ནན་ཅིང་ཀྲུང་ལུགས་གསོ་རིག་སློབ་ཆེན།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ནན་ཅིང་ཀྲུང་ལུགས་གསོ་རིག་སློབ་ཆེན།
ནན་ཅིང་ཀྲུང་ལུགས་གསོ་རིག་སློབ་ཆེན་ནི་སྤྱི་ལོ1954ལོར་བཙུགས་ཤིང་། ཀྲུང་གོའི་སློབ་གྲྭ་འཛུགས་སྔ་ཤོས་ཀྱི་མཐོ་རིམ་ཀྲུང་ལུགས་གསོ་རིག་སློབ་ཆེན་གྱི་གྲས་དང་སློབ་གསོ་པུའུ་དང་ཅང་སུའུ་ཞིང་ཆེན་གྱིས་མཉམ་སྐྲུན་བྱས་པའི་རྒྱལ་ཁབ“འཛམ་གླིང་གི་རིག་ཚན་རྩེ་གྲ་འཛུགས་སྐྱོང་བྱེད་པའི་མཐོ་སློབ”ཡིན། སྤྱི་ལོ2019ལོའི་ཟླ9པའི་བར་སློབ་གྲྭར་ཞན་ལིན་དང་ཧན་ཀྲུང་མོན་གྱི་སློབ་ཁུལ་གཉིས་ཡོད་པ་དང་། རིགས་ཁག་གི་སློབ་གྲྭར་ཡོད་པའི་སློབ་མ་ཁྲི2ཙམ་ཟིན། རིམ་པ་གཉིས་པའི་སློབ་གླིང10ལྷག་ཙམ་དང་དངོས་གཞིའི་ཚན་ཁག་གི་ཆེད་ལས33ཡོད། གསོ་རིག་དང་། དོ་དམ། རང་བྱུང་ཚན་རིག བཟོ་ལས། དཔལ་འབྱོར། རིག་གཞུང་བཅས་རིག་ཚན6དང་འབྲེལ་བ་ཡོད་པས་ཀྲུང་ལུགས་གསོ་རིག་དང་ཕྱི་ལུགས་ཟུང་འབྲེལ་དང་རིག་ཚན་མང་པོ་མཐུན་སྦྱོར་འཕེལ་རྒྱས་འདེགས་སྐྱོར་དུ་བྱེད་པའི་སློབ་གཉེར་རྣམ་པ་ཞིག་ཆགས་ཡོད། ཐད་གཏོགས་ཟུར་གཏོགས་སྨན་ཁང6དང་། ཐད་གཏོགས་མིན་པའི་ཟུར་གཏོགས་སྨན་ཁང29 ཀྲུང་ལུགས་དང་ཕྱི་ལུགས་ཟུང་འབྲེལ་ནད་ཐོག་སྨན་བཅོས་གསོ་རིག་སློབ་གླིང4 ཟུར་གཏོགས་སྨན་ལས་ཀུང་སི3བཅས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
南京中医药大学
ཕྱི་ཡིག་གི་མིང་།
Nanjing University Of Chinese Medicine
བཙུགས་ལོ།
སྤྱི་ལོ1954ལོ།
སློབ་སྒྲུབ་ངོ་བོ།
གཞུང་བཙུགས་སློབ་ཆེན།
སློབ་གྲྭའི་རིགས་དབྱེ།
སྨན་གྱི་སྐོར།
གཙོ་གཉེར་སྡེ་ཁག
ཅང་སུའུ་ཞིང་ཆེན་མི་དམངས་སྲིད་གཞུང་།
སློབ་གླིང་དང་སྡེ་ཁག་གི་བཀོད་སྒྲིག
གསོ་རིག་སློབ་གླིང་དང་། ནད་ཐོག་གསོ་རིག་སློབ་གླིང་དང་པོ། ནད་ཐོག་གསོ་རིག་སློབ་གླིང་གཉིས་པ། སྨན་རྫས་སློབ་གླིང་། དཔལ་འབྱོར་ཉོ་ཚོང་དོ་དམ་སློབ་གླིང་། ནད་སྐྱོང་སློབ་གླིང་། ཕྱི་རྒྱལ་སྐད་ཡིག་སློབ་གླིང་། ཆ་འཕྲིན་ལག་རྩལ་སློབ་གླིང་། སེམས་ཁམས་སློབ་གླིང་བཅས་ཡོད།
སློབ་གྲྭའི་དམ་ཚིག
རང་ལ་ཡིད་ཆེས་དང་། ལས་ལ་བརྩོན་པ།
གནས་ཡུལ།
ནན་ཅིང་ཞན་ལིན་སློབ་ཆེན་གྲོང་ཁྱེར་ཞན་ལིན་ལམ་ཆེན་ཨང138པ།
སློབ་གྲྭའི་ཚབ་ཨང་།
1613
1 ལོ་རྒྱུས་འཕེལ་རིམ།

སྤྱི་ལོ1995ལོར་ནན་ཅིང་ཀྲུང་ལུགས་གསོ་རིག་སློབ་ཆེན་ཞེས་མིང་བསྒྱུར། ལོ་དེར་རྒྱལ་ཁབ་མི་དོན་པུའུ་ཡི་ཆོག་མཆན་ཐོབ་པ་བརྒྱུད། ཀྲུང་ལུགས་གསོ་རིག་གི་འབུམ་རམས་པའི་ཚན་རིག་ཞིབ་འཇུག་སྐོར་སྐྱོད་ས་ཚིགས་ཐོག་མ་དེ་བཙུགས།

སྤྱི་ལོ1998ལོར་ཁག་དང་པོའི་ནད་ཐོག་གསོ་རིག་འབུམ་རམས་པ་དང་རབ་འབྱམས་པའི་ཆེད་ལས་སློབ་གནས་ཚོད་ལྟའི་ཚན་པར་གྱུར།

སྤྱི་ལོ2002ལོར་ཞན་ལིན་སློབ་ཁུལ་གསར་དུ་བཏོད།

སྤྱི་ལོ2010ལོར་ཅང་སུའུ་ཞིང་ཆེན་གྱི་གཙོ་གནད་འཛུགས་སྐྲུན་གྱི་མཐོ་རིམ་སློབ་གྲྭའི་གྲས་སུ་བཞག

སྤྱི་ལོ2010ལོར་རྒྱལ་ཁབ་ཀྱི“ཁྱད་ལྡན་གཙོ་གནད་རིག་ཚན་རྣམ་གྲངས”སུ་བདམས་ནས་མཐོ་སློབ་5བསྐྲུན།

སྤྱི་ལོ2017ལོའི་ཟླ9པར་ནན་ཅིང་ཀྲུང་ལུགས་གསོ་རིག་སློབ་ཆེན་རྒྱལ་ཁབ་ཀྱི“རྩེ་གྲ་གཉིས”ཀྱི་འཛམ་གླིང་གི་རིག་ཚན་རྩེ་གྲ་འཛུགས་སྐྲུན་གྱི་མཐོ་སློབ་རྩེ་གྲར་བདམས།    

2 སློབ་སྒྲུབ་ཆ་རྐྱེན།
2_1 རིག་ཚན་འཛུགས་སྐྲུན།

སྤྱི་ལོ2019ལོའི་ཟླ9པའི་བར་སློབ་གྲྭར་རྒྱལ་ཁབ་ཀྱི་གཙོ་གནད་རིག་ཚན3ཡོད་པ་རེད། རྒྱལ་ཁབ་ཀྱི་གཙོ་གནད(གསོ་སྐྱོང)རིག་ཚན2དང་། ཅང་སུའུ་ཡི་མཐོ་རིམ་སློབ་གྲྭའི་དགེ་མཚན་ལྡན་པའི་རིག་ཚན4 ཅང་སུའུ་ཞིང་ཆེན་གྱི་སྤུས་རྟགས་ཆེད་ལས3 ཅང་སུའུ་ཞིང་ཆེན་གྱི་གཙོ་གནད་རིག་ཚན10 རྒྱལ་ཁབ་ཀྲུང་ལུགས་གསོ་རིག་སྨན་རྫས་དོ་དམ་ཅུས་ཀྱི་ཀྲུང་ལུགས་གསོ་རིག་སྨན་རྫས་ཀྱི་གཙོ་གནད་རིག་ཚན33བཅས་ཡོད་པ་རེད། སློབ་གྲྭ་ནི་རྒྱལ་ཡོངས་ཀྱི་འབུམ་རམས་པའི་སློབ་གནས་དང་རབ་འབྱམས་པའི་སློབ་གནས་སྤྲོད་པའི་ཚན་པ་ཁག་དང་པོ་ཡིན། ཀྲུང་ལུགས་གསོ་རིག་དང་། ཀྲུང་ལུགས་སྨན་རྫས་རིག་པ། ཀྲུང་ལུགས་དང་ཕྱི་ལུགས་གསོ་རིག་ཟུང་འབྲེལ། ནད་སྐྱོང་རིག་པ་བཅས་རིམ་པ་དང་པོའི་རིག་ཚན4དང་ཀྲུང་ལུགས་གསོ་རིག་ཆེད་ལས་སློབ་གནས་ཀྱི་འབུམ་རམས་པའི་ཐོབ་ཐང་སྤྲོད་གནས1  རིམ་པ་དང་པོའི་རིག་ཚན་གྱི་རབ་འབྱམས་པའི་ཐོབ་ཐང་སྤྲོད་གནས1  ཆེད་ལས་རབ་འབྱམས་པའི་ཐོབ་ཐང་སྤྲོད་གནས5བཅས་འབུམ་རམས་པའི་ཚན་རིག་ཞིབ་འཇུག་སྐོར་སྐྱོད་ས་ཚིགས3ཡོད།

2_2 སློབ་ཁྲིད་འཛུགས་སྐྲུན།

སྤྱི་ལོ2014ལོའི་ཟླ6པའི་བར་སློབ་གྲྭར་དངོས་གཞིའི་ཚན་ཁག་གི་ཆེད་ལས15ཡོད། ཆེད་ལས་ཀྱི་ཁ་ཕྱོགས30ལྷག་ཙམ་ནང་སྨན་བཅོས་དང་། དོ་དམ། རང་བྱུང་ཚན་རིགབཟོ་ལས། དཔལ་འབྱོར། རིག་གནས་སོགས་རིག་ཚན་མང་པོ་ཚུད་ཡོད། ཀྲུང་ལུགས་གསོ་རིག་གཙོ་བོར་བྱས་ཏེ་རིག་ཚན་མང་པོ་ཕན་ཚུན་སིམ་འཛུལ་དང་། ལེགས་ཆ་གསབ་རེས། མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་བ་བཅས་ཀྱི་སློབ་གཉེར་རྣམ་པ་ཞིག་རགས་ཙམ་ཆགས་ཡོད། སློབ་གྲྭས་རྒྱལ་ཁབ་རིམ་པའི་ཁྱད་ལྡན་ཆེད་ལས5དང་། རྒྱལ་ཁབ་རིམ་པའི་སྤུས་ལེགས་སློབ་ཚན6 རྒྱལ་ཁབ་རིམ་པའི་སློབ་ཁྲིད་ཚོགས་པ2 རྒྱལ་ཁབ་རིམ་པའི་ཤེས་ལྡན་པ་གསོ་སྐྱོང་བྱེད་སྟངས་གསར་གཏོད་ཚོད་ལྟ་ཁུལ1 རྒྱལ་ཁབ་རིམ་པའི་ཚོད་ལྟའི་སློབ་ཁྲིད་དཔེ་སྟོན་ལྟེ་གནས2རྒྱལ་ཁབ་རིམ་པའི་འཆར་འགོད་སློབ་གཞི25བཅས་བཙུགས་ཡོད། སློབ་གྲྭས་ཟུར་གཏོགས་སྨན་ཁང22དང་། ཀྲུང་ལུགས་དང་ཕྱི་ལུགས་ཟུང་འབྲེལ་གྱི་ནད་ཐོག་གསོ་རིག་སློབ་གླིང5འཛུགས་སྐྲུན་བྱས། རིགས་ཁག་གི་སློབ་ཁྲིད་དང་དེ་བཞིན་སློབ་ཐོན་དངོས་སྦྱོང་རྟེན་གཞི་བརྒྱ་ལྷག་ཙམ་ཡོད། རྒྱལ་ཁབ་སློབ་གསོ་པུའུ་ཡིས་གཏན་འཁེལ་བྱས་པའི་རྒྱལ་ཁབ་ཀྱི་རྨང་གཞིའི་རིག་ཚན་གྱི་རང་བྱུང་ཚན་རིག་ཚན་ཁག་གི་ཤེས་ལྡན་མི་སྣ་གསོ་སྐྱོང་དང་ཚན་རིག་ཞིབ་འཇུག་རྟེན་གཞི(ཚོད་གཉེར་རྟེན་གཞི)  རྒྱལ་ཡོངས་ཀྱི་ཀྲུང་ལུགས་གསོ་རིག་དགེ་རྒན་ཟབ་སྦྱོང་སློབ་གསོའི་རྟེན་གཞི་བཅས་རེད།

2_3 དགེ་རྒན་གྱི་དཔུང་སྡེ།

སྤྱི་ལོ2014ལོའི་ཟླ6པར། སློབ་གྲྭར་མི7ལ“རྒྱལ་ཁབ་རིམ་པའི་སློབ་ཁྲིད་གྲགས་ཅན་དགེ་རྒན”དང“རྒྱལ་ཡོངས་ཀྱི་དཔེ་བཟང་དགེ་རྒན”“རྒྱལ་ཡོངས་ཀྱི་སྔོན་ཐོན་ལས་དོན་པ”“རྒྱལ་ཡོངས་ཀྱི་དགེ་རྒན་ཀུན་སྤྱོད་ཀྱི་སྔོན་ཐོན་མི་སྒེར”“རྒྱལ་ཁབ་རིམ་པའི་ལེགས་སྐྱེས་མངོན་གསལ་དོད་པའི་གཞོན་དར་རིགས་གཅིག་མཁས་ཅན”སོགས་རྒྱལ་ཁབ་རིམ་པའི་གཟི་བརྗིད་མཚན་སྙན་མང་པོ་སྔ་རྗེས་སུ་ཐོབ་པ་དང་མི3རྒྱལ་ཁབ་མི་དོན་པུའུ་ཡི“‘ཁྲི་བརྒྱ་སྟོང་གི་ཤེས་ལྡན་མི་སྣའི་འདུ་འགོད”གསོ་སྐྱོང་བྱ་ཡུལ་དུ་བཅུག་ཡོད། མི45ཡིས་སྔ་རྗེས་སུ་སྲིད་གཞུང་གི་དམིགས་བསལ་ཕོགས་སྣོན་ལོངས་སུ་སྤྱོད་བཞིན་ཡོད། མི་བཅུ་གྲངས་སུ“ཅང་སུའུ་ཞིང་ཆེན་གྱི་ཀྲུང་ལུགས་གསོ་རིག་མིང་ཅན”དང“ཅང་སུའུ་ཞིང་ཆེན་གྱི་ཀྲུང་ལུགས་དང་ཕྱི་ལུགས་གསོ་རིག་ཟུང་འབྲེལ་གྱི་རིགས་གཅིག་མཁས་ཅན”“ཅང་སུའུ་ཞིང་ཆེན་དུ་ལེགས་སྐྱེས་མངོན་གསལ་དོད་པོ་ཕུལ་མཁན་གཞོན་དར་རིགས་གཅིག་མཁས་ཅན”སོགས་ཀྱི་གཟི་བརྗིད་མཚན་སྙན་ལ་བདམས་པ་དང་མི་བརྒྱ་ཙམ་སྔ་རྗེས་སུ་ཅང་སུའུ་ཞིང་ཆེན་གྱི“333འདུ་འགོད”དང“སྔོ་ལྗང་འདུ་འགོད”སོགས་ཤེས་ལྡན་མི་སྣ་གསོ་སྐྱོང་གི་སྐས་རིམ་ལྟ་བུའི་རུ་ཁག་ཏུ་ཞུགས།

2_4 སློབ་གླིང་དང་སྡེ་ཁག་གི་སྒྲིག་བཀོད།

སྤྱི་ལོ2014ལོའི་ཟླ6པའི་བར་སློབ་གྲྭས་ཀྲུང་ལུགས་གསོ་རིག་གཙོ་བོར་བྱས་པ་དང་། ཀྲུང་ལུགས་དང་ཕྱི་ལུགས་ཟུང་འབྲེལ་བྱས་ཏེ་རིག་ཚན་མང་པོས་མཐུན་སྦྱོར་འཕེལ་རྒྱས་ལ་འདེགས་སྐྱོར་བྱེད་པའི་སློབ་གཉེར་གྱི་རྣམ་པ་ཞིག་ཆགས་ཡོད། སློབ་གྲྭར་རྨང་གཞིའི་གསོ་རིག་སློབ་གླིང་དང་། ནད་ཐོག་གསོ་རིག་སློབ་གླིང་དང་པོ། ནད་ཐོག་གསོ་རིག་སློབ་གླིང་གཉིས་པ། སྨན་རྫས་སློབ་གླིང་། དཔལ་འབྱོར་ཚོང་དོན་དོ་དམ་སློབ་གླིང་། ནད་སྐྱོང་སློབ་གླིང་། ཕྱི་རྒྱལ་སྐད་ཡིག་སློབ་གླིང་། ཆ་འཕྲིན་ལག་རྩལ་སློབ་གླིང་། སེམས་ཁམས་སློབ་གླིང་བཅས་ཁྱོན་བསྡོམས་ཐད་གཏོགས་སློབ་གླིང9ཡོད། མཐོ་རིམ་ལས་རིགས་ལག་རྩལ་སློབ་གླིང་དང་། དར་མའི་སློབ་གསོའི་སློབ་གླིང་། རྒྱལ་སྤྱིའི་སློབ་གསོའི་སློབ་གླིང(ཀང་ཨའོ་ཐའེ་གསོ་སྦྱོང་ལྟེ་གནས)སོགས་སློབ་གླིང3ཡོད།

3 རིག་གཞུང་ཞིབ་འཇུག
3_1 ཚན་རིག་ཞིབ་འཇུག་སྟེགས་བུ།

སྤྱི་ལོ2014ལོའི་ཟླ6པར། སློབ་གྲྭས་ཅང་སུའུ་མཐོ་སློབ་ཀྱི་མཉམ་ལས་གསར་གཏོད་ལྟེ་གནས2དང་། ཞིང་ཆེན་དང་པུའུ་མཉམ་སྐྲུན་གྱི་གཙོ་གནད་ཚོད་ལྟ་ཁང1 རྒྱལ་ཁབ་ཀྲུང་ལུགས་གསོ་རིག་སྨན་རྫས་ཀྱི་ནད་ཐོག་སྨན་བཅོས་ཚོད་ལྟ་ཞིབ་འཇུག(GCP)ལྟེ་གནས1 སློབ་གསོ་པུའུ་འདུ་འགོད་ཞིབ་འཇུག་ལྟེ་གནས1 ཅང་སུའུ་ཞིང་ཆེན་ཀྲུང་ལུགས་གསོ་རིག་སྨན་རྫས་ཞིབ་འཇུག་དང་སྨན་གསར་གསར་གཏོད་ལྟེ་གནས1 རྒྱལ་ཁབ་ཀྲུང་ལུགས་གསོ་རིག་སྨན་རྫས་དོ་དམ་ཅུས་ཀྱི་གཙོ་གནད་ཞིབ་འཇུག་ཁང3 ཅང་སུའུ་ཞིང་ཆེན(མཐོ་སློབ)ཀྱི་གཙོ་གནད་ཚོད་ལྟ་ཁང5 རྒྱལ་ཁབ་ཀྲུང་ལུགས་གསོ་རིག་སྨན་རྫས་དོ་དམ་ཅུས་ཀྱི་རིམ་གསུམ་ཚོད་ལྟ་ཁང8 ཞིང་ཆེན་རིམ་པའི་འདུ་འགོད་ཞིབ་འཇུག་ལྟེ་གནས5(ལས་གྲྭའི་ཚོད་ལྟ་ཁང2 གྲོང་ཁྱེར་རིམ་པའི་འདུ་འགོད་ལག་རྩལ་ཞིབ་འཇུག་ལྟེ་གནས2 སློབ་གྲྭའི་རིམ་པའི་གཙོ་གནད་ཚོད་ལྟ་ཁང2ནིSPFརིམ་པའི་ཚོད་ལྟ་ལྟེ་གནས1)བཅས་བཙུགས་ཡོད།

3_2 ཚན་རིག་ཞིབ་འཇུག་གི་གྲུབ་འབྲས།

སྤྱི་ལོ2014ལོའི་ཟླ6པའི་བར། སློབ་གྲྭར་སློབ་ཁྲིད་ཞིབ་འཇུག་གི་གྲུབ་འབྲས2ཡོད་ལ་རྒྱལ་ཁབ་ཀྱི་སློབ་ཁྲིད་གྲུབ་འབྲས་ཀྱི་བྱ་དགའ་རིམ་པ་གཉིས་པ་ཐོབ་པ་དང་། ཚན་ཞིབ་གྲུབ་འབྲས81ལ་ཐིང་དང་ཅུས་རིམ་པ་ཡན་གྱི་ཚན་ཞིབ་གྲུབ་འབྲས་སྣ་ཚོགས་ཀྱི་བྱ་དགའ་ཐོབ་ཡོད། དེའི་ནང་ཚན་ཞིབ་གྲུབ་འབྲས3ལ་རྒྱལ་ཁབ་ཀྱི་ཚན་རྩལ་ཡར་ཐོན་གྱི་བྱ་དགའ་ཨང་གསུམ་པ་ཐོབ་པ་དང་། ཚན་ཞིབ་གྲུབ་འབྲས5རྒྱལ་ཁབ་ཀྲུང་ལུགས་གསོ་རིག་དང་སྨན་རྫས་དོ་དམ་ཅུས་རིམ་པའི་བྱ་དགའ་ཐོབ་ཡོད། ཅང་སུའུ་ཞིང་ཆེན་གྱི་སློབ་གསོ་ཚན་རིག་གི“ལོ་ལྔ་ཚན་བཅུ་པའི”འཆར་འགོད་ཞིབ་འཇུག་བྱ་གཞིའི་རྣམ་གྲངས2ཡོད་པ་དང་། ཞིང་ཆེན་སློབ་གསོ་སློབ་ཁྲིད་སྒྱུར་བཅོས་ཀྱི་ཞིབ་འཇུག་བྱ་གཞིའི་རྣམ་གྲངས3ཐོག་མར་ཞིབ་བཤེར་བྱས། རྒྱལ་ཁབ་རིམ་པའི་ཚན་རྩལ་གྲུབ་འབྲས་བྱ་དགའ2དང་། ཀྲུང་ཧྭའི་ཀྲུང་ལུགས་དང་ཕྱི་ལུགས་གསོ་རིག་ཟུང་འབྲེལ་གྱི་ཚན་རྩལ་ཡར་ཐོན་བྱ་དགའ3 ཀྲུང་གོའི་ཀྲུང་ལུགས་གསོ་རིག་སྨན་རྫས་ཚན་རྩལ་ཡར་ཐོན་བྱ་དགའ1 ཞིང་ཆེན་གྱི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་གི་དཔྱད་རྩོམ་དཔྱད་རྩོམ་གྱི་བྱ་དགའ6བཅས་རེ་ཞུ་བྱས་པ་དང་། གསལ་འབྱེད་ཚན་རྩལ་གྲུབ་འབྲས་ཁག3 གསར་གཏོད་ཀྱི་ཁེ་བེད་བདག་ཐོབ་ཁག4བཅས་རེ་ཞུ་བྱས།

3_3 རིག་གཞུང་ཐོན་ཁུངས།

ནན་ཅིང་ཀྲུང་ལུགས་གསོ་རིག་སློབ་ཆེན་དཔེ་མཛོད་ཁང་དེ་སྤྱི་ལོ1954ལོར་བཙུགས་པ་རེད། ལྷག་པར་དུ་ཀྲུང་ལུགས་གསོ་རིག་གི་ཚད་ལྡན་ཡིག་ཆ་དང་སྤྱི་ཚོགས་ཚན་རིག་དང་རང་བྱུང་ཚན་རིག་གི་ཚད་ལྡན་ཡིག་ཆ་གཞན་ཚང་མར་ལྟ་རྟོག་བྱེད་པའི་ཆེད་ལས་རང་བཞིན་གྱི་དཔེ་མཛོད་ཁང་ཞིག་ཡིན། སྤྱི་ལོ2014ལོའི་ཟླ6པར་ཁང་པའི་རྒྱ་ཁྱོན་སྨི་གྲུ་བཞི་མ29800ཟིན། ཉར་ཚགས་བྱས་པའི་ཤོག་བུའི་ནང་ཀྲུང་གོ་དང་ཕྱི་རྒྱལ་གྱི་ཡི་གེའི་དཔེ་དེབ་དང་དུས་དེབ་ཁྲི79ཡོད་པའི་ནང་དཔེ་རྙིང་སྣ་ཁ3000ལྷག་ཙམ་དང་དེབ་ཁྲི4ལྷག་ཙམ་དང་། གློག་རྡུལ་དཔེ་དེབ་ཁྲི95 ཀྲུང་ཕྱིའི་དུས་དེབ་དང་། ཆེད་ཁེ། བསླབ་གནས་དཔྱད་རྩོམ་སོགས་གཞི་གྲངས་མཛོད35ཡོད། དཔེ་རྙིང་གི་ཐོན་ཁུངས་ནི་མིང་རྒྱལ་རབས་ཀྱི་ཐོག་མའི་དཔེ་དེབ་དང་། མིང་གསལ་གྱི་དཔེ་རྙིང་། མཐོང་རྒྱུ་དཀོན་པའི་པར་དེབ། དུས་དེབ་མ་ཟིན་པ། རྩ་ཆེའི་བཤུས་མ་དང་། རི་པིན། ཀའོ་ལི་ཡི་སྔ་དུས་ཀྱི་དཔེ་དེབ་སོགས་གཙོ་བོར་བྱས་ཡོད།

3_4 ཕྱི་ཕྱོགས་སྤེལ་རེས།

ནན་ཅིང་ཀྲུང་ལུགས་གསོ་རིག་སློབ་ཆེན་ནི་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས(WHO)ཀྱི་སྲོལ་རྒྱུན་གསོ་རིག་མཉམ་ལས་ལྟེ་གནས་དང་། རྒྱལ་ཁབ་འཕྲོད་བསྟེན་པུའུ་ཡིས་གཏན་འཁེལ་བྱས་པའི་རྒྱལ་སྤྱིའི་གསེར་ཁབ་གསོ་སྦྱོང་ལྟེ་གནས། རྒྱལ་ཡོངས་ཀྱི་ཀྲུང་ལུགས་གསོ་རིག་དགེ་རྒན་ཟབ་སྦྱོང་སློབ་གསོའི་རྟེན་གཞི། ཀྲུང་གོའི་ཀྲུང་ལུགས་གསོ་རིག་ཚད་ལྡན་ཡིག་ཆ་དཔྱད་འཚོལ་ལྟེ་གནས་ཡན་ལག་ལྟེ་གནས་བཅས་ཡིན། དེ་དང་ཆབས་ཅིག་རྒྱལ་ཁབ་སློབ་གསོ་པུའུ་ཡིས་ཕྱི་རྒྱལ་གྱི་ཕྱི་འགྲིམས་སློབ་མ་དང་དེ་བཞིན་ཐའེ་ཝན་དང་ཤང་ཀང་དང་ཨའོ་མོན་ས་ཁུལ་གྱི་སློབ་མ་དང་ལེན་དང་གསོ་སྐྱོང་བྱེད་པའི་མཐོ་རིམ་ཀྲུང་ལུགས་གསོ་རིག་སློབ་ཆེན་ཁག་དང་པོ་དེའང་ཡིན།

4 སློབ་གྲྭའི་འགོ་ཁྲིད།

ཏང་ཨུའི་ཧྲུའུ་ཅི། ཁྲེང་ཁྲུན།

སློབ་གཙོ། ཧུའུ་ཀང་།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-08-24

གསར་སྤེལ་མཁན། :ཁྲི་པདྨ་རྣམ་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།