ཆི་ཆི་ཧར་གསོ་རིག་སློབ་གླིང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཆི་ཆི་ཧར་གསོ་རིག་སློབ་གླིང་།
ཆི་ཆི་ཧར་གསོ་རིག་སློབ་གླིང་ནི་ཧེ་ལུང་ཅང་ཞིང་ཆེན་གྱི་ཁྱད་ལྡན་ཉེར་སྤྱོད་རྣམ་པའི་དངོས་གཞིའི་ཚན་ཁག་གི་མཐོ་སློབ་དང“ཕུལ་བྱུང་སྨན་པའི་སློབ་གསོ་གསོ་སྦྱོང་འཆར་གཞིའི”ཚོད་ལྟའི་མཐོ་སློབ་ཁག་དང་པོ་ཡིན། ཆི་ཆི་ཧར་གསོ་རིག་སློབ་གླིང་སྤྱི་ལོ1946ལོར་བཙུགས་ཤིང་། ཐོག་མར“ཧེ་ལུང་ཅང་དམག་ཁུལ་དམག་མིའི་གསོ་རིག་སློབ་གྲྭ”ཡིན། “ཧེ་ལུང་ཅང་ཞིང་ཆེན་འཕྲོད་བསྟེན་སློབ་གྲྭ”དང་། “ཧེ་ལུང་ཅང་ཞིང་ཆེན་སྨན་པའི་སློབ་གྲྭ”“ཆི་ཆི་ཧར་སྨན་པའི་སློབ་གྲྭ”“ཆི་ཆི་ཧར་གསོ་རིག་ཆེད་སྦྱོང་སློབ་གྲྭ”སོགས་འཕེལ་རྒྱས་ཀྱི་དུས་རིམ་གཙོ་བོ་བརྒྱུད། སྤྱི་ལོ1986ལོར་ཆི་ཆི་ཧར་གསོ་རིག་སློབ་གླིང་དུ་གོ་གནས་འཕར།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
齐齐哈尔医学院
ཕྱི་ཡིག་གི་མིང་།
iqiharMedicalUniversity
བཙུགས་ལོ།
སྤྱི་ལོ1946ལོ།
སློབ་སྒྲུབ་ངོ་བོ།
གཞུང་བཙུགས་སློབ་ཆེན།
རིགས་དབྱེ།
སྨན་གྱི་སྐོར།
སློབ་གྲྭའི་ཁྱད་ཆོས།
ཧེ་ལུང་ཅང་ཞིང་ཆེན་གྱི་ཁྱད་ལྡན་ཉེར་སྤྱོད་རྣམ་པའི་དངོས་གཞིའི་ཚན་ཁག་གི་མཐོ་སློབ།    ཕུལ་བྱུང་སྨན་པ་སློབ་གསོ་གསོ་སྐྱོང་འཆར་གཞི།
གཙོ་གཉེར་སྡེ་ཁག
ཧེ་ལུང་ཅང་ཞིང་ཆེན།
སློབ་གླིང་དང་ཚན་ཁག་སྒྲིག་བཀོད།
རྨང་གཞིའི་གསོ་རིག་སློབ་གླིང་། བསམ་པའི་འཕྲོད་བསྟེན་སློབ་གླིང་། སྤྱི་པའི་འཕྲོད་བསྟེན་སློབ་གླིང་། གསོ་རིག་ལག་རྩལ་སློབ་གླིང་། སྨན་རྫས་སློབ་གླིང་།
ས་གནས།
ཅང་ཞི་ཞིང་ཆེན་ཆི་ཆི་ཧར་གྲོང་ཁྱེར་ཅན་ཧྭ་ཆུས་ཕུའུ་ཁུའེ་བྱང་ལམ་གྱི་ཨང333པ།
སློབ་གླིང་ཚབ་ཨང་།
11230
1 ངོ་སྤྲོད་མདོར་བསྡུས།

སྤྱི་ལོ2019ལོའི་ཟླ8པའི་བར་དུ། སློབ་གྲྭ་དེའི་སློབ་གྲྭའི་འཆར་འགོད་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི110ཙམ་ཟིན་པ་དང་འཛུགས་སྐྲུན་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི27ཟིན་ཡོད། གཏན་འཇགས་རྒྱུ་ནོར་གྱི་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར10.8ཟིན་པ་དང་སློབ་ཁྲིད་ཚན་ཞིབ་དཔྱད་ཆས་སྒྲིག་ཆས་ཀྱི་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར2.65ཟིན་ཡོད། ད་ལྟ་དགེ་རྒན་དང་ལས་བཟོ་པ5752ཡོད་པའི་ནང་དུ་མཐོ་རིམ་ལས་རིགས་གཞོན་པ་ཡན་གྱི་མི1115ཡོད། སློབ་གླིང་དེ་གའི་ཆེད་བསྐོས་དགེ་རྒན་ཁྲོད་ཀྱི་མཐོ་རིམ་ལས་རིགས་གཞོན་པ་ཡན་གྱི་མི་སྣ385ཡོད། ཆེད་བསྐོས་དགེ་རྒན་བསྡོམས་འབོར་གྱི་བརྒྱ་ཆའི53.6ཟིན་ཡོད། ཆེད་བསྐོས་དགེ་རྒན་ཁྲོད་འབུམ་རམས་པ་དང་རབ་འབྱམས་པའི་ཡོན་གནས་ཐོབ་མཁན615ཡོད། ཆེད་བསྐོས་དགེ་རྒན་བསྡོམས་འབོར་གྱི་བརྒྱ་ཆའི85.7ཟིན་ཡོད། ད་ལྟ་ཆོས་ལུགས་ཁྱབ་གདལ་དང་། དར་མའི་སློབ་གསོ། ཕྱི་རྒྱལ་དུ་སློབ་སྦྱོང་བྱེད་མཁན་གྱི་སློབ་མ་སོགས་སློབ་གྲྭར་ཡོད་པའི་སློབ་མ14186ཡོད།

2 ལོ་རྒྱུས་འཕེལ་རིམ།

སྤྱི་ལོ1986ལོའི་ཟླ3པར། རྒྱལ་ཁབ་སློབ་གསོ་ཨུ་ཡོན་ལྷན་ཁང་གིས་ཧེ་ལུང་ཅང་ཞིང་ཆེན་སྲིད་གཞུང་ལ་མཆན་འགོད་བཀའ་ལན་གནང་ཞིང་། ཆི་ཆི་ཧར་གསོ་རིག་ཆེད་སྦྱོང་སློབ་གྲྭ་ཆི་ཆི་ཧར་གསོ་རིག་སློབ་གླིང་དུ་བསྒྱུར།

སྤྱི་ལོ1995ལོར་རྒྱལ་ཁབ་སློབ་གསོ་ཨུ་ཡོན་ལྷན་ཁང་གིས་སློབ་གླིང་གི་སློབ་ཁྲིད་བྱ་བར་ཚད་ལོངས་པའི་གདེང་འཇོག་བྱེད་རྒྱུའི་ཐག་བཅད།

སྤྱི་ལོ1996ལོའི་ཟླ8པར་སློབ་གླིང་དེ་སྔའི་བྱང་ཤར་འཕྲུལ་སློབ་གླིང་གི་སློབ་གྲྭའི་གནས་ཡུལ་དུ་སྤོས།

སྤྱི་ལོ1997ལོའི་ཟླ11པར། རྒྱལ་ཁབ་སློབ་གསོ་ཨུ་ཡོན་ལྷན་ཁང་གི་ཚད་ལོངས་གདེང་འཇོག་བདེ་བླག་ངང་གྲོས་འཆམ་བྱུང་།

སྤྱི་ལོ2000ལོ་ནས་བཟུང་ཞིང་ཆེན་སྲིད་གཞུང་གི་ཆོག་མཆན་ཐོབ་པ་བརྒྱུད། ཆི་ཆི་ཧར་ལྕགས་ལམ་ལྟེ་བའི་སྨན་ཁང་དང་ཧར་པིན་ལྕགས་ལམ་ཅུས་ཆི་ཧར་ཆེད་ཚན་སྨན་ཁང་དེ་སློབ་གླིང་གིས་ཐད་ཀར་འགོ་ཁྲིད་བྱེད་པའི་ཞོར་གཏོགས་སྨན་ཁང་གསུམ་པ་དང་བཞི་པར་གཏན་ཁེལ་བྱས། ཏ་ཆིང་ལུང་ནན་སྨན་ཁང་དང་ཆི་ཆི་ཧར་གྲོང་ཁྱེར་གྱི་སྨན་ཁང་དང་པོ་སློབ་གླིང་གིས་ཐད་ཀར་འགོ་ཁྲིད་མིན་པའི་ཞོར་གཏོགས་སྨན་ཁང་ལྔ་པ་དང་དྲུག་པར་གཏན་ཁེལ་བྱས།

སྤྱི་ལོ2008ལོའི་ཟླ4པར། སློབ་གླིང་དེ་ཧྥུའུ་ལར་ཅི་ཆུས་ནས་ཅན་ཧྭ་ཆུས་ཕུའུ་ཁུའེ་བྱང་ལམ་གྱི་ཨང333ལ་སྤོས།

3 སློབ་གླིང་དང་སྡེ་ཁག་སྒྲིག་བཀོད།

སྤྱི་ལོ2017ལོའི་ཟླ་དང་པོའི་བར་དུ་སློབ་གྲྭ་དེར་རྨང་གཞིའི་གསོ་རིག་སློབ་གླིང་དང་། བསམ་པའི་འཕྲོད་བསྟེན་སློབ་གླིང་། སྤྱི་པའི་འཕྲོད་བསྟེན་སློབ་གླིང་། གསོ་རིག་ལག་རྩལ་སློབ་གླིང་། སྨན་རྫས་སློབ་གླིང་། དར་མ་དང་དེ་བཞིན་རྒྱུན་མཐུད་སློབ་གསོའི་སློབ་གླིང་། ནད་སྐྱོང་སློབ་གླིང་། ནད་སྐྱོང་སློབ་གླིང་དང་པོ། ནད་ཐོག་སྨན་བཅོས་སློབ་གླིང་གཉིས་པ། ནད་ཐོག་སྨན་བཅོས་སློབ་གླིང་གསུམ་པ། ནད་ཐོག་སྨན་བཅོས་སློབ་གླིང་བཞི་པ། སྤྱི་ཚོགས་ཚན་རིག་པུའུ། ལུས་རྩལ་པུའུ། ཕྱི་སྐད་པུའུ་སོགས་སློབ་ཁྲིད་སྒྲིག་གཞི21བཙུགས་ཡོད།

4 དགེ་རྒན་གྱི་དཔུང་སྡེ།

སྤྱི་ལོ2017ལོའི་ཟླ་དང་པོའི་བར་དུ་སློབ་གྲྭ་དེར་དགེ་རྒན་དང་ལས་བཟོ་པ5570ཡོད། དེའི་ནང་དུ་མཐོ་རིམ་ལས་རིགས་གཞོན་པ་ཡན་གྱི་མི་སྣ1059ཡོད་པ་དང་སློབ་གླིང་དེའི་ཆེད་བསྐོས་དགེ་རྒན་ཁྲོད་འབུམ་རམས་པ་དང་རབ་འབྱམས་པའི་བསླབ་གནས་ཡོད་པའི་མི་སྣའི་བསྡུར་གྲངས86%ཟིན་ཡོད།

སྤྱི་ལོ2013ལོའི་ཟླ5པའི་བར། དགེ་རྒན་ཁྲོད་རྒྱལ་སྲིད་སྤྱི་ཁྱབ་ཁང་སྲིད་གཞུང་གི་དམིགས་བསལ་ཕོགས་སྣོན་མི1དང་ཞིང་ཆེན་སྲིད་གཞུང་གི་དམིགས་བསལ་ཕོགས་སྣོན་མི5ཡོད། ཞིང་ཆེན་རིམ་པའི་གྲགས་ཅན་དགེ་རྒན་དང་། གྲགས་ཅན་སྨན་པ། དར་གཞོན་གྱི་བྱས་རྗེས་མངོན་གསལ་དོད་པའི་རིགས་གཅིག་མཁས་ཅན། དགེ་རྒན་གྱི་ཀུན་སྤྱོད་འཛུགས་སྐྱོང་གི་སྔོན་ཐོན་མི་སྒེར་སོགས་ཞིང་ཆེན་རིམ་པའི་གཟི་བརྗིད་མཚན་སྙན་ཁག35ཐོབ་ཡོད། གྲོང་ཁྱེར་རིམ་པའི་སྲིད་གཞུང་གི་དམིགས་བསལ་ཕོགས་སྣོན་དང་། ཕུལ་བྱུང་ན་གཞོན་རིགས་གཅིག་མཁས་པ། ངལ་རྩོལ་དཔེ་བཟང་བ་སོགས་མི26ཡོད། སློབ་གླིང་རིམ་པའི་སློབ་ཁྲིད་གྲགས་ཅན་དགེ་རྒན་དང་སློབ་ཁྲིད་སྤུས་ཚད་ཕུལ་བྱུང་བྱ་དགའ་སོགས་མི་ཐེངས104ཐོབ་ཡོད། སྨན་ལུགས་རིག་པ་དང་། ནད་ལུགས་རིག་པ། ནད་ལུགས་སྐྱེ་ལུགས་རིག་པ་བཅས་ཞིང་ཆེན་རིམ་པའི་སྣེ་ཁྲིད་ཤེས་ལྡན་མི་སྣ2ཡོད།

5 ​རིག་ཚན་འཛུགས་སྐྲུན།

སྤྱི་ལོ2017ལོའི་ཟླ་དང་པོའི་བར་དུ་སློབ་གྲྭ་དེའི་དངོས་གཞིའི་ཚན་ཁག་གི་ཆེད་ལས་ནང་གསོ་རིག་དང་། རང་བྱུང་ཚན་རིག བཟོ་རིག དོ་དམ་རིག་པ། ཁྲིམས་ལུགས་རིག་པ་སོགས་རིག་ཚན5ཚུད་ཡོད།


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

དགེ་རྒན། ལས་རིགས། ཆེས་ལས།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-08-27

གསར་སྤེལ་མཁན། :འོད་ཟེར་རྡོ་རྗེ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།