ཧྲང་ཧའེ་སྲིད་ཁྲིམས་སློབ་གླིང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཧྲང་ཧའེ་སྲིད་ཁྲིམས་སློབ་གླིང་།
ཧྲང་ཧའེ་སྲིད་ཁྲིམས་སློབ་གླིང་ནི་སྤྱི་ལོ1984ལོར་བཙུགས་པའི་ཧྲང་ཧའེ་གྲོང་ཁྱེར་སྲིད་ཁྲིམས་དོ་དམ་ལས་བྱེད་པའི་སློབ་གླིང་དང་། རྗེས་ཀྱི་ཧྲང་ཧའེ་བཅའ་ཁྲིམས་ཆེད་སྦྱོང་སློབ་གྲྭ་གཉིས་ཡིན་ལ་སྤྱི་ལོ1992ལོར་རྒྱལ་ཁབ་སློབ་གསོ་པུའུ་ཡི་ཆོག་མཆན་ཐོབ་པ་བརྒྱུད་ཧྲང་ཧའེ་བཅའ་ཁྲིམས་མཐོ་རིམ་ཆེད་སྦྱོང་སློབ་གྲྭར་མིང་བསྒྱུར། སྤྱི་ལོ1993ལོའི་ཟླ4པར་ཧྲང་ཧའེ་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་ཆོག་མཆན་ཐོབ་པ་བརྒྱུད་དེ་ཧྲང་ཧའེ་བཅའ་ཁྲིམས་མཐོ་རིམ་ཆེད་སྦྱོང་སློབ་གྲྭ་དང་ཧྲང་ཧའེ་སློབ་ཆེན་རྩོམ་རིག་སློབ་གླིང་བཅའ་ཁྲིམས་ཚན་ཁག་གཉིས་ཟླ་སྒྲིལ་བཏང་ནས་ཧྲང་ཧའེ་སློབ་ཆེན་ཁྲིམས་རིག་སློབ་གླིང་བཙུགས་ཏེ་དངོས་གཞིའི་སྡེ་ཁག་རིམ་པའི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་འགོ་ཚུགས། སྤྱི་ལོ1998ལོར་ཞིབ་འཇུག་སློབ་མ་གསོ་སྐྱོང་བྱེད་འགོ་བརྩམས་ཤིང་། སྤྱི་ལོ2004ལོའི་ཟླ9བར་ཧྲང་ཧའེ་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་ཆོག་མཆན་ཐོབ་པ་བརྒྱུད། ཧྲང་ཧའེ་སྲིད་ཁྲིམས་སློབ་གླིང་ནི་རང་ཚུགས་ཀྱིས་བཙུགས་པའི་ཧྲང་ཧའེ་གྲོང་ཁྱེར་གྱི་མཐོ་རིམ་སློབ་གྲྭ་ཞིག་ཏུ་གྱུར།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
上海政法学院
སློབ་གྲྭའི་ཚབ་ཨང་།
11835
དབྱིན་ཡིག་གི་མིང་།
Shanghai University of Political Science and Law
བཙུགས་ལོ།
སྤྱི་ལོ1984ལོར།
སློབ་གླིང་དང་སྡེ་ཁག་གི་སྒྲིག་བཀོད།
བཅའ་ཁྲིམས་སློབ་གླིང་། དཔལ་འབྱོར་ཁྲིམས་ལུགས་སློབ་གླིང་སོགས་སློབ་གླིང16ཡོད།
སློབ་སྒྲུབ་ངོ་བོ།
གཞུང་གཉེར་སློབ་ཆེན།
སློབ་བཙུགས་ཉིན་མོ།
ཟླ11པའི་ཚེས19ཉིན།
དངོས་གཞིའི་ཆེད་ལས།
24
1 སློབ་གླིང་ངོ་སྤྲོད།

སྤྱི་ལོ2019ལོའི་ཟླ7པར་སློབ་གྲྭའི་རྒྱ་ཁྱོན་ལ་མུའུ1000ལྷག་ཙམ་ཟིན་པ་དང་། རིམ་པ་གཉིས་པའི་སློབ་གླིང16ཡོད་པ་དང་རིམ་པ་དང་པོའི་རིག་ཚན་གྱི་རབ་འབྱམས་པའི་གནས3ཡོད། རབ་འབྱམས་པ་པའི་ཐོབ་ཐང་སྤྲོད་གནས4དང་དངོས་གཞིའི་ཚན་ཁག་གི་ཆེད་ལས30ལྷག་ཙམ། དགེ་རྒན་དང་ལས་བཟོ་པ700ལྷག་ཡོད། སློབ་ཁྲིད་ཚན་ཞིབ་དཔྱད་ཆས་སྒྲིག་ཆས་ཀྱི་རྒྱུ་ནོར་རིན་ཐང་བསྡོམས་འབོར་སྒོར་ཁྲི7872.85ཟིན་ལ། ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་སློབ་གྲྭར་ཡོད་པའི་སློབ་མ11000ལྷག་ཙམ། ཆེད་ལས་ཚོད་ལྟ་ཁང་དང་དངོས་སྦྱོང་ཁང35ཡོད་པ་དང་སློབ་ཆེན་སློབ་མའི་སློབ་ཕྱིའི་ལག་ལེན་རྟེན་གཞི200ཙམ་ཡོད། 

2 ལོ་རྒྱུས་ཀྱི་འཕེལ་རིམ།

སྤྱི་ལོ2016ལོར་སློབ་གྲྭས་སྒྱུ་རྩལ་རིགས་ཀྱི་དངོས་གཞིའི་ཚན་ཁག་གི་སློབ་མ་ཐོག་མར་བསྡུས། 

སྤྱི་ལོ2017ལོའི་ཟླ2པར་སློབ་གྲྭ་ཀྲུང་གོའི་ཕྱི་རྒྱལ་དུ་སློབ་སྦྱོང་བྱེད་པར་སྐྱོད་མཁན་གྲ་སྒྲིག་ཚན་ཁག་སློབ་གསོའི་མནའ་འབྲེལ་གྱི་གྲ་སྒྲིག་ཚན་ཁག་གི་ལྟེ་གནས་ཁག་དང་པོར་བདམས་པ་རེད།

སྤྱི་ལོ2018ལོའི་ཟླ4པར་ཆིང་ཕུའུ་ཆུས་ཨུ་དང་ཧྲང་ཧའེ་སྲིད་ཁྲིམས་སློབ་གླིང་ཏང་ཨུའི་ལྟེ་བའི་ཚོགས་ཆུང་གི་མཉམ་འབྲེལ་ཚོགས་ཆུང་གི་སློབ་སྦྱོང་ཚོགས་འདུ་དང་ཆུས་དང་སློབ་གྲྭའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གྲོས་མཐུན་ལ་མིང་རྟགས་འགོད་པའི་མཛད་སྒོ་འཚོགས་ཤིང་། ཟླ6པར་ཧྲང་ཧའེ་མཐོ་རིམ་སློབ་གྲྭའི་དངོས་གཞིའི་ཚན་ཁག་རྩེ་གྲ་འཛུགས་སྐྲུན་གྱི་སྣེ་ཁྲིད་འཆར་གཞིའི་ནང་ཁག་དང་པོར་བདམས་པ་རེད།

སྤྱི་ལོ2019ལོའི་ཟླ4པར་ཧྲང་ཧའེ་མཐོ་རིམ་སློབ་གྲྭའི་ཞིབ་འཇུག་སློབ་མའི་སློབ་གསོ་སྣེ་ཁྲིད་འཆར་གཞིར་ཁག་དང་པོར་བདམས་ཤིང་། ཟླ7པར་ཧྲང་ཧའེ་སྲིད་ཁྲིམས་སློབ་གླིང་གིས་ཁྲིམས་འཛིན་གསལ་འབྱེད་ཚན་རིག་ཞིབ་འཇུག་ཁང་དང་མཉམ་སྐྲུན་མཉམ་ལས་གྲོས་མཐུན་ལ་མིང་རྟགས་བཀོད།

3 སློབ་སྒྲུབ་ཆ་རྐྱེན།

སྤྱི་ལོ2019ལོའི་ཟླ12པའི་བར་སློབ་གྲྭར་རིམ་པ་གཉིས་པའི་སློབ་གླིང་དང་པུའུ16བཙུགས་ནས་དངོས་གཞིའི་ཚན་ཁག་གི་ཆེད་ལས་དང་ཁ་ཕྱོགས30ལྷག་ཙམ་བཀོད་སྒྲིག་བྱས། 

4 དགེ་རྒན་གྱི་དཔུང་སྡེ།

《ཧྲང་ཧའེ་སྲིད་ཁྲིམས་སློབ་གླིང་གི་སྤྱི་ལོ2018ལོ་ནས་སྤྱི་ལོ2019ལོའི་དངོས་གཞིའི་ཚན་ཁག་གི་སློབ་ཁྲིད་སྤུས་ཚད་སྙན་ཞུའི》ནང་མངོན་པར་གཞིགས་ན། སློབ་གྲྭར་ཆེད་བསྐོས་དགེ་རྒན540ཡོད་ཅིང་། དགེ་རྒན261གདན་ཞུ་བྱས་པ་དང་དགེ་རྒན་བསྡོམས་འབོར671ཡོད་ལ། དེའི་ནང་ཆེད་བསྐོས་དགེ་རྒན་གྱི་ཁྲོད་དུ་མཐོ་རིམ་གོ་མིང་ཡོད་མཁན54དང་། དགེ་རྒན་བསྡོམས་གྲངས་ཀྱི་བརྒྱ་ཆའི10.00ཟིན་པ་དང་མཐོ་རིམ་གཞོན་པའི་གོ་མིང་ཡོད་མཁན་མི166ཡོད། དགེ་རྒན་བསྡོམས་འབོར་གྱི་བརྒྱ་ཆའི30.74ཟིན། མཐོ་རིམ་གོ་མིང་དགེ་རྒན་གྱིས་བསྡུར་གྲངས་བཟུང་ཚད40.74%ཟིན་པ་དེ་ལོ་གོང་མ་དང་གཞི་རྩའི་ཆ་ནས་མཉམ། དགེ་རྒན་ཁྲོད་འབུམ་རམས་པའི་བསླབ་གནས་ཡོད་མཁན259ཡོད་པ་དེས་དགེ་རྒན་བསྡོམས་འབོར་གྱི47.96%བཟུང་ཡོད། དགེ་རྒན་ཁྲོད་ཕྱི་རྒྱལ་དུ་སློབ་སྦྱོང་བྱེད་པའི་ཉམས་མྱོང་ཡོད་མཁན་གྱིས་དགེ་རྒན་བསྡོམས་འབོར་གྱི20%ཡན་བཟུང་ཡོད། སྤྱི་ལོ2018ལོར“མཐོ་སློབ་ཀྱི་སྒྱུ་རྩལ་ཤེས་ལྡན་པ་དཀོན་པའི་གསར་གཏོད་ལས་དོན་ཁང་གི་རྣམ་གྲངས”1དང་ཕུའུ་ཅང་ཤེས་ལྡན་པའི་འཆར་གཞི་ལྟར་ན། དགེ་རྒན1ལ་རྣམ་གྲངས་ཀྱི་རོགས་སྐྱོར་ཐོབ་ཡོད། དགེ་རྒན11ལ་ཧྲང་ཧའེ་གྲོང་ཁྱེར་མཐོ་རིམ་སློབ་གྲྭའི་དགེ་རྒན་གྱི་ཆེད་ལས་འཕེལ་རྒྱས་ལས་གྲྭའི་རྣམ་གྲངས་ཀྱི་རོགས་དངུལ་ཐོབ་པ་དང་། མི10ལ་དཔེ་ཁྲིད་མི་སྐྱོང་གི་མིག་དཔེ་དང་དོ་དམ་མི་སྣ་གསོ་སྐྱོང་གི་མིག་དཔེ། ཞབས་ཞུ་མི་སྐྱོང་གི་དཔེ་བཟང་བཅས་ཀྱི་མཚན་སྙན་ཐོབ་ཡོད། མི5ལ་མཁས་དབང་གི་འཆར་གཞིའི་རྣམ་གྲངས་ཡོད་པ་དང་མི5ཧྲང་ཧའེ་གྲོང་ཁྱེར་ཕུའུ་ཅང་མཁས་དབང་དུ་བདམས། མི7སྐྱ་འོད་མཁས་དབང་དུ་བདམས་ཤིང་མི11ཞོགས་འོད་མཁས་དབང་དུ་བདམས། གྲོང་ཁྱེར་རིམ་པའི་སློབ་ཁྲིད་ཚོགས་པ2ལ་ཧྲང་ཧའེ་གྲོང་ཁྱེར་གྱི་ཕུལ་བྱུང་གི་ཁྲིམས་ལུགས་རིག་པའི་མཚན་སྙན་ཐོབ། མི2ལ་ཧྲང་ཧའེ་མཐོ་རིམ་སློབ་གྲྭའི་སློབ་ཁྲིད་དགེ་རྒན་གྲགས་ཅན་གྱི་མཚན་སྙན་ཐོབ་པ་དང་མི2ལ་པའོ་ཀང་ཕུལ་བྱུང་དགེ་རྒན་གྱི་བྱ་དགའ་ཐོབ། དགེ་རྒན་ཆེན་མོ2ནི་སློབ་གསོ་པུའུ་ཡི་མཐོ་རིམ་སློབ་གྲྭའི་ཁྲིམས་རིག་རིགས་ཀྱི་ཆེད་ལས་སློབ་ཁྲིད་མཛུབ་སྟོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཡིན་པ་དང་། དགེ་རྒན་ཆེན་མོ1ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲིད་གཞུང་གི་དམིགས་བསལ་ཕོགས་སྣོན་ཐོབ་མཁན་ཡིན། སློབ་གྲྭའི་དགེ་རྒན4ཧྲང་ཧའེ་མཐོ་སློབ་ཀྱི་ཕྱི་རྒྱལ་དུ་འཚམས་འདྲིར་བསྐྱོད་པའི(ཟབ་སྦྱོང)འཆར་གཞིར་བདམས། དགེ་རྒན3ཧྲང་ཧའེ་མཐོ་སློབ་ཀྱི་གཞོན་ནུ་རྐང་འཛིན་དགེ་རྒན་རྒྱལ་ནང་དུ་འཚམས་འདྲིའི་མཁས་དབང་གི་འཆར་གཞིར་བདམས་ཤིང་། དགེ་རྒན4ཧྲང་ཧའེ་མཐོ་རིམ་སློབ་གྲྭའི་དགེ་རྒན་གྱི་ཐོན་སློབ་དངོས་སྦྱོང་འཆར་གཞིར་བདམས། དགེ་རྒན3གྱིས་ཧྥུའུ་ཏན་སློབ་ཆེན་དང་ཧྲང་ཧའེ་སློབ་ཆེན། ཧྭ་ཏུང་སྲིད་ཁྲིམས་སློབ་ཆེན་སོགས་མཐོ་རིམ་སློབ་གྲྭ་ཁག་ཏུ་འབུམ་རམས་པ་སྦྱོང་གིན་ཡོད། 

5 རིག་ཚན་འཛུགས་སྐྲུན།

སྤྱི་ལོ2020ལོའི་ཟླ6ཚེས3ཉིན་སློབ་གྲྭར་ཧྲང་ཧའེ་གྲོང་ཁྱེར་གྱི་རིག་ཚན1དང་། ཧྲང་ཧའེ་གྲོང་ཁྱེར་གྱི་མཐོ་རིམ་སློབ་གྲྭའི་རིག་ཚནBརིགས1 ཧྲང་ཧའེ་གྲོང་ཁྱེར་སློབ་གསོ་ཨུ་ཡོན་ལྷན་ཁང་གི་གཙོ་གནད་རིག་ཚན3བཅས་ཡོད་པ་རེད། རིམ་པ་དང་པོའི་རིག་ཚན་གྱི་རབ་འབྱམས་པའི་ཐོབ་ཐང་གནས་སྤྲོད་གནས3བཅས་ཡོད།

6 ཞིབ་འཇུག་གི་གྲུབ་འབྲས།

《ཧྲང་ཧའེ་སྲིད་ཁྲིམས་སློབ་གླིང་གི་སྤྱི་ལོ2018ལོ་ནས་སྤྱི་ལོ2019ལོའི་དངོས་གཞིའི་ཚན་ཁག་གི་སློབ་ཁྲིད་སྤུས་ཚད་སྙན་ཞུའི》ནང་མངོན་པར་གཞིགས་ན། སྤྱི་ལོ2018ལོར་རྒྱལ་ཁབ་སྤྱི་ཚོགས་ཚན་རིག་ཐེབས་རྩའི་རྣམ་གྲངས6ལ་ཆོག་མཆན་ཐོབ་ཅིང་། ཧྲང་ཧའེ་གྲོང་ཁྱེར་གྱི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་གི་འཆར་འགོད་རྣམ་གྲངས་དང་། ཀྲུང་གོའི་ཁྲིམས་རིག་ལྷན་ཚོགས་ཀྱི་རྣམ་གྲངས། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་རིགས་པའི་གཞུང་ལུགས་ཞིབ་འཇུག་རྣམ་གྲངས་སོགས་ཞིང་ཆེན་དང་པུའུ་རིམ་པའི་རྣམ་གྲངས21ལ་ཆོག་མཆན་བཀོད་པ་དང་། སློབ་གསོ་པུའུ་ཡི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་དང་སྤྱི་ཚོགས་ཚན་རིག་གི་ཞིབ་འཇུག་རྣམ་གྲངས3ལ་ཆོག་མཆན་བཀོད། གྲོང་ཁྱེར་སློབ་གསོ་ཨུ་ཡོན་ལྷན་ཁང་སོགས་ཐིང་དང་ཅུས་རིམ་པའི་ཞིབ་འཇུག་རྣམ་གྲངས12ལ་ཆོག་མཆན་སྤྲད་ཅིང་། “ཧྲང་ཧའེ་གྲོང་ཁྱེར་གྱི་སློབ་གསོ་ཁྲིམས་རིག་པའི་ཤེས་ལྡན་མི་སྣ་གསོ་སྐྱོང་འཆར་གཞིའི”རྣམ་གྲངས་ཁག2བཙུགས་པ་དང་སྤྱི་ལོ2018ལོར་རྒྱལ་ཁབ་སྤྱི་ཚོགས་ཚན་རིག་ཐེབས་རྩའི་རྣམ་གྲངས་ཁག6བཙུགས་ཡོད། ཧྲང་ཧའེ་གྲོང་ཁྱེར་གྱི་སློབ་གསོའི་ཚན་རིག་ཞིབ་འཇུག་རྣམ་གྲངས2བཙུགས་ཡོད། ཞིབ་འཇུག་བྱ་གཞིའི་སྤྱིའི་འགྲོ་གྲོན་སྒོར་ཁྲི300.70ཟིན། ཚན་ཞིབ་རྣམ་གྲངས53ལ་ཆོག་མཆན་ཐོབ་པ་དང་རིམ་རྩིས་བྱས་ན་ཚན་ཞིབ་གྲོན་དངུལ་སྒོར་ཁྲི372.50ལ་ཆོག་མཆན་ཐོབ། སློབ་གྲྭའི་དགེ་རྒན་གྱིས་དཔྱད་རྩོམ330ལྷག་ཙམ་སྤེལ་ལ། དེའི་ནང་ལྟེ་བའི་གཙོ་གནད23དངCSSCIཡི་ལྟེ་བའི་དཔྱད་རྩོམ120ལྷག་ཙམ་ཡོད། དུས་དེབ་སྤྱིར་བཏང་བ120ལྷག་ཙམ་དང་ཚགས་པར་གལ་ཆེན13ཡོད། ཚགས་པར་སྤྱིར་བཏང་བ17ཡོད་པ་དེ་ཆེད་རྩོམ་ཕྱོགས་བསྒྲིགས28དང་ཆེད་རྩོམ30ཡོད། 

དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-08-11

གསར་སྤེལ་མཁན། :ཡུན་དུང་སྐྱབས་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།