ཅང་སུའུ་ཉེན་རྟོག་པའི་སློབ་གླིང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཅང་སུའུ་ཉེན་རྟོག་པའི་སློབ་གླིང་།
ཅང་སུའུ་ཉེན་རྟོག་པའི་སློབ་གླིང་ནི་ཅང་སུའུ་ཞིང་ཆེན་ནན་ཅིན་གྲོང་ཁྱེར་དུ་གནས་ཤིང་། ཅང་སུའུ་ཞིང་ཆེན་སྤྱི་བདེ་སྲིད་ཁྲིམས་རིགས་ཀྱི་དངོས་གཞིའི་ཚན་ཁག་གི་སློབ་གླིང་དང་། ཀྲུང་གོས་བཙུགས་པའི་ཞིང་ཆེན་ཁོངས་གཏོགས་ཀྱི་སྤྱི་བདེ་དངོས་གཞིའི་ཚན་ཁག་གི་སློབ་གླིང་ཁག་དང་པོ་ཡིན། སྤྱི་ལོ2017ལོར་སློབ་གྲྭ་ཅང་སུའུ་ཞིང་ཆེན་གྱི་ཞིང་ཆེན་རིམ་པའི་རབ་འབྱམས་པའི་རྣམ་གྲངས་འཛུགས་པའི་འཛུགས་སྐྲུན་ཚན་པར་གྱུར། སྤྱི་ལོ2019ལོའི་ཟླ8པར་སློབ་གྲྭའི་གཞུང་ཕྱོགས་དྲ་ཚིགས་ཐོག་མངོན་པར་གཞིགས་ན། སློབ་གླིང་གི་སློབ་ཁུལ་གཙོ་བོ་ནི་ནན་ཅིང་གྲོང་ཁྱེར་ཕུའུ་ཁོའུ་ཁུལ་དུ་གནས་པ་དང་། གཞན་ཡང་ཨན་ཏེ་མོན་དང་ལུང་ཐན་སློབ་ཁུལ་གཉིས་ཡོད། སློབ་གྲྭའི་རྒྱ་ཁྱོན་མུའུ1006ཟིན། སྤྱི་བདེ་དོ་དམ་ཚན་ཁག་དང་། བདེ་འཇགས་དོ་དམ་ཚན་ཁག མྱུལ་ཞིབ་ཚན་ཁག ཉེས་དོན་ཚན་རིག་ལག་རྩལ་ཚན་ཁག་སོགས་སློབ་ཁྲིད་ཚན་ཁག10དང་། དགེ་རྒན་དང་ལས་བཟོ་བ664དང་ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་སློབ་གྲྭར་ཡོད་པའི་སློབ་མ6000ཙམ་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
江苏警官学院
ཕྱི་ཡིག་གི་མིང་།
Jiangsu Police Institute
བཙུགས་ལོ།
སྤྱི་ལོ1949ལོའི་ཟླ6པ།
སློབ་སྒྲུབ་ངོ་བོ།
གཞུང་བཙུགས་སློབ་ཆེན།
སློབ་གྲྭའི་རིགས་དབྱེ།
སྲིད་ཁྲིམས།
གཙོ་གཉེར་སྡེ་ཁག
ཅང་སུའུ་ཞིང་ཆེན།
སློབ་གྲྭའི་ཚབ་ཨང་།
10329
གནས་ཡུལ།
ཕུའུ་ཁོའུ་སློབ་ཁུལ་ནི་ནན་ཅིང་གྲོང་ཁྱེར་ཕུའུ་ཁོའུ་ཆུས་ཧྲི་ཧྥོ་དགོན་ཕོ་བྲང་གསུམ་ཨང48པ་དང་། ཨན་ཏེ་མོན་སློབ་ཁུལ་ནི་ནན་ཅིང་གྲོང་ཁྱེར་ཡུས་ཧྭ་ཐའེ་ཆུས་ཀྱི་ལམ་ཆུང་ཨང16པ་རུ་གནས།
སློབ་བཙུགས་དུས་ཆེན།
ཟླ6པའི་ཚེས10ཉིན།
སློབ་གླིང་དང་སྡེ་ཁག་གི་སྒྲིག་བཀོད།
དོ་དམ་ཚན་ཁག བདེ་འཇགས་དོ་དམ་ཚན་ཁག མྱུལ་ཞིབ་ཚན་ཁག ཉེས་དོན་ཚན་རིག་ལག་རྩལ་ཚན་ཁག རྩིས་འཁོར་གྱི་ཆ་འཕྲིན་དང་དྲ་རྒྱའི་བདེ་འཇགས། བཅའ་ཁྲིམས་ཚན་ཁགཉེན་རྟོག་བཀོད་འདོམས་དང་འཐབ་རྩལ་སྡེ་ཁག་སོགས།
1 ​ལོ་རྒྱུས་འཕེལ་རིམ།

སྤྱི་ལོ2002ལོའི་ཟླ3པར་སློབ་གསོ་པུའུ་ཡི་ཆོག་མཆན་ཐོབ་པ་བརྒྱུད། སློབ་གྲྭ་དངོས་གཞིའི་ཚན་ཁག་གི་སློབ་གླིང་དུ་རིམ་སྤོར་བྱས་པ་དང་ཅང་སུའུ་ཉེན་རྟོག་དཔོན་སློབ་གླིང་བཙུགས།

སྤྱི་ལོ2004ལོའི་ཟླ3པར། ཞིང་ཆེན་སྲིད་གཞུང་གི་ཆོག་མཆན་ཐོབ་པ་བརྒྱུད། ཅང་སུའུ་སྤྱི་བདེ་དོ་དམ་ལས་བྱེད་པའི་སློབ་གླིང་གི་སྒོ་བྱང་འགེལ་རྒྱུ་དང་གཤམ་དུ་ཅང་སུའུ་ཞིང་ཆེན་སྤྱི་བདེ་མངགས་གཏོང་སུའོ་ཀྲང་སློབ་གྲྭ་དང་། ཉེས་དོན་ཉེན་རྟོག་རུ་དཔོན་སློབ་གྲྭའགྲིམ་འགྲུལ་སྐོར་གཡེང་ཉེན་རྟོག་རུ་དཔོན་སློབ་གྲྭ་བཅས་བཙུགས།

སྤྱི་ལོ2006ལོའི་ཟླ6པར་ཅང་སུའུ་ཞིང་ཆེན་ཡོན་གནས་ཨུ་ཡོན་ལྷན་ཁང་གིས་ཞིབ་དཔྱད་བྱས་པ་བརྒྱུད་ཤེས་རམས་པའི་ཡོན་གནས་སྤྲོད་དབང་ཡོད་པའི་ཚན་པར་གྱུར།

སྤྱི་ལོ2007ལོའི་ཟླ10པར། རྒྱལ་ཡོངས་ཀྱི་ཞིང་ཆེན་ཁོངས་གཏོགས་ཀྱི་སྤྱི་བདེ་མཐོ་རིམ་སློབ་གྲྭའི་ཁྲོད་ཐེངས་དང་པོར་སློབ་གསོ་པུའུ་ཡིས་རྩ་འཛུགས་བྱས་པའི་དངོས་གཞིའི་ཚན་ཁག་གི་སློབ་ཁྲིད་ལས་ཀའི་ཆུ་ཚད་དཔྱད་དཔོག་དང་ལེན་བྱས།

སྤྱི་ལོ2011ལོའི་ཟླ9པར། སློབ་གླིང་གི“སྤྱི་བདེ་རིག་པའི”རིམ་པ་དང་པོའི་རིག་ཚན་དེ་ཅང་སུའུ་ཞིང་ཆེན་གྱི་ལེགས་ལྡན་རིག་ཚན་འཛུགས་སྐྲུན་ལས་གྲྭའི་དུས་ཐེངས་དང་པོའི་རྣམ་གྲངས་ནང་བཅུག་པ་དང་འབྲེལ་ཞིང་ཆེན་སློབ་གནས་ཨུ་ཡོན་ལྷན་ཁང་གིས་ཆེད་ལས་སློབ་གནས་ཞིབ་འཇུག་སློབ་མས་གསོ་སྐྱོང་བྱས་པའི་ཞིང་ཆེན་གྱི་རྣམ་གྲངས་འཛུགས་པའི་འཛུགས་སྐྲུན་ཚན་པར་བདམས།

2 སློབ་སྒྲུབ་ཆ་རྐྱེན།
2_1 སློབ་གླིང་དང་སྡེ་ཁག་གི་སྒྲིག་བཀོད།

སྤྱི་ལོ2018ལོའི་ཟླ12པའི་བར། སློབ་གྲྭའི་གཤམ་འོག་ཏུ་སློབ་ཁྲིད་ཚན་ཁག(པུའུ)10བཙུགས་པ་དང་ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་དངོས་གཞིའི་ཚན་ཁག་གི་ཆེད་ལས16བཙུགས་ཡོད།

དེའི་ནང་སྤྱི་བདེ་རིགས་ཀྱི་ཆེད་ལས12དང་ཆེད་ལས་གཞན་དག4ཡོད་པ་དེ་དག་ཁྲིམས་རིག་པ་དང་། བཟོ་རིག་པ། དོ་དམ་རིག་པ་བཅས་རིག་ཚན3ཚུད་ཡོད།    

2_2 རིག་ཚན་འཛུགས་སྐྲུན།

སྤྱི་ལོ2018ལོའི་ཟླ12པར་སློབ་གྲྭར་ཞིང་ཆེན་རིམ་པའི་ལེགས་ཆའི་རིག་ཚན་འཛུགས་སྐྲུན་རྣམ་གྲངས1དང་ཞིང་ཆེན་རིམ་པའི་གཙོ་གནད་འཛུགས་སྐྲུན་རིག་ཚན4ཡོད།

གཙོ་གནད་རིག་ཚན་བཞི་ནི་སྤྱི་པའི་དོ་དམ་དང་། ཁྲིམས་ལུགས་རིག་པ། སྤྱི་བདེའི་ལག་རྩལ་རིག་ཚན། གཏུག་བཤེར་ཁྲིམས་ལུགས་རིག་པ་བཅས་ཡིན།

2_3 དགེ་རྒན་གྱི་དཔུང་སྡེ།

སྤྱི་ལོ2018ལོའི་ཟླ6པའི་བར་སློབ་གྲྭར་དགེ་རྒན་དང་ལས་བཟོ660ཡོད། དེའི་ནང་ཆེད་བསྐོས་དགེ་རྒན329 དང་དགེ་རྒན48གདན་ཞུ་བྱས། ཆེད་བསྐོས་དགེ་རྒན་ནང་། མཐོ་རིམ་གོ་མིང་ལྡན་པའི་དགེ་རྒན35དང་མཐོ་རིམ་གོ་མིང་གཞོན་པའི་དགེ་རྒན111ཡོད་པ་དང་མཐོ་རིམ་གོ་མིང་དགེ་རྒན་གྱིས་ཆེད་བསྐོས་དགེ་རྒན44.37%ཟིན། འབུམ་རམས་པའི་སློབ་གནས་ལྡན་པའི་དགེ་རྒན64དང་རབ་འབྱམས་པའི་སློབ་གནས་ལྡན་པའི་དགེ་རྒན185ཡོད་པ་དང་རབ་འབྱམས་པའི་སློབ་གནས་ཡན་གྱི་དགེ་རྒན་གྱིས་ཆེད་བསྐོས་དགེ་རྒན75.68%ཟིན། ཅང་སུའུ་ཞིང་ཆེན་གྱི“ཤེས་ལྡན་མི་སྣ་རྩེ་གྲ་དྲུག”གི་གསོ་སྐྱོང་བྱ་ཡུལ་མི1ཡོད། ཅང་སུའུ་ཞིང་ཆེན་གྱི“333ལས་གཞིའི”གསོ་སྐྱོང་བྱ་ཡུལ་མི་ཐེངས17དང་། ཅང་སུའུ་ཞིང་ཆེན་གྱི་མཐོ་རིམ་སློབ་གྲྭའི“སྔོ་ལྗང་ལས་གྲྭ”ཡི་རིག་གཞུང་སྣེ་ཁྲིད་པ་དར་གཞོན9བཅས་གཞོན་ནུ་རྐང་འཛིན་དགེ་རྒན32དང་སྤྱི་བདེ་པུའུ་ཡི་སློབ་ཁྲིད་དགེ་རྒན2བཅས་ཡོད།

2_4 སློབ་ཁྲིད་འཛུགས་སྐྲུན།

སྤྱི་ལོ2018ལོའི་ཟླ12པའི་བར། སློབ་གྲྭར་རྒྱལ་ཁབ་རིམ་པའི་སྤུས་དག་སློབ་ཚན3དང་། རྒྱལ་ཁབ་རིམ་པའི་སྤུས་དག་དྲ་ཐོག་སྒོ་དབྱེའི་སློབ་ཚན1 ཞིང་ཆེན་དང་སྤྱི་བདེ་པུའུ་སྤུས་དག་སློབ་ཚན12“ལོ་ལྔ་ཚན་བཅུ་གཉིས་པའི”མཐོ་རིམ་སློབ་གསོའི་དངོས་གཞིའི་ཚན་ཁག་དཀྱུས་མའི་རྒྱལ་ཁབ་རིམ་པའི་འཆར་འགོད་སློབ་གཞི2 ཞིང་ཆེན་མཐོ་སློབ་ཀྱི་སྤུས་དག་སློབ་གཞི(རྣམ་གྲངས་འཛུགས་རྒྱུ་ཚུད་པ)12 ཞིང་ཆེན་མཐོ་སློབ་ཀྱི་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་གྱི་སློབ་གཞི5 གཙོ་སྒྲིག་སྤྱི་བདེ་པུའི་གཅིག་གྱུར་རྩོམ་སྒྲིག་སློབ་གཞི9བཅས་ཡོད་པ་དེར་ཞིང་ཆེན་དང་སྤྱི་བདེ་པུའུ་མཐོ་རིམ་སློབ་གསོའི་སློབ་ཁྲིད་གྲུབ་འབྲས་བྱ་དགའ10ཐོབ། སློབ་ཚན2ལ་ཞིང་ཆེན་རིམ་པའི་དྲ་ཐོག་སྒོ་དབྱེའི་སློབ་ཚན་རྣམ་གྲངས་འཛུགས་པའི་འཛུགས་སྐྲུན་རྣམ་གྲངས་ཐོབ། རྒྱལ་ཁབ་རིམ་པའི་ཁྱད་ལྡན་ཆེད་ལས་འཛུགས་སྐྲུན་ས་ཚིགས2དང་། སློབ་གསོ་པུའུ་ཕྱོགས་བསྡུས་སྒྱུར་བཅོས་ཚོད་ལྟའི་རྣམ་གྲངས2 ཞིང་ཆེན་མཐོ་སློབ་ཀྱི་ཁྱད་ལྡན་ཆེད་ལས6 ཞིང་ཆེན་རིམ་པའི་མཐོ་རིམ་སློབ་གྲྭའི་གཙོ་གནད་ཆེད་ལས(རིགས)2 ཞིང་ཆེན་རིམ་པའི་ཁྱད་ལྡན་སྤུས་རྟགས་ཆེད་ལས(དངོས་གཞིའི་ཚན་ཁག)5 ཞིང་ཆེན་རིམ་པའི་སྤུས་རྟགས་ཆེད་ལས་འཛུགས་སྐྲུན་རྣམ་གྲངས2 སྤྱི་བདེ་པུའུ་གཙོ་གནད་འཛུགས་སྐྲུན་ཆེད་ལས1རྒྱལ་ཁབ་རིམ་པའི་སློབ་ཆེན་སློབ་མའི་ལག་ལེན་སློབ་གསོའི་རྟེན་གཞི1ཞིང་ཆེན་རིམ་པའི་ཚོད་ལྟའི་སློབ་ཁྲིད་དཔེ་སྟོན་ལྟེ་གནས6བཅས་ཡོད།

2_5 མཉམ་ལས་སྤེལ་རེས།

སྤྱི་ལོ2019ལོའི་ཟླ8པར་སློབ་གྲྭའི་གཞུང་ཕྱོགས་དྲ་ཚིགས་ཐོག་མངོན་པར་གཞིགས་ན། སློབ་གྲྭས་སྤྱི་བདེ་ལས་ཁུངས་དང་། ཁེ་ལས་བྱ་གཞག་ཚན་པ། དེ་བཞིན་ཀྲུང་གོའི་རྒྱལ་ཁབ་ཕྱི་ནང་གི་ཉེན་རྟོག་སློབ་གསོའི་སྒྲིག་གཞི་བཅས་དང་མཉམ་ལས་ཀྱི་འབྲེལ་བ་བཙུགས་ཡོད། ཨ་རི་དང་། དབྱིན་ཇི། ཁ་ན་ཏ། ཀྲུང་གོའི་ཞང་ཀང་སོགས་རྒྱལ་ཁབ་དང་ས་ཁུལ10ལྷག་ཙམ་གྱི་ཉེན་རྟོག་པའི་འཐུས་ཚབ་ཚོགས་པ་འཚམས་འདྲིར་ཕེབས། རྒྱལ་སྤྱིའི་ཆེད་མཁས་པ་དང་མཁས་པ་མང་པོ་ཞིག་སློབ་གྲྭར་ཡོང་ནས་སློབ་ཁྲིད་བྱས། སྤྱི་བདེ་པུའུ་ཡིས་སློབ་གྲྭ་དེ་ཕྱི་རྒྱལ་གྱི་ཤེས་ལྡན་མི་སྣའི་རྣམ་གྲངས་ནང་འདྲེན་བྱེད་པའི་ལག་བསྟར་སྡེ་ཚན་དང་། ཀྲུང་གོ་དང་ཡོ་རོབ་ཀྱི་ཉེན་རྟོག་ལས་དོན་གསོ་སྦྱོང་རྣམ་གྲངས་སྒྲུབ་འགན་འཁུར་མཁན་སྡེ་ཚན་དུ་གཏན་འཁེལ་བྱས། སྤྱི་ལོ2015ལོ་ནས་བཟུང་། སྔ་རྗེས་སུ་སྤྱི་བདེ་པུའི་ཡིས་གཤམ་སྤྲོད་བྱས་པའི་རྒྱལ་ཁབ29ཡི་ཕྱི་རྒྱལ་གྱི་ཉེན་རྟོག་པ300ལྷག་ཙམ་གྱི་གསོ་སྦྱོང་ལས་འགན་ལེགས་སྒྲུབ་བྱས་ནས“རྒྱལ་སྤྱིའི་ཉེན་དོན་འབྲེལ་གཏུག་སྤེལ་རེས”དང“ཀྲུང་གོ་དང་ཡོ་རོབ་ཀྱིIPKEYརྣམ་གྲངས་ཀྱི་ཤེས་བྱའི་ཐོན་དབང་གི་ཉེས་དོན་ཁྲིམས་འཛིན་གསོ་སྦྱོང”སོགས་རིག་འདྲེན་རྣམ་གྲངས་ཀྱི་འགན་འཁུར།

3 རིག་གཞུང་ཞིབ་འཇུག
3_1 ཚན་རིག་ཞིབ་འཇུག་སྟེགས་བུ།

སྤྱི་ལོ2019ལོའི་ཟླ8པར་སློབ་གྲྭའི་གཞུང་ཕྱོགས་དྲ་ཚིགས་ཐོག་མངོན་པར་གཞིགས་ན། སློབ་གྲྭས་ཞིང་ཆེན་རིམ་པའི་ལས་གྲྭའི་ཚོད་ལྟ་ཁང3(ལས་གྲྭ་ཞིབ་འཇུག་ལྟེ་གནས)བཙུགས་པ་དང་། ཞིང་ཆེན་དང་པུའུ་རིམ་པའི་ཚན་ཞིབ་ལས་སྟེགས9བཙུགས་ཡོད། དུས་མཚུངས་སུ་ཅང་སུའུ་ཞིང་ཆེན་སྤྱི་བདེ་ལས་ཁུངས་སུ་ཚན་རིག་ཞིབ་འཇུག་གི་རྟེན་གཞི་དང་ཚན་རིག་ཞིབ་འཇུག་གི་ལས་དོན་ས་ཚིགས41བཙུགས།

འབར་གས་ལ་རྒོལ་བའི་ལག་རྩལ་ལས་གྲྭའི་ཚོད་ལྟ་ཁང་དང་། ཅང་སུའུ་ཞིང་ཆེན་གྱི་ཟས་རིགས་དང་སྨན་རྫས་དང་ཁོར་ཡུག་ཉེས་གསོག་ཞིབ་བཤེར་ལག་རྩལ་ལས་གྲྭའི་ཚོད་ལྟ་ཁང་། ཅང་སུའུ་ཞིང་ཆེན་གྱི་སྤྱི་པའི་བདེ་འཇགས་འཕྲལ་སྡོམ་དོ་དམ་ཚོད་འཛིན་དང་བཀོད་འདོམས་ལས་གྲྭའི་ལག་རྩལ་ལྟེ་གནས་བཅས་ཡོད།

དེང་རབས་ཉེན་རྟོག་ལས་དོན་སྒྱུར་བཅོས་ཞིབ་འཇུག་སུའོ་དང་། ཅང་སུའུ་ཞིང་ཆེན་སྤྱི་པའི་བདེ་འཇགས་ཞིབ་འཇུག་ཁང་། ཅང་སུའུ་ཞིང་ཆེན་མཐོ་སློབ་ཀྱི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་གི་གཙོ་གནད་ཞིབ་འཇུག་རྟེན་གཞི། ཅང་སུའུ་ཞིང་ཆེན་སྤྱི་ཚོགས་སྤྱི་པའི་བདེ་འཇགས་མཐུན་སྦྱོར་གསར་གཏོད་ལྟེ་གནས། ཅང་སུའུ་དེང་རབས་ཉེན་རྟོག་ལས་དོན་ཞིབ་འཇུག་ལྟེ་གནས། སྤྱི་བདེ་མཐོ་རིམ་སློབ་གསོ་འཕེལ་རྒྱས་ཞིབ་འཇུག་ལྟེ་གནས། སྤྱི་བདེ་རིག་པའི་རྨང་གཞིའི་རིགས་པའི་གཞུང་ལུགས་ཞིབ་འཇུག་ལྟེ་གནས། ཉེན་རྟོག་རིག་གནས་ཞིབ་འཇུག་ལྟེ་གནས། མི་སེར་རྒྱལ་ཁབ་ཉེན་རྟོག་ལོ་རྒྱུས་ཚད་ལྡན་ཡིག་ཆ་ཞིབ་འཇུག་ལྟེ་གནས་བཅས་ཡོད།

3_2 ཚན་རིག་ཞིབ་འཇུག་གི་གྲུབ་འབྲས།

སྤྱི་ལོ2016ལོ་ནས་སྤྱི་ལོ2018ལོའི་བར། ཅང་སུའུ་ཉེན་རྟོག་སློབ་གླིང་དུ་ཚན་ཞིབ་རྣམ་གྲངས332བཙུགས་པའི་ནང་རྒྱལ་ཁབ་རིམ་པའི་རྣམ་གྲངས8ཡོད། ཞིང་ཆེན་དང་པུའུ་རིམ་པའི་རྣམ་གྲངས55དང་། དགེ་རྒན་གྱིས་རིག་གཞུང་དཔྱད་རྩོམ་ཁྱོན་བསྡོམས886སྤེལ་ཡོད། དེའི་ནང་ལྟེ་བའི་དུས་དེབ་ཀྱི་དཔྱད་རྩོམ132དངSCIwEICSCIདུས་དེབ54བསྡུས་ཡོད། རིག་གཞུང་གསུང་རྩོམ49པར་སྐྲུན་བྱས། གྲོང་ཁྱེར་གྱི་ཐིང་རིམ་པ་ཡན་གྱི་ཚན་ཞིབ་གྲུབ་འབྲས་བྱ་དགའ13ཐོབ། ཆེད་ཁེ་ཁག24ཐོབ་ཡོད། གྲུབ་འབྲས60ལྷག་ཙམ་ལ་སྤྱི་བདེ་པུའུ་ཡི་ཚན་རིག་ལག་རྩལ་བྱ་དགའ་དང་། ཅང་སུའུ་ཞིང་ཆེན་གྱི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་གི་ཕུལ་བྱུང་གྲུབ་འབྲས་བྱ་དགའ། ཅང་སུའུ་ཞིང་ཆེན་གྱི་སྤྱི་ཚོགས་ཚན་རིག་ཉེར་སྤྱོད་ཞིབ་འཇུག་གི་ཕུལ་བྱུང་གྲུབ་འབྲས་བྱ་དགའ། ཅང་སུའུ་ཞིང་ཆེན་གྱི་སྤྱི་བདེ་ལས་དོན་གསར་གཏོད་བྱ་དགའ། ཚན་རྩལ་ལ་བརྟེན་ནས་ཉེན་རྟོག་པ་སྟོབས་ཆེན་གྱི་བྱ་དགའ་སོགས་ཐོབ།

4 རིག་གཞུང་ཐོན་ཁུངས།

《ཅང་སུའུ་ཉེན་རྟོག་དཔོན་སློབ་གླིང་གི་རིག་གཞུང་ཚགས་པར》ནི་ཅང་སུའུ་ཞིང་ཆེན་སྤྱི་བདེ་ཐིང་གི་གཙོ་གཉེར་དང་ཅང་སུའུ་ཉེན་རྟོག་དཔོན་སློབ་གླིང་གིས་གཙོ་གཉེར་བྱས་པའི་སྤྱི་བདེ་རིག་པའི་རིག་གཞུང་དུས་དེབ་ཅིག་ཡིན། དུས་དེབ་ལ་སྤྱི་བདེའི་གསར་གཏོད་གླེང་སྟེགས་དང་། ཁྲིམས་ལུགས་རིག་པའི་ཞིབ་འཇུག ཉེས་གསོག་རིག་པའི་ཞིབ་འཇུག མྱུལ་ཞིབ་རིག་པའི་ཞིབ་འཇུགབདེ་འཇགས་རིག་པའི་ཞིབ་འཇུགསྤྱི་བདེའི་དོ་དམ་ཞིབ་འཇུགསྤྱི་བདེའི་སློབ་གསོ་ཞིབ་འཇུགསྤྱི་བདེའི་ལག་རྩལ་ཞིབ་འཇུགཉེན་རྟོག་པའི་ལོ་རྒྱུས་ཞིབ་འཇུགཕྱི་ཕྱོགས་ཉེན་རྟོག་པའི་ཞིབ་འཇུག་སོགས་ལེ་ཚན་བཀོད་ཡོད། ཅང་སུའུ་ཞིང་ཆེན་གྱི་རིམ་པ་དང་པོའི་དུས་དེབ། ཅང་སུའུ་ཡི་དུས་དེབ་གྲུ་བཞི་དུས་དེབ། ཀྲུང་གོའི་ཕུལ་བྱུང་གསར་འགྱུར་ཁང་གི་ཚན་རིག་ཚགས་པར་བཅས་ཡིན། 

སྤྱི་ལོ2018ལོའི་ཟླ12པའི་བར། སློབ་གྲྭར་དཔེ་མཛོད་ཁང་གཉིས(ཕུའུ་ཁོའུ་སློབ་ཁུལ་དང་ཨན་ཏེ་མོན་སློབ་ཁུལ་གཅིག)ཡོད་པ་དང་ཁྱོན་བསྡོམས་བཤམས་སྟོན་ཁང11ཡོད། ཉར་ཚགས་བྱས་པའི་ཤོག་བུའི་དཔེ་དེབ790161ཡོད། སློབ་མའི་ཆ་སྙོམས་ཤོག་རིགས་དཔེ་དེབ129ཡོད་པའི་ནང་སྤྱི་ལོ2017ལོ་ནས་སྤྱི་ལོ2018ལོ་བར་ཤོག་རིགས་དཔེ་དེབ42559གསར་དུ་བསྣན། སྤྱི་ལོ2017ལོར་ཀྲུང་གོ་དང་ཕྱི་རྒྱལ་གྱི་ཡི་གེའི་དུས་ཐེངས6པའི་དུས་དེབ934དང་ཚགས་པར44མངགས་ཉོ་བྱས། སྤྱི་ལོ2017ལོའི་ཟླ12བར་སློབ་གྲྭའི་དཔེ་མཛོད་ཁང་ལ་གློག་རྡུལ་དཔེ་དེབ1460196ཡོད། དཔེ་མཛོད་ཁང་གིས་སྔ་རྗེས་སུ《སྤྱི་བདེའི་དུས་དེབ་ཀྱི་རྩོམ་ཡིག་ཆ་ཚང་གི་གྲངས་གཞིའི་མཛོད》དང་། 《ཕྱི་ཡིག་ཉེན་རྟོག་པའི་དུས་དེབ་ཀྱི་རྩོམ་ཡིག་ཆ་ཚང་གི་གྲངས་གཞིའི་མཛོད》《ཉེན་རྟོག་པའི་རིག་ཚན་ཕྱོགས་སྟོན་གྱི་གྲངས་གཞིའི་མཛོད》《སྤྱི་བདེའི་གློག་རྡུལ་དཔེ་དེབ་མཛོད》《སྤྱི་བདེའི་བརྙན་ལམ་དཔྱད་གཞི》《སློབ་གླིང་གི་སློབ་ཁྲིད་དཔྱད་གཞིའི་ཡི་གེ》《སློབ་གླིང་གི་ཕུལ་བྱུང་དངོས་གཞིའི་ཚན་ཁག་གི་སློབ་ཐོན་དཔྱད་རྩོམ་གྱི་གྲངས་གཞིའི་མཛོད》བཅས་བཙུགས།

5 ད་ལྟའི་འགོ་ཁྲིད།

སློབ་གླིང་ཏང་ཨུའི་ཧྲུའུ་ཅི། ཞ་ཚུན་ཞི།

གླིང་གཙོ་དང་སློབ་གླིང་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཀྲང་ལན་ཆིན།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-08-27

གསར་སྤེལ་མཁན། :ཁྲི་པདྨ་རྣམ་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།