ཨེར་ཏུའོ་སིའི་ལས་རིགས་སློབ་གླིང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཨེར་ཏུའོ་སིའི་ལས་རིགས་སློབ་གླིང་།
ཨེར་ཏུའོ་སིའི་ལས་རིགས་སློབ་གླིང(སློབ་གྲྭའི་ཚབ་ཨང248)ནི་ནང་སོག་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཆོག་མཆན་ཐོབ་པ་བརྒྱུད། སློབ་གསོ་པུས་ཨེར་ཏུའོ་སི་གྲོང་ཁྱེར་སྲིད་གཞུང་གིས་གཉེར་བའི་ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་མཐོ་རིམ་ལས་རིགས་སློབ་གླིང་དཀྱུས་མ་ཞིག་ཏུ་ཐོ་འགོད་སྙན་ཞུ་ཞུས་པ་རེད། སློབ་གླིང་གིས་ཨེར་ཏུའོ་སི་ས་ཁུལ་གྱི་རྡོ་སོལ་དང་། རྫས་འགྱུར་བཟོ་ལས། གློག་ཤུགས། ལྕགས་བཞུ། སྒྲིག་ཆས་བཟོ་སྐྲུན། ལས་གྲྭའི་འཛུགས་སྐྲུན་སོགས་ལེགས་ལྡན་ཐོན་ལས་ལ་བརྟེན་ནས། མཐོ་རིམ་ལས་རིགས་སློབ་གསོ་སྤེལ་རྒྱུ་གཙོ་བོར་འཛིན་པ་དང་། དེང་རབས་ཀྱི་རྒྱང་བསྟེན་སློབ་གསོ་དང་སྤྱི་ཚོགས་ཀྱི་ལས་རིགས་གསོ་སྐྱོང་སྦྱོང་བརྡར་བྱ་རྒྱུར་ལྟ་རྟོག་བྱས་ནས་དེང་རབས་ཅན་གྱི་ཐོན་སྐྱེད་དང་། འཛུགས་སྐྲུན། དོ་དམ། ཞབས་ཞུ་བཅས་ཀྱི་དགོས་མཁོ་དང་འཚམ་པའི་བྱང་ཚད་མཐོ་བ་དང་རྩལ་ནུས་ཅན་གྱི་ཆེད་ལས་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་བཞིན་ཡོད། སྤྱི་ལོ2016ལོའི་ཟླ8པར་ཁག་གཉིས་པའི་རྒྱལ་ཁབ་ཀྱི་དེང་རབས་དགེ་ཕྲུག་ལམ་ལུགས་ཀྱི་ཚོད་ལྟའི་ཚན་པར་བདམས་པ་རེད། ཨེར་ཏུའོ་སིའི་ལས་རིགས་སློབ་གླིང་ནི་ཐོན་ཁུངས་ཕུན་སུམ་ཚོགས་པ་དང་ཁོར་ཡུག་ལྟ་ན་སྡུག་པའི་ཨེར་ཏུའོ་སི་གྲོང་ཁྱེར་གྱི་ཁམས་པ་ཧྲི་ཁུལ་གསར་དུ་གནས་ཡོད། རྒྱ་ཁྱོན་མུའུ1015ཡོད་པ་དང་སྤྱིའི་བཟོ་སྐྲུན་གྱི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི26ཡོད། ད་ཡོད་ཐོན་ཁུངས་ལས་གྲྭའི་སྡེ་ཁག་དང་། འཕྲུལ་ཆས་ལས་གྲྭའི་སྡེ་ཁག རྫས་འགྱུར་བཟོ་ལས་སྡེ་ཁག ཨར་སྐྲུན་ལས་གྲྭའི་སྡེ་ཁག རང་འགུལ་ཅན་དང་ཆ་འཕྲིན་ལས་གྲྭའི་སྡེ་ཁག སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སྡེ་ཁག་བཅས་སྡེ་ཁག7དང་རྒྱལ་ཁབ་ལས་རིགས་རྩལ་ནུས་གསལ་འབྱེད་སུའོ1བཅས་ཡོད་པ་རེད། སྤྱི་སྤྱོད་ལས་རིགས19ཡི་ལས་རིགས་ནུས་རྩལ་གསལ་འབྱེད་བྱས་ཆོག ད་ཡོད་འཕྲུལ་གློག་གཞི་གཅིག་ཅན་གྱི་ལག་རྩལ་དང་། རྡོ་སོལ་ཕྲ་ཞིབ་ལས་སྣོན་དང་བེད་སྤྱོད། ཨར་སྐྲུན་ལས་གྲྭའི་ལག་རྩལ། རྡོ་སོལ་གཏེར་ཁ་སྔོག་འདོན་ལག་རྩལ་སོགས་ཆེད་ལས26ཡོད། རིགས་ཁག་གི་སློབ་གྲྭར་ཡོད་པའི་སློབ་མ7000ལྷག་ཙམ་ཡོད། ད་ལྟ་དགེ་རྒན་དང་ལས་བཟོ་བ270ཡོད། དེའི་ནང་དགེ་རྒན་ཆེན་མོ་བ7ཡོད་པ་དང་གོ་མིང་མཐོ་བའི་མི་སྣ67ཡོད་པ་རེད། འབུམ་རམས་པ2རབ་འབྱམས་པའི་ཞིབ་འཇུག་སློབ་མ116 མཐོ་རིམ་བཟོ་པ་དང་། ལག་རྩལ་དགེ་རྒན། མཐོ་རིམ་ལག་རྩལ་དགེ་རྒན་བཅས་ཀྱི་ལས་རིགས་ཐོབ་ཐང་ལག་ཁྱེར་ཡོད་མཁན15དང་། བཟོ་སྐྲུན་དགེ་རྒན་ཡན་གྱི་གོ་མིང་ཡོད་མཁན32བཅས་ཡོད། “གཉིས་འཇོན་རྣམ་པའི”དགེ་རྒན་གྱིས་ཆེད་བསྐོས་དགེ་རྒན་གྱི40.5%བཟུང་བ་དང་ཁེ་ལས་ཀྱི་དགེ་རྒན32གདན་འདྲེན་ཞུས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
鄂尔多斯职业学院
དབྱིན་ཡིག་གི་མིང་།
OrdosVocationalCollege
བསྡུས་མིང་།
ཧུའུ་པེ་ལས་རིགས་སློབ་གླིང་།
བཙུགས་ལོ།
སྤྱི་ལོ1979ལོར།
རིགས་དབྱེ།
གཞུང་བཙུགས་སློབ་ཆེན།
སློབ་གྲྭའི་རྣམ་པ།
བཟོ་ལས་ཚན་ཁག།
ངོ་བོ།
ཞིང་ཆེན་ཁོངས་ཀྱི་ཆེད་ཚན་མཐོ་རིམ་སློབ་གྲྭ།   རྒྱལ་ཁབ་ཀྱི་དེང་རབས་དགེ་ཕྲུག་ལམ་ལུགས་ཀྱི་ཚོད་ལྟའི་ཚན་པ་ཁག་གཉིས་པ།
ཁོངས་གཏོགས་ས་ཁུལ།
ཀྲུང་གོའི་ཨེར་ཏུའོ་སི།
སློབ་གཙོ།
པ་ཐོ་ཁྲ་གན།
མི་སྣ་གྲགས་ཅན།
དབྱང་ཅིན། རེན་ཧུའེ་ཀྲུང་། ལིའུ་ཞིའུ།
གཙོ་གཉེར་ཚན་པ།
ནང་སོག་རང་སྐྱོང་ལྗོངས་སློབ་གསོ་ཐིང་།
སློབ་གྲྭའི་དམ་ཚིག
ཀུན་སྤྱོད་བཟང་པོས་སྔོན་ཐོན་དང་རྩལ་ནུས་འགྲན་ཐུབ།
སློབ་གླིང་དང་སྡེ་ཁག་གཙོ་བོ།
ཨར་ལས་སྡེ་ཁག་དང་། འཕྲུལ་ཆས་སྡེ་ཁག ཐོན་ཁུངས་བཟོ་སྐྲུན་སྡེ་ཁག རྫས་འགྱུར་བཟོ་ལས་སྡེ་ཁག་སོགས།
སློབ་གྲྭའི་གནས་ཡུལ།
ཨེར་ཏུའོ་སི་གྲོང་ཁྱེར་གྱི་ཁམ་པ་ཆུས།
སློབ་གྲྭའི་ཚབ་ཨང་།
14248
གཞུང་ཕྱོགས་དྲ་གནས།
www.ordosvc.cn
1 ​སློབ་གླིང་དང་སྡེ་ཁག་གི་སྒྲིག་བཀོད།     

སློབ་གླིང་དུ་ད་ལྟ་བཙུགས་པའི་གཏེར་ལས་སྡེ་ཁག་དང་། འཕྲུལ་གློག་སྡེ་ཁག རྫས་འགྱུར་བཟོ་ལས་སྡེ་ཁག ཨར་ལས་བཟོ་སྐྲུན་སྡེ་ཁག དགེ་ཐོན་དང་རྒྱུན་མཐུད་སློབ་གསོ་པུའུ། གློག་འཕྲིན་སློབ་ཆེན་ཡན་ལག་སློབ་གྲྭ་སོགས་སློབ་ཁྲིད་ཚན་ཁག6(པུའུ)ཡོད། རྡོ་སོལ་ཕྲ་ཞིབ་ལས་སྣོན་དང་བེད་སྤྱོད། རྡོ་སོལ་གཏེར་ཁ་སྔོག་འདོན་ལག་རྩལ། གཏེར་རིའི་འཕྲུལ་གློག་དང་། གློག་རླངས་རང་འགུལ་ཅན་གྱི་ལག་རྩལ། འཕྲུལ་གློག་གཞི་གཅིག་ཅན་གྱི་ལག་རྩལ། ཨར་སྐྲུན་ལས་གྲྭའི་ལག་རྩལ། རྒྱའི་སྐད་ཡིག་རྩོམ་རིག དབྱིན་ཡིག་སོགས་ཆེད་ལས9(གློག་ཆེན་ཕུད)ཡོད།    

2 སློབ་གྲྭའི་ཁོར་ཡུག     

སློབ་གླིང་གནས་ཡུལ་ནི་ནང་སོག་གི་ཨེར་ཏུའོ་སི་གྲོང་ཁྱེར་དུ་གནས་ཡོད། རང་བྱུང་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་པ་དང་དཔལ་འབྱོར་རྒྱུན་མཐུད་ངང་མགྱོགས་མྱུར་འཕར་ནས་མི་རེའི་ཆ་སྙོམསGDPཨ་སྒོར་ཁྲི1.6ཡོད། རྒྱལ་ཡོངས་ཀྱི་ས་ཁུལ་རིམ་པའི་གྲོང་ཁྱེར333ནང་ཨང་བཞི་པ་ཟིན་ནས་རྒྱལ་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཡག་ཤོས་ཀྱི་ས་ཁུལ་གྲས་ཤིག་ཏུ་གྱུར་ཡོད། སློབ་གླིང་གིས་ད་ལྟ་མུའུ1500ཡོད་པ་དང་འཛུགས་སྐྲུན་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི12.5ཡོད། གྲོང་ཁྱེར་སྲིད་གཞུང་གིས་མ་དངུལ་སྒོར་དུང་ཕྱུར3.5བཏང་ནས་གསར་དུ་བསྐྲུན་པ་ཞིག་ཡིན་པ་དང་སྤྱི་ལོ2008ལོར་ཁྲིམས་ཁང་དང་ནང་སོག་སློབ་ཆེན་ཨེར་ཏུའོ་སི་སློབ་གླིང་ལ་རྩིས་སྤྲད་ནས་མཉམ་སྤྱོད་བྱས་པ་ཞིག་རེད། འཕེལ་རྒྱས་ཀྱི་གོམ་སྟབས་མགྱོགས་སུ་གཏོང་ཆེད་གྲོང་ཁྱེར་སྲིད་གཞུང་གིས་ས་ཞིང་མུའུ1015བཅད་པ་རེད། མ་དངུལ་སྒོར་དུང་ཕྱུར5བཏང་ནས་ཨེར་ཏུའོ་སིའི་ལས་རིགས་སློབ་གླིང་གི་སློབ་ཁུལ་གསར་པ་ལོགས་སུ་བསྐྲུན་རྒྱུའི་འཆར་གཞི་ཡོད་པ་རེད། སྤྱིའི་འཛུགས་སྐྲུན་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི26ཡོད་པ་དང་དུས་ཐེངས་དང་པོའི་འཛུགས་སྐྲུན་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་ཁྲི13.6ཡོད་པ་དང་སྤྱི་ལོ2010ལོར་བསྐྲུན་ནས་རྩིས་སྤྲོད་བེད་སྤྱོད་བྱས་པ་རེད།

3 དགེ་རྒན་གྱི་དཔུང་སྡེ།     

སློབ་གླིང་དུ་ད་ཆ་དགེ་རྒན་དང་ལས་བཟོ་བ150ལྷག་ཙམ་ཡོད་པའི་ནང་དགེ་རྒན་ཆེན་མོ་བ7དང་མཐོ་རིམ་ཆེད་ལས་ལག་རྩལ་པ་གཞོན་པ50ལྷག་ཙམ་ཡོད། སློབ་གྲྭར་ཡོད་པའི་སློབ་མ3776ཡོད། ལས་རིགས་སློབ་གྲྭ་དང་སློབ་གླིང་གིས་སློབ་གཉེར་བྱེད་པའི་གཞི་རྩའི་བླང་བྱ་ལྟར། སློབ་གླིང་གིས་ཚོད་ལྟའི་དངོས་སྦྱོང་རྟེན་གཞི་འཛུགས་སྐྲུན་བྱ་རྒྱུར་ཧ་ཅང་མཐོང་ཆེན་བྱས་ཏེ་མ་དངུལ་སྒོར་དུང་ཕྱུར1བཏང་ནས་ཚོད་ལྟ་ཁང40བསྐྲུན་ཟིན་པ་རེད། དངོས་སྦྱོང་ལྟེ་གནས22བཅས་ཡོད།     ཨེར་ཏུའོ་སི་གྲོང་ཁྱེར་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དགོས་མཁོ་དང་བསྟུན་ཆེད། སློབ་གླིང་གིས་ཆེད་ལས་འཛུགས་སྐྲུན་དང་། དགེ་རྒན་བཀོད་སྒྲིག ཚོད་ལྟའི་དངོས་སྦྱོང་ཆ་རྐྱེན་འཛུགས་སྐྱོང་སོགས་ཀྱི་ཐད་ཚན་རིག་དང་མཐུན་པའི་འཆར་འགོད་བྱས་ནས་གཏོང་ཆ་མང་དུ་གཏོང་རྒྱུ་རེད། ལྗོངས་ཡོངས་ཀྱི་ཁེ་ལས་དང་བྱ་གཞག་ཚན་པའི་དབར་སྤེལ་རེས་དང་མཉམ་ལས་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་མཐར་ཕྱིན་སློབ་མའི་ལས་ཞུགས་ཐབས་ལམ་རྒྱ་ཆེར་གཏོང་དགོས། རང་རེའི་སྨན་ཁང་དེ་ས་གནས་ཀྱི་ཁྱད་ཆོས་མངོན་གསལ་ལྡན་པ་དང་སློབ་གཉེར་ཆ་རྐྱེན་ལེགས་ཤོས་ལྡན་པའི་མཐོ་རིམ་ལས་རིགས་སློབ་གླིང་ཞིག་ཏུ་བསྐྲུན་གང་ཐུབ་བྱ་དགོས།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-08-06

གསར་སྤེལ་མཁན། :མིང་གསང་UBGv93881

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།