ཧོ་པེ་ས་གཤིས་སློབ་ཆེན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཧོ་པེ་ས་གཤིས་སློབ་ཆེན།
ཧོ་པེ་ས་གཤིས་སློབ་ཆེན་ནི་ཧོ་པེ་ཞིང་ཆེན་གྱི་ཧྲི་ཅ་ཀྲོང་གྲོང་ཁྱེར་དུ་གནས་ཡོད། དེ་ནི་དེ་སྔའི་ས་གཤིས་པུའུ་ཡི་ཐད་གཏོགས་སློབ་ཆེན་ཆེན་པོ་ལྔ་ཡི་གྲས་ཤིག་ཡིན་པ་དང་། རང་བྱུང་ཐོན་ཁུངས་པུའུ་དང་ཧོ་པེ་མི་དམངས་སྲིད་གཞུང་གིས་མཉམ་དུ་བཙུགས་པའི་མཐོ་རིམ་སློབ་གྲྭ་དང་། ཧོ་པེ་ཞིང་ཆེན་གྱི་གཙོ་གནད་རྐང་འཛིན་སློབ་ཆེན་བཅས་ཡིན། སློབ་གྲྭའི་རྒྱ་ཁྱོན་ལ་མུའུ2321.03ཡོད་པ་དང་སློབ་ཁྲིད་ཚན་ཞིབ་དཔྱད་ཆས་སྒྲིག་ཆས་ཀྱི་རིན་ཐང་བསྡོམས་འབོར་སྒོར་ཁྲི14387.55ཟིན་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
河北地质大学
ཕྱི་ཡིག་གི་མིང་།
Hebei GEO University
བཙུགས་ལོ།
སྤྱི་ལོ1953ལོ།
གསར་གཏོད་པ།
ལི་སི་ཀོང་། ཧུ་ཁྲང་ཀོང་།
ངོ་བོ།
གཞུང་བཙུགས་སློབ་ཆེན།
རིགས་དབྱེ།
རིག་ཚན་མང་བའི་སློབ་ཆེན།
གཙོ་གཉེར་སྡེ་ཁག
ཧོ་པེ་ཞིང་ཆེན།
ལས་ཐོག་འགོ་ཁྲིད།
ཏང་ཨུའི་ཧྲུའུ་ཅི། ཞིན་ཁྲེང་ཀུའོ། སློབ་གཙོ། ཝང་ཧྥང་མིང་།
དངོས་གཞིའི་ཆེད་ལས།
64
རབ་འབྱམས་པའི་ཐོབ་ཐང་སྤྲོད་གནས།
རིམ་པ་དང་པོའི་རིག་ཚན11དང་། ཆེད་ལས་བསླབ་གནས་ཀྱི་དབང་ཆ་སྤྲོད་པའི་རིགས51 ཆེད་ལས་བསླབ་གནས་དབང་སྤྲོད་ཁྱབ་ཁོངས7བཅས་ཡོད།
སློབ་གླིང་དང་སྡེ་ཁག་བཀོད་སྒྲིག
སློབ་ཁྲིད་སློབ་གླིང་དང་ཚན་ཁག21ཡོད།
གནས་ཡུལ།
ཧོ་པེ་ཞིང་ཆེན་ཧྲི་ཅ་ཀྲོང་གྲོང་ཁྱེར་ཧོའེ་ཨན་ཤར་ལམ་ཨང136པ།
སློབ་གྲྭའི་ཚབ་ཨང་།
10077
ཁོངས་གཏོགས་ས་ཁུལ།
ཧོ་པེ་ཧྲི་ཅ་ཀྲོང་།
གཞུང་ཕྱོགས་དྲ་གནས།
http://www.hgu.edu.cn
1 ངོ་སྤྲོད།

ཧོ་པེ་ས་གཤིས་སློབ་ཆེན་ནི་ཧོ་པེ་ཞིང་ཆེན་གྱི་ཧྲི་ཅ་ཀྲོང་གྲོང་ཁྱེར་དུ་གནས་ཡོད། དེ་ནི་དེ་སྔའི་ས་གཤིས་པུའུ་ཡི་ཐད་གཏོགས་སློབ་ཆེན་ཆེན་པོ་ལྔ་ཡི་གྲས་ཤིག་ཡིན་པ་དང་། རང་བྱུང་ཐོན་ཁུངས་པུའུ་དང་ཧོ་པེ་མི་དམངས་སྲིད་གཞུང་གིས་མཉམ་དུ་བཙུགས་པའི་མཐོ་རིམ་སློབ་གྲྭ་དང་། ཧོ་པེ་ཞིང་ཆེན་གྱི་གཙོ་གནད་རྐང་འཛིན་སློབ་ཆེན་བཅས་ཡིན།

སྤྱི་ལོ2020ལོའི་ཟླ5བའི་བར། སློབ་གྲྭའི་རྒྱ་ཁྱོན་ལ་མུའུ2321.03ཡོད་པ་དང་སློབ་ཁྲིད་ཚན་ཞིབ་དཔྱད་ཆས་སྒྲིག་ཆས་ཀྱི་རིན་ཐང་བསྡོམས་འབོར་སྒོར་ཁྲི14387.55ཟིན་ཡོད། དཔེ་མཛོད་ཁང་དུ་དཔེ་དེབ་ཁྲི130ཉར་ཚགས་བྱས་པ། སློབ་ཁྲིད་སློབ་གླིང་དང་སྡེ་ཁག21བཙུགས་པ་དང་། དངོས་གཞིའི་ཚན་ཁག་གི་ཆེད་ལས64གཉེར་བ། རིམ་པ་དང་པོའི་རིག་ཚན11དང་། རིམ་པ་གཉིས་པའི་རིག་ཚན51ཆེད་ལས་རབ་འབྱམས་པའི་སློབ་གནས་སྤྲོད་དབང་ཡོད་པའི་ཁྱབ་ཁོངས7 ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་སློབ་གྲྭར་ཡོད་པའི་སློབ་མ18000ཙམ་དང་ཆེད་བསྐོས་དགེ་རྒན964ཡོད།

2 ལོ་རྒྱུས་འཕེལ་རིམ།

སྤྱི་ལོ1953ལོར་སློབ་གྲྭ་བཙུགས་པ་དང་། ལི་སི་ཀོང་དང་ཧུ་ཁྲང་ཀོང་གཉིས་ཀྱིས་ཀྲུང་དབྱང་མི་དམངས་སྲིད་གཞུང་ས་གཤིས་པུའུ་ཞོན་ཧྭ་ས་གཤིས་སློབ་གྲྭ་བཙུགས།

སྤྱི་ལོ1955ལོར་ས་གཤིས་པུའུ་ཞོན་ཧྭ་ས་གཤིས་སློབ་གྲྭ་ཞེས་པར་མིང་བསྒྱུར།

སྤྱི་ལོ1970ལོར་ཧོ་པེ་ཞིང་ཆེན་ཞོན་ཧྭ་ས་གཤིས་སློབ་གྲྭ་ཞེས་པར་མིང་བསྒྱུར།

སྤྱི་ལོ1971ལོར་ཧོ་པེ་ས་གཤིས་སློབ་གླིང་ཞེས་པར་མིང་བསྒྱུར།

སྤྱི་ལོ1985ལོའི་ཟླ6པར་ཞོན་ཧྭ་ནས་ཧོ་པེ་ཞིང་ཆེན་གྱི་ལྟེ་གནས་ཧྲི་ཅ་ཀྲོང་དུ་སྤོས་ཏེ་སློབ་གྲྭ་བཙུགས།

སྤྱི་ལོ1996ལོའི་ཟླ5བར་ཧྲི་ཅ་ཀྲོང་དཔལ་འབྱོར་སློབ་གླིང་ཞེས་པར་མིང་བསྒྱུར།

སྤྱི་ལོ2016ལོའི་ཟླ3པར་ཧོ་པེ་ས་གཤིས་སློབ་ཆེན་ཞེས་མིང་བཏགས།

སྤྱི་ལོ2016ལོར། སློབ་གྲྭ་འབུམ་རམས་པའི་ཡོན་གནས་སྤྲོད་པའི་དབང་ཆ་སྤྲོད་པའི་འཛུགས་སྐྲུན་ཚན་པ་ཞིག་ཏུ་གྱུར།

3 སློབ་སྒྲུབ་ཆ་རྐྱེན།
3_1 ​ཆེད་ལས།

སྤྱི་ལོ2016ལོའི་ཟླ6པའི་བར། ཧོ་པེ་ས་གཤིས་སློབ་ཆེན་ལ་རིམ་པ་གཉིས་པའི་སློབ་གླིང15དང་དངོས་གཞིའི་ཚན་ཁག་གི་ཆེད་ལས53ཡོད།

3_2 རིག་ཚན་འཛུགས་སྐྲུན།    

སྤྱི་ལོ2016ལོའི་ཟླ3པའི་བར། སློབ་གྲྭར་རིམ་པ་དང་པོའི་རིག་ཚན་གྱི་རབ་འབྱམས་པའི་ཡོན་གནས་སྤྲོད་དབང་ཡོད་ཁུལ11དང་རིམ་པ་གཉིས་པའི་རིག་ཚན་གྱི་རབ་འབྱམས་པའི་ཡོན་གནས་སྤྲོད་དབང་ཡོད་ཁུལ51 ཆེད་ལས་རབ་འབྱམས་པའི་ཡོན་གནས་སྤྲོད་དབང་ཡོད་ཁུལ7 པུའུ་རིམ་པའི་གཙོ་གནད་རིག་ཚན1དང་། ཞིང་ཆེན་རིམ་པའི་གཙོ་གནད་རིག་ཚན5 ཞིང་ཆེན་རིམ་པའི་གཙོ་གནད་འཕེལ་རྒྱས་རིག་ཚན4བཅས་ཡོད།

3_3 དགེ་རྒན་གྱི་དཔུང་སྡེ།

སྤྱི་ལོ2020ལོའི་ཟླ5བའི་བར་སློབ་གྲྭར་ཆེད་བསྐོས་དགེ་རྒན964ཡོད། དེའི་ནང་བརྒྱ་ཆའི44ལ་མཐོ་རིམ་ཆེད་ལས་ལག་རྩལ་གྱི་གོ་གནས་ཡོད་པ་དང་། བརྒྱ་ཆའི90ལ་འབུམ་རམས་པ་དང་རབ་འབྱམས་པའི་བསླབ་གནས་ཡོད།

4 རིག་གཞུང་ཐོན་ཁུངས།    
4_1 ཉར་ཚགས་ཐོན་ཁུངས།

སྤྱི་ལོ2016ལོའི་ཟླ8པར་སློབ་གྲྭའི་དཔེ་མཛོད་ཁང་གི་གཞུང་ཕྱོགས་དྲ་ཚིགས་ཐོག་མངོན་པར་གཞིགས་ན། ཤོག་རིགས་ཉར་ཚགས་བྱས་པའི་དེབ་ཁྲི146ལྷག་ཙམ་དང་། ཀྲུང་ཕྱིའི་ཡིག་རིགས་དུས་དེབ1400ལྷག་ཙམ། གློག་རྡུལ་གྲངས་གཞིའི་མཛོད16བཅས་ཡོད།

4_2 རིག་གཞུང་དུས་དེབ།   

《ཧྲི་ཅ་ཀྲོང་དཔལ་འབྱོར་སློབ་གླིང་གི་རིག་གཞུང་ཚགས་པར》དེ་སྤྱི་ལོ1978ལོའི་ཟླ་དང་པོར་གསར་འདོན་བྱས། ཀྲུང་གོའི་མི་ཆོས་ཚན་རིག་གི་དྲངས་ཡིག་གི་གཞི་གྲངས་འབྱུང་ཁུངས་དང་། 《ཀྲུང་གོའི་དུས་དེབ་དྲ་བ》《ཀྲུང་གོའི་རིག་གཞུང་དུས་དེབ(འོད་སྡེར་པར་གཞི)》ཀྲུང་གོའི་རིག་གཞུང་དུས་དེབ་ཀྱི་ཕྱོགས་བསྡུས་གདེང་འཇོག་གཞི་གྲངས་མཛོད་ཀྱི་ཡོང་ཁུངས་དང་། རྒྱ་ཡིག་ཚན་རྩལ་དུས་དེབ་ཀྱི་གཞི་གྲངས་མཛོད་སོགས་ཀྱིས་དུས་དེབ་འཚོལ་སྡུད་བྱས། སྤྱི་ལོ2003ལོའི་ཟླ9བར་ཀྲུང་གོའི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་དང་སྤྱི་ཚོགས་ཚན་རིག་གི་ལྟེ་བའི་དུས་དེབ་ཀྱི་གྲས་སུ་སླེབས།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-09-08

གསར་སྤེལ་མཁན། :སེང་ལྡེང་མཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།