སུའུ་ཀྲོའུ་ཅན་ཞུང་ལས་རིགས་ལག་རྩལ་སློབ་གླིང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སུའུ་ཀྲོའུ་ཅན་ཞུང་ལས་རིགས་ལག་རྩལ་སློབ་གླིང་།
སུའུ་ཀྲོའུ་ཅན་ཞུང་ལས་རིགས་ལག་རྩལ་སློབ་གླིང་ནི་འཛམ་གླིང་ཐོག་སྐད་གྲགས་ཆེ་བའི་ཉིང་རྡུལ་དངོས་ཁམས་ཚན་རིག་མཁས་ཅན་ཝུའུ་ཅན་ཞུང་གིས་མིང་བཏགས་པའི་སློབ་གླིང་ཞིག་ཡིན། སློབ་གྲྭ་འདི་ནི་ཅང་སུའུ་ཞིང་ཆེན་ཐའེ་ཚང་གྲོང་ཁྱེར་དུ་གནས་པ་དང་གཞུང་བཙུགས་ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་མཐོ་རིམ་ལས་རིགས་སློབ་གླིང་དང་ཅང་སུའུ་ཞིང་ཆེན་གྱི་དཔེ་སྟོན་རང་བཞིན་གྱི་མཐོ་རིམ་ལས་རིགས་སློབ་གླིང་འཛུགས་སྐྲུན་ཚན་པ་ཞིག་ཡིན། སློབ་གླིང་འདི་སྔོན་ཆད་སྤྱི་ལོ1907ལོར་བཙུགས་པའི་ཅང་སུའུ་ཞིང་ཆེན་ཐའེ་ཚང་དགེ་འོས་སློབ་གྲྭ་དང་སྤྱི་ལོ1979ལོར་བཙུགས་པའི་ཐའེ་ཚང་རླུང་འཕྲིན་བརྙན་འཕྲིན་སློབ་ཆེན་ཡིན། སྤྱི་ལོ2004ལོར་ཅང་སུའུ་ཞིང་ཆེན་ཐའེ་ཚང་དགེ་འོས་སློབ་གྲྭ་དང་། ཐའེ་ཚང་རླུང་འཕྲིན་བརྙན་འཕྲིན་སློབ་ཆེན། ཅང་སུའུ་ཐའེ་ཚང་ལས་རིགས་སློབ་གསོའི་ལྟེ་གནས་སློབ་གྲྭ་བཅས་བསྡུ་སྒྲིལ་བྱས་ནས་ཅན་ཞུང་ལས་རིགས་ལག་རྩལ་སློབ་གླིང་བཙུགས། སྤྱི་ལོ2014ལོར་ཅན་ཞུང་ལས་རིགས་ལག་རྩལ་སློབ་གླིང་ནི་སུའུ་ཀྲོའུ་ཅན་ཞུང་ལས་རིགས་ལག་རྩལ་སློབ་གླིང་དུ་བསྒྱུར། སྤྱི་ལོ2019ལོའི་ཟླ2པར་སློབ་གྲྭའི་གཞུང་ཕྱོགས་དྲ་ཚིགས་ལས་སློབ་གྲྭའི་རྒྱ་ཁྱོན་མུའུ700དང་། འཛུགས་སྐྲུན་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི20ཟིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
苏州健雄职业技术学院
ཕྱི་ཡིག་གི་མིང་།
Suzhou Chien-shiung Institute of Technology
བསྡུས་མིང་།
ཅན་ཞུང་སློབ་གླིང་།
བཙུགས་ལོ།
སྤྱི་ལོ1907ལོར།
རིགས་དབྱེ།
གཞུང་བཙུགས་སློབ་ཆེན།
རྣམ་པ།
བཟོ་ལས་ཚན་ཁག་གི་སྐོར།
ངོ་བོ།
ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་མཐོ་རིམ་ལས་རིགས་སློབ་གྲྭ།
གཙོ་གཉེར་སྡེ་ཁག
ཅང་སུའུ་ཞིང་ཆེན།
མཐོ་རིམ་ལས་རིགས་ཆེད་ལས།
34
གནས་ཡུལ།
ཅང་སུའུ་ཞིང་ཆེན་སུའུ་ཀྲོའུ་གྲོང་ཁྱེར་ཐའེ་ཚང་གྲོང་ཁྱེར།
སློབ་གྲྭའི་ཚབ་ཨང་།
13751
1 ལོ་རྒྱུས་འཕེལ་རིམ། 

སྤྱི་ལོ1997ལོར་ཐའེ་ཚང་བཟོ་ལས་སློབ་གྲྭ་དང་ཅང་སུའུ་ཞིང་ཆེན་ཐའེ་ཚང་ལས་རིགས་མཐོ་རིམ་སློབ་འབྲིང་ཟླ་སྒྲིལ་བཏང་ནས་ཐའེ་ཚང་གྲོང་ཁྱེར་ལས་རིགས་སློབ་གསོའི་ཚོགས་པ་བཙུགས།

སྤྱི་ལོ1998ལོའི་ཟླ11པར་ཐའེ་ཚང་གྲོང་ཁྱེར་ལས་རིགས་སློབ་གསོའི་ཚོགས་པས་ཅང་སུའུ་ཐའེ་ཚང་ལས་རིགས་སློབ་གསོའི་ལྟེ་གནས་སློབ་གྲྭ་ཞེས་མིང་བསྒྱུར།

སྤྱི་ལོ2004ལོར་ཐའེ་ཚང་རླུང་འཕྲིན་བརྙན་འཕྲིན་སློབ་ཆེན་དང་། ཅང་སུའུ་ཐའེ་ཚང་ལས་རིགས་སློབ་གསོའི་ལྟེ་གནས་སློབ་གྲྭ། ཐའེ་ཚང་དགེ་འོས་སློབ་གྲྭ་བཅས་ཟླ་སྒྲིལ་བཏང་ནས་ཅན་ཞུང་ལས་རིགས་ལག་རྩལ་སློབ་གླིང་དུ་རིམ་སྤོར་བྱས།

སྤྱི་ལོ2006ལོའི་ཟླ9པར་ཅང་སུའུ་ཐའེ་ཚང་ལས་རིགས་སློབ་གསོའི་ལྟེ་གནས་སློབ་གྲྭ་རང་ཚུགས་ཀྱིས་སློབ་གཉེར་བྱས།

སྤྱི་ལོ2014ལོར་ཅན་ཞུང་ལས་རིགས་ལག་རྩལ་སློབ་གླིང་ནི་སུའུ་ཀྲོའུ་ཅན་ཞུང་ལས་རིགས་ལག་རྩལ་སློབ་གླིང་དུ་མིང་བསྒྱུར།

2 སློབ་གླིང་དང་སྡེ་ཁག་བཀོད་སྒྲིག

སྤྱི་ལོ2019ལོའི་ཟླ2པར་སློབ་གྲྭའི་གཞུང་ཕྱོགས་དྲ་ཚིགས་ལས་སློབ་གྲྭ་བཙུགས་ནས་རིམ་པ་གཉིས་པའི་སློབ་གླིང8དང་། ཆེད་ལས34བཅས་བཙུགས་ཡོད།

3 དགེ་རྒན་གྱི་དཔུང་སྡེ།   

《སུའུ་ཀྲོའུ་ཅན་ཞུང་ལས་རིགས་ལག་རྩལ་སློབ་གླིང་གི་མཐོ་རིམ་ལས་རིགས་སློབ་གསོའི་སྤུས་ཚད་སྙན་ཞུ(སྤྱི་ལོ2019ལོའི་པར་གཞི)》ལས་སློབ་གྲྭར་ཁྱོན་བསྡོམས་ཆེད་བསྐོས་དགེ་རྒན600ལྷག་ཙམ་ཡོད་པ་དང་། ཆེད་བསྐོས་དགེ་རྒན་ཁྲོད་མཐོ་རིམ་གོ་མིང་གིས39.51%བཟུང་ཞིང་། རབ་འབྱམས་པ་ཡན་གྱི་སློབ་གནས་ཀྱིས79.84%བཟུང་་ལ། ཉིས་འཇོན་དགེ་རྒན་གྱི་བྱང་ཚད་གྱིས80.66%བཟུང་ཡོད། ཞིང་ཆེན་གྱི་མཐོ་རིམ་ཤེས་ལྡན་མི་སྣ333དང་། ཞིང་ཆེན་གྱི་ཆིན་ལན་དང་ཆིན་ལན་གྱི་ལས་གྲྭའི་རིག་གཞུང་སྣེ་ཁྲིད་པ། ཞིང་ཆེན་གྱི་ཆིན་ལན་དང་ཆིན་ལན་གྱི་ལས་གྲྭའི་རྐང་འཛིན་དགེ་རྒན། ཞིང་ཆེན་གྱི་ན་གཞོན་རིག་གནས་ཤེས་ལྡན་མི་སྣ། ཏུང་ཝུའུ་ཡི་མཁས་དབང་སོགས་རིམ་པ་མཐོ་བའི་ཤེས་ལྡན་མི་སྣ་དང་ཞིང་ཆེན་རིམ་པ་དང་གྲོང་ཁྱེར་རིམ་པའི་ཕུལ་བྱུང་སློབ་ཁྲིད་ཚོགས་པ་ཁག་ཅིག་ཡོད།

4 སློབ་ཁྲིད་གྲུབ་འབྲས།     

《སུའུ་ཀྲོའུ་ཅན་ཞུང་ལས་རིགས་ལག་རྩལ་སློབ་གླིང་གི་མཐོ་རིམ་ལས་རིགས་སློབ་གསོའི་སྤུས་ཚད་སྙན་ཞུ(སྤྱི་ལོ2019ལོའི་པར་གཞི)》ལས་ཉེ་བའི་ལོ་ཤས་རིང་སློབ་གྲྭར་རྒྱལ་ཁབ་རིམ་པའི་སློབ་ཁྲིད་གྲུབ་འབྲས་ཀྱི་བྱ་དགའ་ཨང་གཉིས་པ1དང་ཞིང་ཆེན་རིམ་པའི་སློབ་ཁྲིད་གྲུབ་འབྲས་བྱ་དགའ6ཐོབ། སུའུ་ཀྲོའུ་གྲོང་ཁྱེར་གྱི་ཕུལ་བྱུང་སློབ་ཚན་གསར་པ2དང་དྲ་ཐོག་སྒོ་དབྱེའི་སློབ་ཚན2 ཞིང་ཆེན་རིམ་པ་ཡན་གྱི་ཆ་འཕྲིན་ཅན་དང་སློབ་ཚན་ཆུང་གྲས་ཀྱི་འགྲན་བསྡུར་ལ་བྱ་དགའ16ཐོབ།

5 རིག་གཞུང་ཞིབ་འཇུག     

སྤྱི་ལོ2019ལོའི་ཟླ2པར་སློབ་གྲྭའི་གཞུང་ཕྱོགས་དྲ་ཚིགས་ལས་སློབ་གྲྭ་དེས་སྤྱི་ལོ2013ལོར་ཐའེ་ཚང་གྲོང་ཁྱེར་གྱི་ཚན་རྩལ་འཆར་གཞིའི་རྣམ་གྲངས་ནང་ཚན་ཞིབ་ལས་སྟེགས3ཐོབ།     ཚན་རིག་ཞིབ་འཇུག་གི་གྲུབ་འབྲས།

སྤྱི་ལོ2019ལོའི་ཟླ2པར་སློབ་གྲྭའི་གཞུང་ཕྱོགས་དྲ་ཚིགས་ལས་ཉེ་བའི་ལོ་ཤས་རིང་། སློབ་གྲྭར་གསར་གཏོད་ཀྱི་ཁེ་བེད་བདག་ཐོབ200ཙམ་ཐོབ། སྤྱི་ལོ2018ལོར་ཐའེ་ཚང་གྲོང་ཁྱེར་གྱི་ཚན་རྩལ་འཆར་གཞིའི་རྣམ་གྲངས་ཀྱི་རྣམ་གྲངས་ཁག5བཙུགས་ཡོད་ལ། དེའི་ནང་རྨང་གཞིའི་ཞིབ་འཇུག་འཆར་གཞི(ཁྱོན་ཡོངས་ཀྱི་རྣམ་གྲངས)ལ་རྣམ་གྲངས3བཙུགས་པ་དང་མཉེན་ཆས་ཚན་རིག་ཞིབ་འཇུག་འཆར་གཞིའི་རྣམ་གྲངས2བཙུགས། སྤྱི་ལོ2013ལོའི་ཐའེ་ཚང་གྲོང་ཁྱེར་གྱི་ཚན་རྩལ་འཆར་གཞིའི་རྣམ་གྲངས་ཁྲོད་ཚན་རིག་ཞིབ་འཇུག་གི་གྲུབ་འབྲས12ཐོབ།

6 འགོ་ཁྲིད།     

ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཡོན་ཀྲང་། ཝེ་ཞའོ་ཧྥེང་།     

སྒྲིག་ཨུའི་ཧྲུའུ་ཅི། ཧྲེང་ཅན་ཅུན།     

ཡོན་ཀྲང་གཞོན་པ། ཀྲང་ཞུའེ་ཅུན། ཀྲོའུ་ཞའོ་ཀང་།     

བཟོ་ཚོགས་ཀྱི་ཀྲུའུ་ཞི།  མ་ཀུའེ་མིང་།

དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-08-28

གསར་སྤེལ་མཁན། :དཀོན་མཆོག་སྒྲོལ་མ།༡

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།