱི་རྗེས་གྲབས་འཇོན་མི་གསོ་སྐྱོང་རྟེན་གཞི། ཁྲིམས་འཛིན་སྲིད་འཛིན་ཁོངས་གཏོགས་ཀྱི་འགོ་ཁྲིད་ལས་བྱེད་པ་དང་མཐོ་རིམ་ཉེན་རྟོག་དཔོན་པོ་གསོ་སྦྱོང་རྟེན་གཞི། ཁྲིམས་འཛིན་སྲིད་འཛིན་གཞུང་ལུགས་ཞིབ་འཇུག་གསར་གཏོད་རྟེན་གཞི་བཅས་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
中央司法警官学院
རྒྱ་ཡིག་གི་མིང་།
The National Police University for Criminal Justice
བསྡུས་མིང་།
ཀྲུང་གོའི་ཉེན་རྟོག་སློབ་གླིང་།
དངོས་གཞིའི་ཆེད་ལས།
19ཡོད།
བཙུགས་ལོ།
སྤྱི་ལོ1956ལོར་བཙུགས།
རབ་འབྱམས་པའི་ཐོབ་ཐང་སྤྲོད་གནས།
རིམ་པ་དང་པོའི་རིག་ཚན2དང་། ཆེད་ལས་བསླབ་གནས་ཀྱི་དབང་ཡོད་རིགས1ཡོད།
སློབ་སྒྲུབ་ངོ་བོ།
གཞུང་བཙུགས་སློབ་ཆེན།
སློབ་གྲྭའི་ཁྱད་ཆོས།
ཀྲུང་དབྱང་གི་བཀོད་སྒྲིག་མཐོ་སློབ།
སློབ་གྲྭའི་རིགས་དབྱེ།
སྲིད་ཁྲིམས་རིགས།
གཙོ་གཉེར་སྡེ་ཁག
ཁྲིམས་འཛིན་པུའུ།
ལས་ཐོག་འགོ་ཁྲིད།
ཏང་ཨུའི་ཧྲུའུ་ཅི། ཧྥན་ལུས་པིང་། སློབ་གཙོ། ཀྲང་ཨུན་ཡོའུ།
སློབ་གླིང་དང་སྡེ་ཁག་བཀོད་སྒྲིག
བཙོན་ཁང་རིག་པའི་སློབ་གླིང་། ཁྲིམས་ལུགས་རིག་པའི་སློབ་གླིང་། ཡོ་བསྲང་སློབ་གསོའི་སྡེ་ཁག ཆ་འཕྲིན་དོ་དམ་སྡེ་ཁག ཉེན་རྟོག་པའི་དོ་དམ་སྡེ་ཁག་སོགས་ཡོད།
གནས་ཡུལ།
ཧོ་པེ་ཞིང་ཆེན་པའོ་ཏིང་གྲོང་ཁྱེར་ཆི་དབྱི་དབུས་ལམ་གྱི་ཨང་རྟགས103པར་གནས་ཡོད།
སློབ་གྲྭའི་དམ་ཚིག
སྤྱོད་ལེགས། ཁྲིམས་བཀུར། བསླབ་བརྩོན།
སློབ་གྲྭའི་ཚབ་ཨང་།
11903
སློབ་གླུ།
《ཁྲིམས་འཛིན་ཉེན་རྟོག་པའི་འབྱུང་གནས》
གཟི་བརྗིད་མཚན་སྙན།
རྒྱལ་ཡོངས་ཀྱི་ཤེས་དཔལ་ཚན་པ།
1 ངོ་སྤྲོད་མདོར་བསྡུས།

ཀྲུང་དབྱང་ཁྲིམས་འཛིན་ཉེན་རྟོག་དཔོན་པོ་སློབ་གླིང(TheNationalPoliceUniversityforCriminalJustice)ནི་ཁྲིམས་འཛིན་པུའུ་ཡི་ཐད་གཏོགས་ཀྱི་མཐོ་རིམ་སློབ་གྲྭ་དཀྱུས་མ་གཅིག་པུ་དེ་ཡིན། སློབ་གྲྭ་དེ་ནི་ལོ་རྒྱུས་རིག་གནས་ཀྱི་གྲོང་ཁྱེར་གྲགས་ཅན་ཧོ་པེ་ཞིང་ཆེན་པའོ་ཏིང་གྲོང་ཁྱེར་དུ་གནས་ཡོད་པ་དང་། དེ་ནི་ཀྲུང་གོའི་ཁྲིམས་འཛིན་སྲིད་འཛིན་ཁོངས་གཏོགས་ཀྱི་སློབ་གྲྭ་མཐོ་ཤོས་དང་། ཁྲིམས་འཛིན་སྲིད་འཛིན་ཁོངས་གཏོགས་ཀྱི་རྗེས་གྲབས་འཇོན་མི་གསོ་སྐྱོང་རྟེན་གཞི། ཁྲིམས་འཛིན་སྲིད་འཛིན་ཁོངས་གཏོགས་ཀྱི་འགོ་ཁྲིད་ལས་བྱེད་པ་དང་མཐོ་རིམ་ཉེན་རྟོག་དཔོན་པོ་གསོ་སྦྱོང་རྟེན་གཞི། ཁྲིམས་འཛིན་སྲིད་འཛིན་གཞུང་ལུགས་ཞིབ་འཇུག་གསར་གཏོད་རྟེན་གཞི་བཅས་ཡིན། སློབ་གྲྭ་དེར“ཁྲིམས་འཛིན་ཉེན་རྟོག་དཔོན་གྱི་འབྱུང་གནས”ཞེས་འབོད་ཀྱིན་ཡོད། སློབ་གྲྭ་སྤྱི་ལོ1956ལོར་བཙུགས། དེ་སྔོན་མིང་ལ་སྤྱི་བདེ་པུའི་ངལ་རྩོལ་བསྒྱུར་བཀོད་ལས་ཀའི་ལས་བྱེད་སློབ་གྲྭ་ཟེར་ཞིང་། སྤྱི་ལོ1983ལོར་ཁྲིམས་འཛིན་པུའི་འགོ་ཁྲིད་ཀྱི་ཁོངས་སུ་བཅུག སྤྱི་ལོ2002ལོའི་ཟླ4པར་དངོས་གཞིའི་སྡེ་ཁག་དཀྱུས་མའི་སློབ་གསོ་གཙོ་བོར་བྱས་པའི་ཀྲུང་དབྱང་ཁྲིམས་འཛིན་ཉེན་རྟོག་དཔོན་གྱི་སློབ་གླིང་དངོས་སུ་བཙུགས། སྤྱི་ལོ2011ལོའི་ཟླ10པར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བསླབ་གནས་ཨུ་ཡོན་ལྷན་ཁང་གིས་བཅའ་ཁྲིམས་ཀྱི་རབ་འབྱམས་པའི་ཆེད་ལས་བསླབ་གནས་ཀྱི་ཞིབ་འཇུག་སློབ་མའི་འཛུགས་སྐྲུན་ཚོད་ལྟའི་ཚན་པར་ཆོག་མཆན་བཀོད། སྤྱི་ལོ2016ལོར་སློབ་གྲྭ་ཧོ་པེ་ཞིང་ཆེན་རིམ་པའི་རབ་འབྱམས་པའི་རྣམ་གྲངས་འཛུགས་སྐྲུན་ཚན་པར་གྱུར་ཡོད། སྤྱི་ལོ2018ལོའི་ཟླ3པའི་བར་སློབ་གྲྭའི་རྒྱ་ཁྱོན་ལ་མུའུ422ཟིན་ཡོད། ཨར་སྐྲུན་གྱི་སྤྱིའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི15.2ཟིན་ཡོད་པ་དང་སློབ་ཁྲིད་ཁང་པའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི6.2ཟིན་ཡོད། གཏན་འཇགས་རྒྱུ་ནོར་གྱི་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར4.6ཙམ་ཟིན་པའི་ནང་སློབ་ཁྲིད་ཚན་ཞིབ་དཔྱད་ཆས་སྒྲིག་ཆས་ཀྱི་མ་རྩ་སྒོར་ཁྲི6402ཟིན་ཡོད། ཞིབ་འཇུག་སྒྲིག་གཞི7དང་། དེང་རབས་ཅན་གྱི་ཚོད་ལྟ་ཁང16སློབ་ཁྲིད་ཚན་ཞིབ་དངོས་སྦྱོང་རྟེན་གཞི39བཅས་བཙུགས་ཡོད། སློབ་ཁྲིད་ཚན་པ12དང་དངོས་གཞིའི་སྡེ་ཁག་གི་ཆེད་ལས་དང་ཆེད་ལས་ཀྱི་ཁ་ཕྱོགས19བཙུགས་ཡོད། དགེ་རྒན་དང་ལས་བཟོ468ཡོད་པ་དང་། ཆེད་བསྐོས་དགེ་རྒན317སློབ་གྲྭར་ཡོད་མུས་ཀྱི་སློབ་མ6264ཡོད།

2 ལོ་རྒྱུས་འཕེལ་རིམ།

སྤྱི་ལོ2002ལོའི་ཟླ4ཚེས24ཉིན་དངོས་གཞིའི་སྡེ་ཁག་དཀྱུས་མའི་སློབ་གསོ་གཙོ་བོར་བྱས་པའི་ཀྲུང་དབྱང་ཁྲིམས་འཛིན་ཉེན་རྟོག་དཔོན་སློབ་གླིང་དངོས་སུ་བསྐྲུན། སྤྱི་ལོ2008ལོར་སློབ་གླིང་གི་བཙོན་ཁང་རིག་པའི་སྡེ་ཁག་གིས་རྒྱལ་ཡོངས་ཀྱི་སྲིད་ཁྲིམས་སློབ་གླིང་དང་སློབ་གླིང་ཁག་དང་པོའི་སློབ་བསྡུའི་སྒྲིག་སྲོལ་སྒྱུར་བཅོས་ཀྱི་སློབ་མའི་སློབ་གསོ་དང་གསོ་སྐྱོང་གི་ལས་འགན་འཁུར། སྤྱི་ལོ2012ལོར་ཀྲུང་དབྱང་ཁྲིམས་འཛིན་ཉེན་རྟོག་དཔོན་སློབ་གླིང་དུ་རྒྱལ་ཁབ་ཁྲིམས་རྩོད་པའི་སློབ་གླིང་གི་སྒོ་བྱང་བཀལ་ནས་བཙུགས། སྤྱི་ལོ2013ལོར་སློབ་གསོ་པུའི་ཆོག་མཆན་ཐོབ་པ་བརྒྱུད་སློབ་གླིང་གིས་བཅའ་ཁྲིམས་རབ་འབྱམས་པའི་ཞིབ་འཇུག་སློབ་མ་དངོས་སུ་བསྡུས། སྤྱི་ལོ2016ལོའི་ཟླ12པར་ཧོ་པེ་ཞིང་ཆེན་བསླབ་གནས་གཞུང་དོན་ཁང་གིས་སློབ་གྲྭ་དེ་ཁྲིམས་རིག་པའི་རིམ་པ་དང་པོའི་རིག་ཚན་གྱི་རབ་འབྱམས་པའི་བསླབ་གནས་དང་བཅའ་ཁྲིམས་ཀྱི་རབ་འབྱམས་པའི་བསླབ་གནས་དང་ཉེན་རྟོག་ལས་དོན་གྱི་རབ་འབྱམས་པའི་དབང་ཆ་ཡོད་པའི་འཛུགས་སྐྲུན་ཚན་པར་ཆོག་མཆན་སྤྲད།

3 སློབ་སྒྲུབ་ཆ་རྐྱེན།
3_1 དགེ་རྒན་གྱི་དཔུང་སྡེ།

སྤྱི་ལོ2017ལོའི་ཟླ5པའི་བར་སློབ་གྲྭར་དགེ་རྒན་དང་ལས་བཟོ473ཡོད། ཆེད་བསྐོས་དགེ་རྒན324དང་མཐོ་རིམ་གོ་མིང་ཡོད་པའི་དགེ་རྒན217ཡོད། འབུམ་རམས་པ་དང་སློབ་གྲྭར་འགྲོ་མུས་ཀྱི་འབུམ་རམས་པ78ཡོད་པ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་སྲིད་གཞུང་གི་དམིགས་བསལ་ཕོགས་སྣོན་ཐོབ་པའི་ཆེད་མཁས་པ12ཁྲིམས་འཛིན་པུའུ་ཡི་ཕུལ་བྱུང་དགེ་རྒན1དང་། ཧོ་པེ་ཞིང་ཆེན་གྱི་མཐོ་རིམ་སློབ་གྲྭའི་དགེ་རྒན་གྲགས་ཅན1བཅས་ཡོད།

3_2 སློབ་གླིང་དང་སྡེ་ཁག་གི་ཆེད་ལས།

སྤྱི་ལོ2017ལོའི་ཟླ5པའི་བར། སློབ་གྲྭར་བཙོན་ཁང་རིག་པའི་སློབ་གླིང་དང་། ཁྲིམས་ལུགས་རིག་པའི་སློབ་གླིང་། ཡོ་བསྲང་སློབ་གསོའི་སྡེ་ཁག ཆ་འཕྲིན་དོ་དམ་སྡེ་ཁག ཉེན་རྟོག་དོ་དམ་སྡེ་ཁག རྨང་གཞིའི་སློབ་ཚན་སློབ་དཔྱོད་ཁང་། མར་ལེ་སློབ་དཔྱོད་ཁང་། ཉེན་རྟོག་ལུས་རྩལ་སློབ་དཔྱོད་ཁང་། རྒྱུན་མཐུད་སློབ་གསོ་པུའུ། གསོ་སྦྱོང་པུའུ། ཞིབ་འཇུག་སློབ་མའི་སློབ་གསོ་པུའུ། དེང་རབས་སློབ་གསོའི་ལག་རྩལ་ལྟེ་གནས་སོགས་སློབ་ཁྲིད་ཚན་པ12ཡོད་པ་དང་དངོས་གཞིའི་སྡེ་ཁག་གི་ཆེད་ལས་དང་ཆེད་ལས་ཀྱི་ཁ་ཕྱོགས19བཙུགས་ཡོད།

4 སློབ་ཁྲིད་འཛུགས་སྐྲུན།

སྤྱི་ལོ2017ལོའི་ཟླ5པའི་བར། སློབ་གྲྭར་སློབ་གསོ་པུའུ་དང་ནོར་སྲིད་པུའུ་ཡིས་མཐོ་རིམ་སློབ་གྲྭའི་ཁྱད་ཆོས་ལྡན་པའི་ཆེད་ལས་འཛུགས་སྐྲུན3ལ་ཆོག་མཆན་གནང་བ་དང་། ཞིང་ཆེན་རིམ་པའི་སྤུས་ལེགས་སློབ་ཚན5ཡོད། པུའུ་རིམ་པའི་སྤུས་ལེགས་སློབ་ཚན6དང་། སློབ་ཁྲིད་ཚན་ཞིབ་དངོས་སྦྱོང་རྟེན་གཞི39བཅས་ཡོད།

5 རིག་ཚན་འཛུགས་སྐྲུན།

སྤྱི་ལོ2017ལོའི་ཟླ5པའི་བར་སློབ་གྲྭར་ཁྲིམས་འཛིན་པུའུ་ཡི་གཙོ་གནད་རིག་ཚན1དང་། ཁྲིམས་འཛིན་པུའི་པུའུ་རིམ་པའི་གཙོ་གནད་རིག་ཚན1ཧོ་པེ་ཞིང་ཆེན་གྱི་གཙོ་གནད་རིག་ཚན1རབ་འབྱམས་པའི་ཐོབ་ཐང་སྤྲོད་གནས1བཅས་ཡོད།

6 གཟི་བརྗིད་མཚན་སྙན། 

སྤྱི་ལོ2014ལོའི་ཟླ12པར་སློབ་གྲྭར་ཧོ་པེ་ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས“ཤེས་དཔལ་ཚན་པའི”མཚན་སྙན་གནང་། སྤྱི་ལོ2015ལོའི་ཟླ2པར་ཀྲུང་དབྱང་ཁྲིམས་འཛིན་ཉེན་རྟོག་དཔོན་སློབ་གླིང་ལ་ཀྲུང་དབྱང་བསམ་པའི་དཔལ་ཡོན་སྲོལ་གཏོད་མཛུབ་ཁྲིད་ཨུ་ཡོན་ལྷན་ཁང་གིས་སྤྲད་པའི“སྐབས་བཞི་པའི་རྒྱལ་ཡོངས་ཀྱི་ཤེས་དཔལ་ཚན་པའི”གཟི་བརྗིད་མཚན་སྙན་ཐོབ།

རིག་གཞུང་ཞིབ་འཇུག ཚན་ཞིབ་ལས་སྟེགས། སྤྱི་ལོ2016ལོའི་ཟླ་དང་པོར་སློབ་གྲྭའི་གཞུང་ཕྱོགས་དྲ་ཚིགས་ཐོག་མངོན་པར་གཞིགས་ན། སློབ་གྲྭར་ཞིབ་འཇུག་སྒྲིག་གཞི7དང་ཁྲིམས་འཛིན་པུའུ་ཡི་གཙོ་གནད་ཚོད་ལྟ་ཁང1ཡོད།

7 ཚན་ཞིབ་གྲུབ་འབྲས། 

སྤྱི་ལོ2015ལོའི་ཟླ་དང་པོའི་བར། སློབ་གྲྭས་རིམ་པ་ཁག་དང་རིགས་ཁག་གི་ཚན་ཞིབ་རྣམ་གྲངས85འགན་འཁུར་ཡོད། རྒྱལ་ཁབ་རིམ་པ་དང་ཞིང་ཆེན་དང་པུའུ་རིམ་པའི་ཚན་ཞིབ་རྣམ་གྲངས16ཡོད་པ་དང་། རིག་གཞུང་དཔྱད་རྩོམ1016ཡོངས་བསྒྲགས་སུ་སྤེལ་ཡོད། རིག་གཞུང་གི་ཆེད་རྩོམ་དང་སྒྱུར་རྩོམ། སློབ་དེབ། ལག་ཆའི་དེབ79པར་སྐྲུན་བྱས་ཡོད། ཚན་ཞིབ་གྲུབ་འབྲས263ལ་རིགས་དང་རིམ་པ་སྣ་ཚོགས་ཀྱི་བྱ་དགའ་ཐོབ་ཡོད།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-09-07

གསར་སྤེལ་མཁན། :བླ་མ་གཡང་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།