ཀྲུང་གོའི་མི་དམངས་ཉེན་རྟོག་པའི་སློབ་ཆེན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཀྲུང་གོའི་མི་དམངས་ཉེན་རྟོག་པའི་སློབ་ཆེན།
ཀྲུང་གོའི་མི་དམངས་ཉེན་རྟོག་པའི་སློབ་ཆེན། བསྡུས་མིང་ལ“ཉེན་རྟོག་སློབ་ཆེན”ཟེར། དེ་ནི་ཧོ་པེ་ཞིང་ཆེན་ལང་ཧྥང་གྲོང་ཁྱེར་དུ་གནས་ཡོད་པ་དང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་སྤྱི་བདེ་པུའི་ཐད་གཏོགས་ཉིན་ཧྲིལ་པོའི་ལམ་ལུགས་ཀྱི་མཐོ་སློབ་དཀྱུས་མ་ཞིག་ཡིན་ཞིང་། སྤྱི་ལོ1981ལོའི་ཟླ4ཚེས24ཉིན་བཙུགས། དེ་སྔོན་ཀྲུང་གོ་མི་དམངས་དྲག་ཆས་ཉེན་རྟོག་དཔུང་སྡེའི་སློབ་གླིང་ཡིན་པ་དང་སྤྱི་ལོ2018ལོའི་ཟླ9པར་སློབ་གསོ་པུའུ་ཡི་ཆོག་མཆན་ཐོབ་པ་བརྒྱུད་ཀྲུང་གོའི་མི་དམངས་ཉེན་རྟོག་སློབ་ཆེན་ཞེས་པར་མིང་བསྒྱུར། སློབ་ཆེན་དེ་ནི་ཏང་དང་རྒྱལ་ཁབ་ལ་ཉེན་དོན་མི་སྣ་གསར་བ་དང་། ཉེན་རྟོག་མི་སྣ་གསར་བ། མཐོ་རིམ་ཉེན་རྟོག་དཔོན་པོ་བཅས་གསོ་སྦྱོང་བྱེད་པའི་སྤྱི་བདེ་མཐོ་རིམ་སློབ་གླིང་ཞིག་དང་། སྤྱི་བདེའི་སློབ་གཉེར་བརྒྱུད་རིམ་སློབ་གསོ་དང་སྤྱི་བདེའི་གསར་གཏོད་ནུས་པ་འཛུགས་སྐྱོང་དང་སྤྱི་བདེའི་རིག་གནས་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་སའི་གཡུལ་ས་གཙོ་བོ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
中国人民警察大学
ཕྱི་ཡིག་གི་མིང་།
China People’s Police University
བསྡུས་མིང་།
ཉེན་རྟོག་སློབ་ཆེན།
རབ་འབྱམས་པའི་ཐོབ་ཐང་སྤྲོད་གནས།
རིམ་པ་དང་པོའི་རིག་ཚན6དང་། ཆེད་ལས་བསླབ་དབང་ཡོད་པའི་རིམ་པ་དང་པོའི་ཁྱབ་ཁོངས2ཡོད།
བཙུགས་ལོ།
སྤྱི་ལོ1981ལོའི་ཟླ4པའི་ཚེས24ཉིན་བཙུགས།
སློབ་གླིང་དང་སྡེ་ཁག་བཀོད་སྒྲིག
གནས་སྤོས་ཡུལ་མིའི་དོ་དམ་སློབ་གླིང་དང་། སྤྱི་བདེ་བཀོད་འདོམས་སློབ་གླིང་། ཕྱི་རྒྱལ་གྱི་བདེ་སྲུང་སློབ་གླིང་། རིག་ལྡན་ཉེན་རྟོག་ལས་དོན་སློབ་གླིང་། སྤྱི་བདེ་ཆབ་སྲིད་སློབ་གླིང་སོགས་ཡོད།
སློབ་སྒྲུབ་ངོ་བོ།
གཞུང་བཙུགས་སློབ་ཆེན།
སློབ་གླུ།
《དྲག་ཆས་ཉེན་རྟོག་སློབ་གླིང་གི་སློབ་གྲྭའི་གླུ་དབྱངས།》
རྣམ་པ།
སྲིད་ཁྲིམས།
གཙོ་གཉེར་སྡེ་ཁག
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་སྤྱི་བདེ་པུའུ།
སློབ་གྲྭའི་ཁྱད་ཆོས།
པུའུ་ཡི་ཁོངས་གཏོགས་སློབ་ཆེན།
ལས་ཐོག་འགོ་ཁྲིད།
ཏང་ཨུའི་ཧྲུའུ་ཅི། མུའུ་ཡུའུ་ཁྲང་། སློབ་གཙོ། མཱ་ཅིན་ཆི།
གནས་ཡུལ།
ཧོ་པེ་ཞིང་ཆེན་ལང་ཧྥང་གྲོང་ཁྱེར་ཨན་ཚེ་ཆུས་ཀྱི་ཀོང་མིང་སྲང་ལམ་ནུབ་མའི་ཞི་ཁྲང་ལམ་གྱི་ཨང་རྟགས220པར་གནས་ཡོད།
དངོས་གཞིའི་ཆེད་ལས།
15ཡོད།
སློབ་གྲྭའི་ཚབ་ཨང་།
11105
གཟི་བརྗིད་མཚན་སྙན།
རྒྱལ་ཡོངས་ཀྱི་སྔོ་འགྱུར་མཛེས་བཟོའི་སྔོན་ཐོན་ཚན་པ། རྒྱལ་ཡོངས་ཁྲིམས་ལུགས་ཁྱབ་གདལ་སྔོན་ཐོན་ཚོགས་པ།
གྲགས་ཅན་དགེ་རྒན།
སུའུ་ཀྲི་ཨན། མོ་དབྱི་ཆང་། ཀའོ་ཐའེ་ཧྥན་སོགས་ཡོད།
1 ​ངོ་སྤྲོད་མདོར་བསྡུས།

ཀྲུང་གོའི་མི་དམངས་ཉེན་རྟོག་པའི་སློབ་ཆེན། (ChinaPeoplesPoliceUniversity) བསྡུས་མིང་ལ“ཉེན་རྟོག་སློབ་ཆེན”ཟེར། དེ་ནི་ཧོ་པེ་ཞིང་ཆེན་ལང་ཧྥང་གྲོང་ཁྱེར་དུ་གནས་ཡོད་པ་དང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་སྤྱི་བདེ་པུའི་ཐད་གཏོགས་ཉིན་ཧྲིལ་པོའི་ལམ་ལུགས་ཀྱི་མཐོ་སློབ་དཀྱུས་མ་ཞིག་ཡིན་ཞིང་། སློབ་གྲྭ་སྤྱི་ལོ1981ལོའི་ཟླ4ཚེས24ཉིན་བཙུགས། དེ་སྔོན་ཀྲུང་གོ་མི་དམངས་དྲག་ཆས་ཉེན་རྟོག་དཔུང་སྡེའི་སློབ་གླིང་ཡིན་པ་དང་སྤྱི་ལོ2018ལོའི་ཟླ9པར་སློབ་གསོ་པུའུ་ཡི་ཆོག་མཆན་ཐོབ་པ་བརྒྱུད་ཀྲུང་གོའི་མི་དམངས་ཉེན་རྟོག་སློབ་ཆེན་ཞེས་པར་མིང་བསྒྱུར། སློབ་ཆེན་དེ་ནི་ཏང་དང་རྒྱལ་ཁབ་ལ་ཉེན་དོན་མི་སྣ་གསར་བ་དང་། ཉེན་རྟོག་མི་སྣ་གསར་བ། མཐོ་རིམ་ཉེན་རྟོག་དཔོན་པོ་བཅས་གསོ་སྦྱོང་བྱེད་པའི་སྤྱི་བདེ་མཐོ་རིམ་སློབ་གླིང་ཞིག་དང་། སྤྱི་བདེའི་སློབ་གཉེར་བརྒྱུད་རིམ་སློབ་གསོ་དང་སྤྱི་བདེའི་གསར་གཏོད་ནུས་པ་འཛུགས་སྐྱོང་དང་སྤྱི་བདེའི་རིག་གནས་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་སའི་གཡུལ་ས་གཙོ་བོ་ཞིག་ཡིན། རྒྱལ་སྤྱིའི་ཁྲིམས་བསྟར་སྤེལ་རེས་དང་མཉམ་ལས། རྒྱལ་ཁོངས་ཕྱི་རྒྱལ་གྱི་ཉེན་རྟོག་པ་གསོ་སྦྱོང་། ཕྱི་རྒྱལ་དུ་སློབ་སྦྱོང་བྱེད་མཁན་སློབ་མ་དག་གསོ་སྐྱོང་བྱེད་པའི་འཐབ་ཇུས་ཀྱི་མཐོ་ས་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་སྲུང་སྐྱོང་ཉེན་རྟོག་ཨེ་ཤེ་ཡའི་ས་ཁོངས་རང་བཞིན་གྱི་གསོ་སྦྱོང་ལྟེ་གནས་དང་བདེ་འཇགས་ཁྱབ་ཁོངས་ཀྱི་འཐབ་ཇུས་གནད་དོན་གལ་ཆེན་ལ་ཞིབ་འཇུག་བྱེད་པའི་རྒྱལ་ཁབ་རིམ་པའི་ཇུས་འདོན་ཚོགས་པ་ཞིག་ཀྱང་ཡིན། སློབ་གྲྭ་བཙུགས་ནས་ལོ་ངོ38ལྷག་གི་རིང་། སློབ་གྲྭས་སྔ་རྗེས་སུ་སྤྱི་བདེའི་དངོས་ཞབས་དཔུང་སྡེར་དོ་དམ་དང་། བཀོད་འདོམས། ལག་རྩལ་བཅས་ཀྱི་འཇོན་མི་ཁྲི6ལྷག་ཙམ་གསོ་སྐྱོང་བྱས་ནས་སྤྱི་བདེའི་བྱ་གཞག་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ལ་བྱས་རྗེས་མངོན་གསལ་ཕུལ་ཡོད། སློབ་གླིང་དེར“བློ་དཀར་སྲུང་དམག་གི་འབྱུང་གནས”ཞེས་འབོད་ཀྱིན་ཡོད། སྤྱི་ལོ2018ལོའི་ཟླ9པའི་བར། ལང་ཧྥང་སློབ་ཁུལ་གྱི་རྒྱ་ཁྱོན་ལ་མུའུ1500ཡོད་པ་དང་སྤྱིའི་འཛུགས་སྐྲུན་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི38ཟིན་ཡོད། ཀོང་ཀྲོའུ་སློབ་ཁུལ་གྱིས་མུའུ600ཟིན་ཡོད། ཁྱོན་ལས་ཁུངས23དང་། སློབ་ཁྲིད་ཟུར་ཁྲིད་ཚན་པ4སློབ་ཁྲིད་སྒྲིག་གཞི17བཅས་བཙུགས་ཡོད། སློབ་གྲྭ་རིམ་པའི་དངོས་གཞི་མིན་པའི་ཞིབ་འཇུག་སྒྲིག་གཞི7ཡོད། དངོས་གཞིའི་སྡེ་ཁག་གི་ཆེད་ལས15བཀོད་སྒྲིག་བྱས་ཡོད། སློབ་གྲྭར་ཞིབ་འཇུག་སློབ་མ800ལྷག་ཙམ་ཡོད། སློབ་གྲྭར་སློབ་དཔོན162དང་། སློབ་ནང་དང་སློབ་ཕྱིའི་དགེ་རྒན་གཅིག་ལྕོགས་བྱས་ཡོད་པའི་དགེ་རྒན168རབ་འབྱམས་པའི་བསླབ་གནས་སྤྲོད་དབང་ཡོད་ཁུལ18བཅས་ཡོད།

2 ལོ་རྒྱུས་འཕེལ་རིམ།

སྤྱི་ལོ2018ལོའི་ཟླ9ཚེས6ཉིན་ཀྲུང་གོ་མི་དམངས་དྲག་ཆས་ཉེན་རྟོག་དཔུང་སྡེའི་སློབ་གླིང་དེ་ཀྲུང་གོའི་མི་དམངས་ཉེན་རྟོག་པའི་སློབ་ཆེན་ཞེས་པར་མིང་བསྒྱུར། སྤྱི་ལོ2019ལོའི་ཟླ12ཚེས7ཉིན་ཐོ་འགོད་ས་གནས་དེ་ཀྲུང་གོའི་པེ་ཅིང་གྲོང་ཁྱེར་མོན་ཐོའུ་ཀོའུ་ཆུས་ཐན་ཡན་སི་གྲོང་རྡལ་ཀྲུའུ་ཧྲ་ལིང་ཁྲོམ་གཞུང་གི་ཨང་སྒོ9པར་བསྒྱུར་ཡོད།

3 སློབ་གཉེར་རྒྱ་ཁྱོན།
3_1 དགེ་རྒན་གྱི་དཔུང་སྡེ།

སྤྱི་ལོ2017ལོའི་ཟླ6པའི་བར། སློབ་གྲྭའི་འཇོན་མི1རྒྱལ་ཁབ་ཀྱི་“བརྒྱ་སྟོང་ཁྲི་འཇོན་མིའི་ལས་གཞི”དང“བྱས་རྗེས་མངོན་གསལ་བཞག་པའི་ན་གཞོན་རིགས་གཅིག་མཁས་པ”བཅས་ཀྱི་མཚན་སྙན་ཐོབ། འཇོན་མི2སློབ་གསོ་པུའུ་ཡི་“དུས་རབས་གསར་པའི་འཇོན་མི་ཕུལ་བྱུང་ཅན་གྱི་རྒྱབ་སྐྱོར་འཆར་གཞི”ཁྲོད་བདམས། འཇོན་མི1ཞིང་ཆེན་དོ་དམ་གྱི་རིགས་གཅིག་མཁས་ཅན་ཕུལ་བྱུང་ལ་བདམས་ཐོན་བྱུང་། འཇོན་མི3རྒྱལ་ཁབ་རིམ་པའི་ཕུལ་བྱུང་དགེ་རྒན་དུ་བདམས་པ་དང་། མི་ཐེངས30ཞིང་ཆེན་དང་པུའུ་རིམ་པའི་ཕུལ་བྱུང་དགེ་རྒན་དང་སློབ་ཁྲིད་དགེ་རྒན་གྲགས་ཅན་དུ་བདམས། མི6རྒྱལ་ཡོངས་ཀྱི་ཕུལ་བྱུང་མི་དམངས་ཉེན་རྟོག་པར་བདམས། མི5རྒྱལ་ཡོངས་ཀྱི་སྤྱི་བདེའི་ཚན་རྩལ་སྔོན་ཐོན་མི་སྒེར་དུ་བདམས། མི་ཐེངས27ལ་རྒྱལ་སྲིད་སྤྱི་ཁྱབ་ཁང་དང་སྲིད་གཞུང་གི་དམིགས་བསལ་ཕོགས་སྣོན་དང་། སྤྱི་བདེ་པུའུ་ཡི་པུའུ་རིམ་པའི་ཕོགས་སྣོན་ཐོབ། མི་ཐེངས150ལ་སྤྱི་བདེ་པུའུ་ཡི་ཕུལ་བྱུང་ཆེད་ལས་ལག་རྩལ་འཇོན་མིའི་བྱ་དགའི་ཕོགས་སྣོན་ལོངས་སུ་སྤྱོད་རྒྱུ་བྱུང་ཡོད།

3_2 སློབ་གླིང་དང་སྡེ་ཁག་གི་ཆེད་ལས།

སློབ་གྲྭས་སློབ་ཁྲིད་སྒྲིག་གཞི17བཙུགས་ཡོད།

4 རིག་ཚན་འཛུགས་སྐྲུན།

སྤྱི་ལོ2018ལོའི་བར་སློབ་གྲྭར་ཞིབ་འཇུག་སློབ་མ800ལྷག་ཙམ་ཡོད་པ་དང་། སློབ་གྲྭར་སློབ་དཔོན162དང་སློབ་གྲྭའི་ཕྱིའི་དང་ནང་གི་འགན་གཅིག་ལྕོགས་སུ་བཞེས་མཁན168ཡོད། རབ་འབྱམས་པའི་བསླབ་གནས་སྤྲོད་དབང་ཡོད་ཁུལ18ལ་སླེབས། བཟོ་རིག་དང་། ཁྲིམས་ལུགས་རིག་པ། དམག་དོན་རིག་པ་བཅས་རིག་ཚན་གསུམ་ལ་ཁྱབ་ཡོད། སྤྱི་བདེ་རིག་པ་དང་། སྤྱི་བདེ་ལག་རྩལ། ཁྲིམས་ལུགས་རིག་པ། བདེ་འཇགས་ཚན་རིག་དང་ལས་གཞི། དྲ་རྒྱའི་བར་མཐོངས་བདེ་འཇགས། དམག་དཔུང་བཀོད་འདོམས་རིག་པའི་རིམ་པ་དང་པོའི་རིག་ཚན་གྱི་རབ་འབྱམས་པའི་བསླབ་གནས་སྤྲོད་དབང་ཡོད་ཁུལ6ཡོད། དེ་བཞིན་ཉེན་རྟོག་ལས་དོན་དང་ཐོན་ཁུངས་དང་ཁོར་ཡུག བཅའ་ཁྲིམས་བཅས་ཆེད་ལས་བསླབ་གནས་ཀྱི་རབ་འབྱམས་པའི་བསླབ་གནས་སྤྲོད་དབང་ཡོད་ཁུལ3བཙུགས་ཡོད། ཁྲིམས་ལུགས་རིག་པ་དང་། བདེ་འཇགས་ཚན་རིག་དང་ལས་གཞི། དམག་དཔུང་བཀོད་འདོམས་རིག་པ། སྤྱི་བདེའི་གསང་འཕྲིན་རིག་པ། མེ་གསོད་པ། འཕྲལ་བསྟུན་རོགས་སྐྱོབ་ལག་རྩལ་བཅས་ཧོ་པེ་ཞིང་ཆེན་གྱི་གཙོ་གནད་རིག་ཚན5བཙུགས་ཡོད།

5 རིག་གཞུང་ཞིབ་འཇུག
5_1 ཚན་ཞིབ་ལས་སྟེགས།

སྤྱི་ལོ2017ལོའི་ཟླ6པའི་བར་སློབ་གྲྭར་སྤྱི་བདེ་པུའི་གཙོ་གནད་ཚོད་ལྟ་ཁང1ཡོད་པ་དང་། ཧོ་པེ་ཞིང་ཆེན་སྤྱི་ཚོགས་ཚན་རིག་ཞིབ་འཇུག་རྟེན་གཞི1སློབ་གྲྭ་རིམ་པའི་ཞིབ་འཇུག་ལྟེ་གནས4པེ་ཅིང་གྲོང་ཁྱེར་སྐུ་སྲུང་ཅུའུ་དང་མཉམ་དུ་“ཉེན་སྲུང་བདེ་འཇགས་མཐུན་སྦྱོར་གསར་གཏོད་ལྟེ་གནས”སོགས་འཛུགས་སྐྲུན་བྱས་ཡོད།

5_2 ཞིབ་འཇུག་གི་གྲུབ་འབྲས།

སྤྱི་ལོ2018ལོའི་ཟླ9པའི་བར་སློབ་གྲྭའི་ཚན་ཞིབ་པུའི་དགེ་རྒན་ཆེན་མོ་ཀུའོ་ཆི་ཡུན་དང་རྨང་གཞིའི་པུའི་འཆད་ཁྲིད་དགེ་རྒན་ལན་ཡུའེ་ཞིན་སོགས་མི9ལ་ཧོ་པེ་ཞིང་ཆེན་སྤྱི་ཚོགས་ཚན་རིག་ཐེབས་རྩའི་རྣམ་གྲངས་ཀྱི་ཆོག་མཆན་ཐོབ་པ་དང་། སྦྱོང་བརྡར་པུའུ་ཡི་འཆད་ཁྲིད་དགེ་རྒན་ལི་ཧའོ་ཆིང་དང་རྨང་གཞིའི་པུའི་དགེ་རྒན་ཆེན་མོ་ཀྲང་ཡོན་སོགས་མི13ལ་ཧོ་པེ་ཞིང་ཆེན་སྤྱི་ཚོགས་ཚན་རིག་མཉམ་འབྲེལ་ལྷན་ཚོགས་ཀྱི་རྣམ་གྲངས་ཆོག་མཆན་སྤྲད། སློབ་གླིང་གིས་སྤྱི་ལོ2016ལོར་ཞིང་ཆེན་དང་པུའུ་རིམ་པ་ཡན་གྱི་ཞིབ་འཇུག་དཔྱད་གཞི70ལ་ཆོག་མཆན་སྤྲད། ཧོ་པེ་ཞིང་ཆེན་རང་བྱུང་ཚན་རིག་ཐེབས་རྩའི་རྣམ་གྲངས4ལ་ཆོག་མཆན་ཐོབ་པ་དང་རོགས་དངུལ་ཁྱོན་སྒོར་ཁྲི18བཏང་ཡོད།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-08-28

གསར་སྤེལ་མཁན། :བླ་མ་གཡང་སངས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།