ཧྲང་ཧའེ་སྤྱི་བདེ་སློབ་གླིང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཧྲང་ཧའེ་སྤྱི་བདེ་སློབ་གླིང་།
ཧྲང་ཧའེ་སྤྱི་བདེ་སློབ་གླིང་ནི་ཀྲུང་གོའི་ཧྲང་ཧའེ་རུ་གནས་ཡོད་ཅིང་སྤྱི་ལོ1949ལོའི་ཟླ6པར་སློབ་གྲྭ་བཙུགས། ཧྲང་ཧའེ་ཡི་བྱང་ཚད་མཐོ་བའི་ཉེར་སྤྱོད་རྣམ་པའི་ཉེན་རྟོག་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པའི་སྤྱི་བདེ་མཐོ་རིམ་སློབ་གླིང་གཅིག་པུ་དེ་ཡིན་ཞིང་། དངོས་གཞིའི་ཚན་ཁག་རིམ་པའི་ཧྲང་ཧའེ་གྲོང་ཁྱེར་གྱི་མཐོ་རིམ་སློབ་གྲྭ་དཀྱུས་མ་ཞིག་ཡིན་ལ་རྒྱལ་ཡོངས་ཀྱི་སྤྱི་བདེའི་དགེ་རྒན་གསོ་སྦྱོང་རྟེན་གཞིར་བདམས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
上海公安学院
སློབ་གྲྭའི་རིགས་དབྱེ།
སྲིད་ཁྲིམས།
དབྱིན་ཡིག་གི་མིང་།
Shanghai Security College
ཁྱད་ཆོས།
གྲོང་ཁྱེར་ཁོངས་གཏོགས་ཀྱི་ཉིན་ཧྲིལ་བོའི་ལམ་ལུགས་ཅན་གྱི་མཐོ་རིམ་སློབ་གྲྭ།
བཙུགས་ལོ།
སྤྱི་ལོ1949ལོའི་ཟླ6པ།
སློབ་སྒྲུབ་ངོ་བོ།
གཞུང་བཙུགས་སློབ་ཆེན།
1 སློབ་གླིང་ངོ་སྤྲོད།

སློབ་གླིང་སྔོན་ཆད་སྤྱི་ལོ1949ལོའི་ཟླ6པར་བཙུགས་པའི་ཧྲང་ཧའེ་གྲོང་ཁྱེར་མི་དམངས་སྲིད་གཞུང་སྤྱི་བདེ་ཅུས་ཉེན་རྟོག་སློབ་གྲྭ་ཡིན་ལ། ཀྲུང་དབྱང་སྤྱི་བདེ་སློབ་གླིང་ཧྲང་ཧའེ་ཡན་ལག་སློབ་གླིང་དང་ཧྲང་ཧའེ་གྲོང་ཁྱེར་སྤྱི་བདེ་སློབ་གྲྭ། ཧྲང་ཧའེ་སྤྱི་བདེ་ཆེད་ཚན་སློབ་གྲྭ། ཧྲང་ཧའེ་སྤྱི་བདེ་མཐོ་རིམ་ཆེད་ཚན་སློབ་གྲྭ་སོགས་འཕེལ་རྒྱས་ཀྱི་དུས་རིམ་བརྒྱུད་ཅིང་། སྤྱི་ལོ2017ལོའི་ཟླ6པར་སློབ་གླིང་གི་སྒོ་དངོས་སུ་ཕྱེ། 

སྤྱི་ལོ2019ལོའི་ཟླ8པར་སློབ་གླིང་གི་གཞུང་ཕྱོགས་དྲ་ཚིགས་ཐོག་མངོན་པར་གཞིགས་ན། ཧྲང་ཧའེ་སྤྱི་བདེ་སློབ་གླིང་གི་ས་ཁྱོན་མུའུ660ཙམ་ཟིན་པ་དང་སློབ་ཁང་འཛུགས་སྐྲུན་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི15ལྷག་ཙམ་ཟིན་ནས་ཕུའུ་ཏུང་དང་ཞིན་ཀྲོང་སློབ་ཁུལ་གཉིས་སུ་ཕྱེ་ཡོད། སློབ་གླིང་གིས་གྲོང་ཁྱེར་ཡོངས་ཀྱི་སྤྱི་བདེ་དངོས་འཐབ་ཚན་པ25ལ་སློབ་ཁྲིད་ལག་ལེན་དང་དངོས་སྦྱོང་རྟེན་གཞི་བཙུགས་ཡོད། སློབ་གྲྭའི་ནང་དུ་ཚོད་ལྟའི་དངོས་སྦྱོང་ལྟེ་གནས8ཡོད། སློབ་གླིང་དུ་དགེ་རྒན་དང་ལས་བཟོ་བ500ལྷག་ཙམ་ཡོད་པ་དང་སློབ་གྲྭར་ཡོད་པའི་སློབ་མ3000ཙམ་ཡོད། ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་དངོས་གཞིའི་ཚན་ཁག་གི་ཆེད་ལས5དང་ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་ཆེད་ལས་གཉིས་པ་བཅས་བཙུགས་ཡོད། 

2 ལོ་རྒྱུས་ཀྱི་འཕེལ་རིམ།

སྤྱི་ལོ1949ལོའི་ཟླ6པའི་ཚེས2ཉིན་ཧྲང་ཧའེ་གྲོང་ཁྱེར་མི་དམངས་སྲིད་གཞུང་སྤྱི་བདེ་ཅུས་ཉེན་རྟོག་སློབ་གྲྭ་བཙུགས། 

སྤྱི་ལོ1950ལོའི་ཟླ12པར་ཧྲང་ཧའེ་གྲོང་ཁྱེར་མི་དམངས་སྲིད་གཞུང་སྤྱི་བདེ་ཅུས་སྤྱི་བདེ་སློབ་གྲྭར་མིང་བསྒྱུར། 

སྤྱི་ལོ1955ལོའི་ཟླ6པར་ཧྲང་ཧའེ་གྲོང་ཁྱེར་སྤྱི་བདེ་སློབ་གྲྭར་མིང་བསྒྱུར། 

སྤྱི་ལོ1958ལོའི་ཟླ11པར་ཧྲང་ཧའེ་གྲོང་ཁྱེར་སྤྱི་བདེ་སློབ་གྲྭ་ཀྲུང་དབྱང་སྤྱི་བདེ་སློབ་གླིང་ཧྲང་ཧའེ་ཡན་ལག་སློབ་གླིང་དང་ཟླ་སྒྲིལ་བྱས། 

སྤྱི་ལོ1960ལོའི་ཟླ12པར་ཀྲུང་དབྱང་སྤྱི་བདེ་སློབ་གླིང་ཧྲང་ཧའེ་ཡན་ལག་སློབ་གླིང་ཕྱིར་འཐེན་བྱས། 

སྤྱི་ལོ1961ལོའི་ཟླ4བར་ཧྲང་ཧའེ་གྲོང་ཁྱེར་སྤྱི་བདེ་སློབ་གྲྭས་སྒྲིག་གཞི་སླར་གསོ་བྱས།

སྤྱི་ལོ1966ལོའི་ཟླ5པར“རིག་གནས་གསར་བརྗེ”འགོ་བརྩམས་ཤིང་སློབ་གྲྭས་སློབ་གཉེར་བྱེད་མཚམས་བཞག 

སྤྱི་ལོ1973ལོར་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱིས་སྤྱི་བདེ་སློབ་གྲྭ་བསྐྱར་འཛུགས་བྱེད་རྒྱུའི་ཐག་བཅད

སྤྱི་ལོ1974ལོའི་ཟླ5པར་ཧྲང་ཧའེ་གྲོང་ཁྱེར་སྤྱི་བདེ་སློབ་གྲྭའི་མིང་དེ་ཧྲང་ཧའེ་གྲོང་ཁྱེར་སྤྱི་བདེ་ཅུས་ལྔ་བདུན་ལས་བྱེད་སློབ་གྲྭར་བསྒྱུར། 

སྤྱི་ལོ1978ལོའི་ཟླ3པར་ཧྲང་ཧའེ་གྲོང་ཁྱེར་སྤྱི་བདེ་སློབ་གྲྭ་སླར་གསོ་བྱས། 

3 སློབ་གླིང་དང་སྡེ་ཁག་གི་སྒྲིག་བཀོད།

སྤྱི་ལོ2019ལོའི་ཟླ8པར་སློབ་གླིང་གི་གཞུང་ཕྱོགས་དྲ་ཚིགས་ཐོག་མངོན་པར་གཞིགས་ན། སློབ་གླིང་དུ་བདེ་འཇགས་རིག་པ་དང་། མྱུལ་ཞིབ་རིག་པ། ཉེན་རྟོག་བཀོད་འདོམས་དང་འཐབ་རྩལ། ཉེས་དོན་ཚན་རྩལ། དྲ་རྒྱའི་བདེ་འཇགས་དང་ཁྲིམས་འཛིན་བཅས་ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་དངོས་གཞིའི་ཚན་ཁག་གི་ཆེད་ལས5དང་དེ་བཞིན་བདེ་འཇགས་དོ་དམ་དང་། བདེ་འཇགས་དོ་དམ(ཆ་འཕྲིན་དྲ་རྒྱའི་བདེ་འཇགས་ལྟ་ཞིབ་ཁ་ཕྱོགས)བདེ་འཇགས་དོ་དམ(མངགས་གཏོང་ཁང་གི་ལས་སྒྲུབ་ཁ་ཕྱོགས)བདེ་འཇགས་དོ་དམ(ཉེས་དོན་མྱུལ་ཞིབ་ཁ་ཕྱོགས)བདེ་འཇགས་དོ་དམ(དཔལ་འབྱོར་ཉེས་གསོག་མྱུལ་ཞིབ་ཁ་ཕྱོགས)འགྲིམ་འགྲུལ་དོ་དམ(བཙོན་ཁང་དོ་དམ་ཁ་ཕྱོགས)ཉེས་དོན་ལག་བསྟར(མི་དམངས་ཁྲིམས་ཁང་གི་ཁྲིམས་འཛིན་ཉེན་རྟོག་པའི་ཁ་ཕྱོགས)ཉེན་རྟོག་པའི་བཀོད་འདོམས། སྤྱི་པའི་བདེ་འཇགས་དོ་དམ(སྐོར་ཉེན་རྟོག་ཞབས་ཞུའི་ཁ་ཕྱོགས)བཅས་ཡོད།

4 དགེ་རྒན་གྱི་དཔུང་སྡེ།

སྤྱི་ལོ2019ལོའི་ཟླ12པར་སློབ་གླིང་གི་གཞུང་ཕྱོགས་དྲ་ཚིགས་ཐོག་མངོན་པར་གཞིགས་ན། སློབ་གླིང་དུ་དགེ་རྒན་དང་ལས་བཟོ་བ460ལྷག་ཙམ་ཡོད་པ་རེད། སློབ་གླིང་གིས་གཙོ་བོ་ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་དངོས་གཞིའི་ཚན་ཁག་གི་སློབ་གསོ་དང་ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་ཆེད་སྦྱོང་ཚན་ཁག་གཉིས་པའི་སློབ་གསོའི་འགན་འཁུར་གྱིན་ཡོད་ལ། ལས་ཐོག་མི་དམངས་ཉེན་རྟོག་པའི་གསོ་སྦྱོང་དང་དེ་བཞིན་སྤྱི་བདེ་པུའུ་མངགས་བཅོལ་ལྟར་རྒྱལ་ཁབ་ཕྱི་ནང་གི་ཉེན་རྟོག་ཕྱོགས་ལ་རིམ་པ་མཐོ་བའི་ཆེད་ལས་གསོ་སྦྱོང་སྣ་ཚོགས་བྱེད་ཅིང་། དེ་དང་ཆབས་ཅིག་སྤྱི་བདེ་རིགས་པའི་གཞུང་ལུགས་དང་ལག་ལེན་ཞིབ་འཇུག་བྱས་ནས་ཉེན་རྟོག་ལས་དོན་དངོས་འཐབ་ཀྱི་ལས་འགན་འཁུར་བ་མ་ཟད། སྤྱི་དམངས་ཉེན་རྟོག་སློབ་གྲྭར་བརྟེན་ནས་སྤྱི་ཚོགས་ཀྱི་ཞབས་ཞུར་ཤུགས་སྣོན་བརྒྱབ་ཡོད། སློབ་གླིང་ལ་རྒྱལ་ཁབ་རིམ་པའི་སློབ་ཁྲིད་གྲུབ་འབྲས་བྱ་དགའ3དང་། རྒྱལ་ཁབ་རིམ་པའི་སློབ་ཁྲིད་ཚོགས་པ2 རྒྱལ་ཁབ་རིམ་པའི་སྤུས་ལེགས་ཐོན་ཁུངས་མཉམ་སྤྱོད་སློབ་ཚན6 རྒྱལ་ཁབ་རིམ་པའི་སྤུས་ལེགས་སློབ་ཚན7 ཞིང་ཆེན་དང་པུའུ་རིམ་པའི་སློབ་ཁྲིད་ཚན་ཞིབ་གྲུབ་འབྲས་བྱ་དགའ་ཁག་གཅིག་དང་སློབ་ཁྲིད་ཚོགས་པ། སློབ་ཁྲིད་དགེ་རྒན་གྲགས་ཅན། སྤུས་ལེགས་སློབ་ཚན་སོགས་ཚུད་ཡོད། 

5 སློབ་གཉེར་སྒྲིག་བཀོད།

སྤྱི་ལོ2019ལོའི་ཟླ12པར་སློབ་གླིང་གི་གཞུང་ཕྱོགས་དྲ་ཚིགས་ཐོག་མངོན་པར་གཞིགས་ན། སློབ་གླིང་གི་རྒྱ་ཁྱོན་མུའུ721ཟིན་པ་དང་ཕུའུ་ཏུང་དང་། ཧོ་ཀྲོང་། ལྷོ་ལམ་བཅས་སློབ་ཁུལ་གསུམ་དུ་དབྱེ་ཡོད། སྒོ་རའི་ནང་ཚོད་ལྟའི་དངོས་སྦྱོང་ལྟེ་གནས་དང་སློབ་ཁྲིད་སྦྱོང་བརྡར་སྒྲིག་བཀོད་ཁག་གཅིག་བཙུགས་ནས་སྒོ་རའི་ཕྱི་རོལ་དུ་གྲོང་ཁྱེར་ཡོངས་ཀྱི་སྤྱི་བདེ་དངོས་འཐབ་ཚན་པར་སྤྱི་བདེ་སློབ་ཁྲིད་ས་ཚིགས17དང་དངོས་སྦྱོང་དངོས་སྦྱོང་རྟེན་གཞི271འཛུགས་སྐྲུན་བྱས་ཡོད། 

6 གཟི་བརྗིད་མཚན་སྙན།

སྤྱི་ལོ2019ལོའི་ཟླ12པར་སློབ་གླིང་གི་གཞུང་ཕྱོགས་དྲ་ཚིགས་ཐོག་ནས་མངོན་པར་གཞིགས་ན། སློབ་གྲྭ་བཙུགས་ནས་ལོ70སོང་བའི་རིང་གྲོང་ཁྱེར་སྤྱི་བདེ་ཅུས་དང་གྲོང་ཁྱེར་སློབ་གསོ་ཨུ་ཡོན་ལྷན་ཁང་གི་ཡང་དག་པའི་འགོ་ཁྲིད་འོག་སློབ་གླིང་གིས་ཧྲང་ཧའེ་སྤྱི་བདེ་སློབ་གསོའི་བྱ་གཞག་འཕེལ་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་ཞིང་། ཧྲང་ཧའེ་དང་ཐ་ན་རྒྱལ་ཡོངས་སྤྱི་བདེ་སྲིད་ཁྲིམས་ཁོངས་གཏོགས་ལ་སློབ་ཐོན་སློབ་མ་ཁྲི37ལྷག་ཙམ་གསོ་སྐྱོང་བྱས། ལས་ཐོག་མི་དམངས་ཉེན་རྟོག་པ་མི་ཐེངས་ཁྲི34ལྷག་ཙམ་ལ་གསོ་སྦྱོང་བྱས་པར་ཧྲེན་ཁྲེང་གི་ཉེན་རྟོག་པའི་འབྱུང་གནས་དང་ཉེན་རྟོག་དཔོན་གྱི་བཞུ་ཐབ་ཅེས་བརྗོད་ཀྱིན་ཡོད། སྤྱི་བདེ་པུས་རྒྱལ་ཡོངས་ཀྱི་སྤྱི་བདེའི་སློབ་གསོ་སྦྱོང་བརྡར་ལས་དོན་གྱི་སྔོན་ཐོན་མཉམ་སྡེབ་དང་ཤར་ནུབ་མཉམ་ལས་བྱང་ཚད་ཀྱི་ཉེན་རྟོག་པ་སྟོབས་ཆེར་གཏོང་བའི་བྱ་སྤྱོད་འཆར་གཞིའི་གྲུབ་འབྲས་མངོན་གསལ་དོད་པོས་མཉམ་སྡེབ་ལ་བདམས་ཤིང་། སློབ་གསོ་པུའུ་ཡིས་རྒྱལ་ཡོངས་ཀྱི་སློབ་གསོའི་ཁོངས་གཏོགས་ཀྱི་སྔོན་ཐོན་མཉམ་སྡེབ་དང་རྒྱལ་ཡོངས་ཀྱི་ལས་རིགས་སློབ་གསོའི་སྔོན་ཐོན་ཚན་པར་བདམས། 

དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-08-11

གསར་སྤེལ་མཁན། :ཡུན་དུང་སྐྱབས་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།