མུའུ་ཏན་ཅང་གསོ་རིག་སློབ་གླིང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

མུའུ་ཏན་ཅང་གསོ་རིག་སློབ་གླིང་།
མུའུ་ཏན་ཅང་གསོ་རིག་སློབ་གླིང་ནི་ཧེ་ལུང་ཅང་ཞིང་ཆེན་ཁོངས་གཏོགས་ཀྱི་དངོས་གཞིའི་ཚན་ཁག་གི་གསོ་རིག་སློབ་གྲྭ་དཀྱུས་མ་ཞིག་ཡིན། ཧེ་ལུང་ཅང་ཞིང་ཆེན་གྱི་ཁྱད་ལྡན་ཉེར་སྤྱོད་རྣམ་པའི་དངོས་གཞིའི་ཚན་ཁག་གི་མཐོ་སློབ་འཛུགས་སྐྲུན་ལས་ཁུངས་དང་། ཀྲུང་གོའི་རྒྱལ་ཡོངས་ཀྱི་ཕུལ་བྱུང་སྨན་པའི་སློབ་གསོ་གསོ་སྦྱོང་འཆར་གཞིའི་རྣམ་གྲངས་ཁག་དང་པོའི་ཚོད་ལྟའི་མཐོ་སློབ་ཡིན། སློབ་གྲྭ་དེ་སྤྱི་ལོ1958ལོར་བཙུགས་ཤིང་། མུའུ་ཏན་ཅང་གསོ་རིག་སློབ་གླིང(སྤྱི་ལོ1958ལོ་ནས་སྤྱི་ལོ1962ལོའི་བར)དང་། མུའུ་ཏན་ཅང་འཕྲོད་བསྟེན་སློབ་གྲྭ(སྤྱི་ལོ1962ལོ་ནས་སྤྱི་ལོ1978ལོའི་བར) མུའུ་ཏན་ཅང་གསོ་རིག་ཆེད་སྦྱོང་སློབ་གྲྭ(སྤྱི་ལོ1978ལོ་ནས་སྤྱི་ལོ1986ལོའི་བར) མུའུ་ཏན་ཅང་གསོ་རིག་སློབ་གླིང(སྤྱི་ལོ1986ལོ་ནས་བཟུང)སོགས་ལོ་རྒྱུས་ཀྱི་དུས་སྐབས་བརྒྱུད་སྤྱི་ལོ2013ལོར་རབ་འབྱམས་པའི་ཡོན་གནས་སྤྲོད་དབང་ཐོབ།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
牡丹江医学院
ཕྱི་ཡིག་གི་མིང་།
udanjiangMedicalUniversity
བཙུགས་ལོ།
སྤྱི་ལོ1958ལོ།
སློབ་སྒྲུབ་ངོ་བོ།
གཞུང་བཙུགས་སློབ་ཆེན།
རིགས་དབྱེ།
སྨན་གྱི་རིགས།
སློབ་གྲྭའི་ཁྱད་ཆོས།
ཞིང་ཆེན་ཁོངས་གཏོགས་ཀྱི་དངོས་གཞིའི་ཚན་ཁག་གི་སློབ་གླིང་དཀྱུས་མ།    ཧེ་ལུང་ཅང་ཞིང་ཆེན་གྱི་ཁྱད་ལྡན་ཉེར་སྤྱོད་རྣམ་པའི་དངོས་གཞིའི་ཚན་ཁག་གི་མཐོ་སློབ་འཛུགས་སྐྲུན་ལས་ཁུངས།(སྤྱི་ལོ2010ལོ)
གཙོ་གཉེར་སྡེ་ཁག
ཧེ་ལུང་ཅང་ཞིང་ཆེན།
འགོ་ཁྲིད།
ཏང་ཨུའི་ཧྲུའུ་ཅི། ཀོན་ལི་ཞིན། གླིང་གཙོ། ཀྲུའུ་ཞའོ་ཧྥེང་།
དངོས་གཞིའི་ཆེད་ལས།
21ཡོད།
《རྒྱང་སྐྱོད་གླུ་དབྱངས》
སློབ་གླུ།
སློབ་གླིང་དང་ཚན་ཁག་སྒྲིག་བཀོད།
གསོ་རིག་སློབ་གླིང་དང་། ནད་ཐོག་གསོ་རིག་སློབ་གླིང་དང་པོ། གསོ་རིག་བརྙན་པར་སློབ་གླིང་། སྨན་རྫས་སློབ་གླིང་། སྤྱི་པའི་འཕྲོད་བསྟེན་སློབ་གླིང་། ནད་སྐྱོང་སློབ་གླིང་། འཕྲོད་བསྟེན་དོ་དམ་སློབ་གླིང་སོགས་སློབ་གླིང10ཡོད།
ས་གནས།
ཧེ་ལུང་ཅང་ཞིང་ཆེན་མུའུ་ཏན་ཅང་གྲོང་ཁྱེར་ཨའེ་མིན་ཆུས་ཐུང་ཤང་སྲང་ལམ་ཨང3པ།
སློབ་གླིང་ཚབ་ཨང་།
10229
1 ངོ་སྤྲོད་མདོར་བསྡུས།

སྤྱི་ལོ2018ལོའི་ཟླ6པར་སློབ་གྲྭའི་གཞུང་ཕྱོགས་དྲ་ཚིགས་ཐོག་མངོན་པར་གཞིགས་ན། སློབ་གྲྭའི་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི77ཟིན་པ་དང་འཛུགས་སྐྲུན་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི34.13ཟིན་ཡོད། སློབ་ཁྲིད་ཚན་ཞིབ་དཔྱད་ཆས་སྒྲིག་ཆས་ཀྱི་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར1.46དང་རྒྱུ་ནོར་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར8ཡིན། ཉར་ཚགས་བྱས་པའི་ཚད་ལྡན་ཡིག་ཆ་ཁྲི150ཡོད། ཁྱོན་དགེ་རྒན་དང་ལས་བཟོ་བ2460ཡོད་པ་དང་ཉིན་གང་ལམ་ལུགས་ཀྱི་རབ་འབྱམས་པའི་ཞིབ་འཇུག་སློབ་མ་དང་དངོས་གཞིའི་ཚན་ཁག་གི་སློབ་མ10625ཡོད། སློབ་གླིང10དང་དངོས་གཞིའི་ཚན་ཁག་གི་ཆེད་ལས20བཙུགས་ནས་རིག་གཞུང་བསླབ་གནས་ཀྱི་རིམ་པ་དང་པོའི་རིག་ཚན་གྱི་རབ་འབྱམས་པ4ཡོད།

2 ལོ་རྒྱུས་འཕེལ་རིམ།

སྤྱི་ལོ1958ལོར་མུའུ་ཏན་ཅང་གསོ་རིག་སློབ་གླིང་བཙུགས།

སྤྱི་ལོ1962ལོར་མུའུ་ཏན་ཅང་གསོ་རིག་སློབ་གླིང་མུའུ་ཏན་ཅང་འཕྲོད་བསྟེན་སློབ་གྲྭར་བསྒྱུར།

སྤྱི་ལོ1978ལོར་མུའུ་ཏན་ཅང་འཕྲོད་བསྟེན་སློབ་གྲྭར་མུའུ་ཏན་ཅང་གསོ་རིག་ཆེད་སྦྱོང་སློབ་གྲྭར་མིང་བསྒྱུར།

སྤྱི་ལོ1986ལོར་མུའུ་ཏན་ཅང་གསོ་རིག་ཆེད་སྦྱོང་སློབ་གྲྭ་མུའུ་ཏན་ཅང་གསོ་རིག་སློབ་གླིང་ཞེས་པར་བསྒྱུར།

སྤྱི་ལོ1997ལོར་སློབ་གྲྭས་ཀྲུང་གོའི་དེ་སྔའི་རྒྱལ་ཁབ་སློབ་གསོ་ཨུ་ཡོན་ལྷན་ཁང་གི་ཚད་ལོན་དཔྱད་དཔོག་ཐེངས་གཅིག་ལ་གྲོས་འཆམ་བྱས།

སྤྱི་ལོ2006ལོར་ཀྲུང་གོའི་རྒྱལ་ཁབ་ཀྱི་དངོས་གཞིའི་ཚན་ཁག་གི་སློབ་ཁྲིད་ཆུ་ཚད་དཔྱད་དཔོག་ཁྲོད་སློབ་གྲྭས་རིགས་གཅིག་མཁས་ཅན་ཚོགས་ཆུང་ལ་ཕུལ་བྱུང་གི་གདེང་འཇོག་བྱས།

སྤྱི་ལོ2009ལོར་སློབ་གྲྭ་དེ་ཀྲུང་གོའི་རྒྱལ་སྲིད་སྤྱི་ཁྱབ་ཁང་བསླབ་གནས་ཨུ་ཡོན་ལྷན་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད་རབ་འབྱམས་པའི་བསླབ་གནས་གསར་འཕར་གྱི་འཛུགས་སྐྲུན་ཚན་པ་བཙུགས།

སྤྱི་ལོ2010ལོར་ཧེ་ལུང་ཅང་ཞིང་ཆེན་གྱི་ཁྱད་ལྡན་ཉེར་སྤྱོད་རྣམ་པའི་དངོས་གཞིའི་ཚན་ཁག་གི་མཐོ་སློབ་འཛུགས་སྐྲུན་ལས་ཁུངས་སུ་བདམས།

སྤྱི་ལོ2012ལོར་ཀྲུང་གོའི་རྒྱལ་ཡོངས་ཀྱི་ཁག་དང་པོའི་ཕུལ་བྱུང་སྨན་པའི་སློབ་གསོ་གསོ་སྦྱོང་འཆར་གཞིའི་རྣམ་གྲངས་ཀྱི་ཚོད་ལྟའི་མཐོ་སློབ་ཏུ་བདམས།

སྤྱི་ལོ2013ལོར་སློབ་གྲྭར་རབ་འབྱམས་པའི་ཡོན་གནས་སྤྲོད་དབང་ཐོབ།

སྤྱི་ལོ2018ལོའི་ཟླ2པར་སློབ་གྲྭ་ཧེ་ལུང་ཅང་ཞིང་ཆེན་གྱི་ཆུ་ཚད་མཐོ་བའི་སློབ་ཆེན་དང་ལེགས་ཆའི་ཁྱད་ལྡན་རིག་ཚན་འཛུགས་སྐྱོང་མཐོ་སློབ་དང་དེ་བཞིན་འཛུགས་སྐྱོང་རིག་ཚན་ནང་ཚུད་ཡོད།

3 སློབ་གླིང་དང་སྡེ་ཁག་སྒྲིག་བཀོད།

སྤྱི་ལོ2018ལོའི་ཟླ6པར་སློབ་གྲྭའི་གཞུང་ཕྱོགས་དྲ་ཚིགས་ཐོག་མངོན་པར་གཞིགས་ན། སློབ་གྲྭས་སློབ་གླིང10དང་དངོས་གཞིའི་ཚན་ཁག་གི་ཆེད་ལས20བཙུགས་པའི་ནང་དུ་གསོ་རིག་དང་། རང་བྱུང་ཚན་རིག བཟོ་རིག དོ་དམ་རིག་པ་བཅས་རིག་ཚན4ཚུད་ཡོད། དར་དམར་སྨན་ཁང་དང་སྨན་ཁང་གཉིས་པ་སོགས་ཞོར་གཏོགས་སྨན་ཁང2ཡོད།

4 དགེ་རྒན་གྱི་དཔུང་སྡེ།

སྤྱི་ལོ2018ལོའི་ཟླ6པར་སློབ་གྲྭའི་གཞུང་ཕྱོགས་དྲ་ཚིགས་ཐོག་མངོན་པར་གཞིགས་ན། སློབ་གྲྭར་ཁྱོན་དགེ་རྒན་དང་ལས་བཟོ་པ2460ཡོད་པའི་ནང་དུ་མཐོ་རིམ་གོ་མིང་ཡོད་མཁན723དང་རབ་འབྱམས་པ་ཡན་གྱི་ཡོན་གནས་ཡོད་མཁན762ཡོད། འབུམ་རམས་པའི་སློབ་དཔོན་དང་རབ་འབྱམས་པའི་སློབ་དཔོན187ཡོད། ལུང་ཅང་མཁས་དབང་གི་དམིགས་བསལ་གདན་ཞུས་དགེ་རྒན་ཆེན་མོ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་དང་ཞིང་ཆེན་སྲིད་གཞུང་གི་དམིགས་བསལ་ཕོགས་སྣོན་ཐོབ་མཁན། ཞིང་ཆེན་རིམ་པའི་སློབ་ཁྲིད་དགེ་རྒན་གྲགས་ཅན། ཞིང་ཆེན་གྱི་ཕུལ་བྱུང་དར་གཞོན་རིགས་གཅིག་མཁས་ཅན། ཞིང་ཆེན་འཕྲོད་བསྟེན་ཁོངས་གཏོགས་ཀྱི་བྱས་རྗེས་མངོན་གསལ་བཞག་པའི་ན་གཞོན་རིགས་གཅིག་མཁས་པ24དང་། ཞིང་ཆེན་གྱི་སྣེ་ཁྲིད་ཤེས་ལྡན་མི་སྣའི་སྐས་རིམ་རུ་ཁག1བཅས་ཡོད། ཞིང་ཆེན་རིམ་པའི་སློབ་ཁྲིད་ཚོགས་པ2 དགེ་རྒན100ལྷག་ཙམ་གྱིས་རྒྱལ་ཁབ་རིམ་པའི་སློབ་ཚོགས་ལས་འཛིན་དང་ཞིང་ཆེན་རིམ་པའི་སློབ་ཚོགས་ཀྱི་ལས་འཛིན་འགོ་གཙོ་གཞོན་པ་སོགས་རིག་གཞུང་གི་གོ་གནས་ཁུར་ཡོད།

5 རིག་ཚན་འཛུགས་སྐྲུན།

སྤྱི་ལོ2018ལོའི་ཟླ6པར་སློབ་གྲྭའི་གཞུང་ཕྱོགས་དྲ་ཚིགས་ཐོག་མངོན་པར་གཞིགས་ན། སློབ་གྲྭར་རིག་གཞུང་ཡོན་གནས་ཀྱི་རིམ་པ་དང་པོའི་རིག་ཚན་གྱི་རབ་འབྱམས་པའི་ས་ཚིགས4དང་། ཞིང་ཆེན་རིམ་པའི་གཙོ་གནད་རིག་ཚན4 ཞིང་ཆེན་རིམ་པའི་གཙོ་གནད་གསོ་སྐྱོང་རིག་ཚན2བཅས་ཡོད།

6 ​སློབ་ཁྲིད་འཛུགས་སྐྲུན།

སྤྱི་ལོ2018ལོའི་ཟླ6པར། སློབ་གྲྭའི་གཞུང་ཕྱོགས་དྲ་ཚིགས་ཐོག་མངོན་པར་གཞིགས་ན། སློབ་གྲྭར་རྒྱལ་ཁབ་རིམ་པའི་རིགས་དང་པོའི་ཁྱད་ལྡན་ཆེད་ལས1དང་། ཞིང་ཆེན་རིམ་པའི་རིགས་དང་པོའི་ཁྱད་ལྡན་ཆེད་ལས1 ཞིང་ཆེན་རིམ་པའི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་སྟངས་གསར་གཏོད་ཚོད་ལྟ་ཁུལ1 ཞིང་ཆེན་རིམ་པའི་གཙོ་གནད་ཆེད་ལས4 ཞིང་ཆེན་རིམ་པའི་སྤུས་ལེགས་ཐོན་ཁུངས་མཉམ་སྤྱོད་སློབ་ཚན6 ཞིང་ཆེན་རིམ་པའི་ཚོད་ལྟའི་སློབ་ཁྲིད་དཔེ་སྟོན་ལྟེ་གནས3བཅས་ཡོད།


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

དགེ་རྒན། ལས་རིགས། ཆེད་ལས།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-08-27

གསར་སྤེལ་མཁན། :འོད་ཟེར་རྡོ་རྗེ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།