ལུའུ་ཨན་ལས་རིགས་ལག་རྩལ་སློབ་གླིང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ལུའུ་ཨན་ལས་རིགས་ལག་རྩལ་སློབ་གླིང་།
ལུའུ་ཨན་ལས་རིགས་ལག་རྩལ་སློབ་གླིང་ནི་ཧྲན་ཞི་ཞིང་ཆེན་གྱི་ཁྲང་ཀྲི་གྲོང་ཁྱེར་དུ་གནས་ཡོད། དེ་ནི་ལུའུ་ཨན་ཚོགས་པས་གཙོ་སྒྲུབ་བྱས་པའི་མཐོ་རིམ་ལས་རིགས་སློབ་གྲྭ་ཞིག་ཡིན་པ་དང་། སྔོན་ཆད་ལུའུ་ཨན་གཏེར་དོན་ཅུས་ཀྱི་ལས་བཟོ་པའི་སློབ་ཆེན་ཡིན། སྤྱི་ལོ1958ལོར་བཙུགས་པ་དང་། ལག་རྩལ་སློབ་གྲྭ་དང་། འབྲིང་རིམ་ཆེད་ལས་སློབ་གྲྭ། མཐོ་རིམ་ལས་རིགས་དང་མཐོ་རིམ་ཆེད་ལས་བཅས་ལས་གྲུབ་པའི་ཕྱོགས་བསྡུས་རང་བཞིན་གྱི་ལས་བཟོ་པའི་སློབ་གྲྭ་ཆེན་མོ་ཞིག་ཡིན། སྤྱི་ལོ2004ལོའི་ཟླ3པར་ཧྲན་ཞི་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཆོག་མཆན་བཀོད་པ་དང་། རྒྱལ་ཁབ་སློབ་གསོ་པུའུ་ཡིས་ཐོ་འགོད་བྱས་ཡོད། ཧྲན་ཞི་རྡོ་སོལ་ལས་བཟོ་མཉམ་འབྲེལ་སློབ་ཆེན་ལུའུ་ཨན་ཡན་ལག་སློབ་གྲྭ་དེ་ལུའུ་ཨན་ལས་རིགས་ལག་རྩལ་སློབ་གླིང་ཞེས་མིང་བསྒྱུར།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
潞安职业技术学院
དབྱིན་ཡིག་གི་མིང་།
luan vocational&technical college
བཙུགས་ལོ།
སྤྱི་ལོ1975ལོར།
རིགས་དབྱེ།
གཞུང་གཉེར་སློབ་ཆེན།
སློབ་གྲྭའི་རིགས་དབྱེ།
རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་སྐོར།
ངོ་བོ།
མཐོ་རིམ་སློབ་གྲྭ་དཀྱུས་མ།
ཁོངས་གཏོགས་ས་ཁུལ།
ཧྲན་ཞི་ཁྲང་ཀྲི།
སློབ་གཙོ།
ཧུ་ཧྥེང་ཉེན།
གཙོ་གཉེར་ཚན་པ།
ཧྲན་ཞི་ཞིང་ཆེན་སློབ་གསོ་ཐིང་།
སློབ་གླིང་དང་སྡེ་ཁག་གཙོ་བོ།
འཕྲུལ་གློག་ལས་གྲྭ་སྡེ་ཁག་དང་། གཏེར་འདོན་ལས་གྲྭ་སྡེ་ཁག དཔལ་འབྱོར་ཉོ་ཚོང་དོ་དམ་སྡེ་ཁག
1 ​སློབ་གྲྭའི་ངོ་སྤྲོད།

ལུའུ་ཨན་ལས་རིགས་ལག་རྩལ་སློབ་གླིང་ནི་ཐའེ་ཧང་རི་འདབས་དང་། ཧྲང་ཏང་གཞོང་སའི་བྱང་སྣེ་རུ་གནས་ཡོད། འགྲིམ་འགྲུལ་སྟབས་བདེ་ལ། ཁོར་ཡུག་དབེན་པ་ཡིན། སློབ་ཁྲིད་སྒྲིག་བཀོད་སྔོན་ཐོན་ཡིན་པ་དང་རྩིས་འཁོར་ཁང་དང་། ཆེད་ལས་མི་འདྲ་བའི་ལད་ཟློས་ཚོད་ལྟ་ཁང་། གློག་སྤྱད་སློབ་ཁྲིད་འཁྲབ་སྟོན་ཚོམས་ཆེན། སྨྱན་མང་སློབ་ཁང་བཅས20ལྷག་ཡོད་པས་སློབ་སྦྱོང་དང་འཚོ་བ་རོལ་བའི་ཕུགས་བསམ་གྱི་གནས་ཤིག་ཡིན། སློབ་གྲྭར་རིགས་ཁག་གི་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་དངུལ་དང་ཐེབས་རྩ་བཙུགས་ཡོད་པ་མ་ཟད། སློབ་མ་སྒྲིག་འཛུགས་ཀྱིས་སློབ་ཞོར་ལས་ཀ་བྱས་ནས་སློབ་ཞུགས་རོགས་སྐྱོར་བྱས་ཏེ་དཔལ་འབྱོར་ཐད་དཀའ་ངལ་ཡོད་པའི་སློབ་མར་སྦྱངས་འབྲས་ལེགས་ཐོན་གྱི་རོགས་རམ་བྱེད་ཀྱིན་ཡོད། སློབ་གླིང་དུ་ད་ལྟ་དགེ་རྒན་དང་ལས་བཟོ་བ307ཡོད་པ་དང་། ཆེད་བསྐོས་དགེ་རྒན198 སློབ་མ2600ཡོད། སྤྱི་ལོ2008ལོར་སློབ་གླིང་ལ་ཧྲན་ཞི་ཞིང་ཆེན་བདེ་འཇགས་ཐོན་སྐྱེད་ལྟ་སྐུལ་དོ་དམ་ཅུས་ཀྱི“བདེ་འཇགས་གསོ་སྦྱོང་གི་སྔོན་ཐོན་ཚན་པའི”གཟི་བརྗིད་མཚན་སྙན་ཐོབ་པ་དང་། སྤྱི་ལོ2009ལོར་ཧྲན་ཞི་ཞིང་ཆེན་གྱི“ཡིད་རྟོན་སློབ་གཉེར་ཚན་པའི”གཟི་བརྗིད་མཚན་སྙན་ཐོབ། སྤྱི་ལོ2010ལོར་རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་ཀྱིས་སློབ་གླིང་དེར“རྒྱལ་ཡོངས་ལས་བཟོ་པའི་སློབ་གསོ་གསོ་སྦྱོང་དཔེ་སྟོན་ས་ཚིགས”ཀྱི་མཚན་སྙན་གནང་། ཧྲན་ཞི་ཞིང་ཆེན་གྱི་བདེ་འཇགས་གསོ་སྦྱོང་སྔོན་ཐོན་ཁུངས་ཀྱི་མཚན་སྙན་ཡང་ཐོབ་ཡོད།

2 ལོ་རྒྱུས་ཀྱི་འཕེལ་རིམ།

སྤྱི་ལོ1958ལོའི་ཟླ7པའི་ཚེས10ཉིན་ལུའུ་ཨན་སོལ་གཏེར་གྲ་སྒྲིག་ཁྲུའུ་ཡིས“ལུའུ་ཨན་སོལ་གཏེར་ལག་རྩལ་བཟོ་པའི་སློབ་གྲྭ”བཙུགས། སྤྱི་ལོ1959ལོའི་ཟླ4པའི་ཚེས3ཉིན་ལུའུ་ཨན་རྡོ་སོལ་གཏེར་ཁའི་འབྲིང་རིམ་ལག་རྩལ་སློབ་གྲྭ་དང་ལག་རྩལ་བཟོ་པའི་སློབ་གྲྭ་ཟླ་སྒྲིལ་བྱས་ཏེ་ལུའུ་ཨན་རྡོ་སོལ་སློབ་གྲྭ་བཙུགས། སྤྱི་ལོ1975ལོར་ལུའུ་ཨན་གཏེར་དོན་ཅུས721བཟོ་པའི་སློབ་ཆེན་བཙུགས།

སྤྱི་ལོ1980ལོར་ལུའུ་ཨན་གཏེར་དོན་ཅུས721བཟོ་པའི་སློབ་ཆེན་ཞེས་པ་དེ་ལུའུ་ཨན་གཏེར་དོན་ཅུས་ཀྱི་ལས་བཟོ་པའི་སློབ་ཆེན་ཞེས་པར་མིང་བསྒྱུར།

སྤྱི་ལོ1985ལོར་ལུའུ་ཨན་གཏེར་དོན་ཅུས་ཀྱི་བདེ་འཇགས་སློབ་གསོ་གསོ་སྦྱོང་ལྟེ་གནས་དང་། ལུའུ་ཨན་གཏེར་དོན་ཅུས་ཀྱི་ལས་བཟོ་པའི་འབྲིང་རིམ་ཆེད་ལས་སློབ་གྲྭ ཧྲན་ཞིའི་གཏེར་ལས་སློབ་གླིང(ཡིག་སྤྲིངས་སློབ་ཁྲིད་ས་ཚིགས)བཅས་ལུའུ་ཨན་གཏེར་དོན་ཅུས་ཀྱི་ལས་བཟོ་པའི་སློབ་ཆེན་དུ་ཟླ་སྒྲིལ་བཏང་།

སྤྱི་ལོ1958ལོར་ལུའུ་ཨན་སོལ་གཏེར་ལག་རྩལ་བཟོ་པའི་སློབ་གྲྭ་བཙུགས།

སྤྱི་ལོ1959ལོར་ལུའུ་ཨན་རྡོ་སོལ་གཏེར་ཁའི་ལག་རྩལ་བཟོ་པའི་སློབ་གྲྭ་དང་ལུའུ་ཨན་རྡོ་སོལ་གཏེར་ཁའི་འབྲིང་རིམ་ལག་རྩལ་སློབ་གྲྭ་ཟླ་སྒྲིལ་བཏང་ནས་ལུའུ་ཨན་རྡོ་སོལ་སློབ་གྲྭ་བཙུགས།

སྤྱི་ལོ2004ལོར་ཧྲན་ཞི་རྡོ་སོལ་ལས་བཟོ་མཉམ་འབྲེལ་སློབ་ཆེན(ལུའུ་ཨན་ཡན་ལག་སློབ་གྲྭ)ཀྱིས་ལུའུ་ཨན་ལས་རིགས་ལག་རྩལ་སློབ་གླིང་བཙུགས།

3 དགེ་རྒན་གྱི་དཔུང་སྡེ།

སློབ་གླིང་འདིར་སློབ་ཁུལ་ལྷོ་བྱང་གཉིས་སུ་དབྱེ་ཡོད། སློབ་ཁུལ་ལྷོ་མ་ནི་ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་སློབ་ཁྲིད་ཁུལ་ཡིན་པ་དང་། སློབ་ཁུལ་བྱང་མ་ནི་དངོས་སྦྱོང་རྟེན་གཞི་ཡིན། སློབ་ཁུལ་གཉིས་ཀྱི་རྒྱ་ཁྱོན་ལ་མུའུ298ཡོད་པ་དང་སྤྱིའི་འཛུགས་སྐྲུན་གྱི་རྒྱ་ཁྱོན་ལ་སྨི་ངོས་གྲུ་བཞི་མ106286ཡོད། དཔེ་མཛོད་ཁང་དང་། གློག་རྡུལ་ལྟ་ཀློག་ཁང་། སློབ་ཁྲིད་འཛིན་གྲྭ་ཚང་མར་སྨྱན་མང་གཟུགས་ཀྱི་སློབ་ཁྲིད་སྒྲིག་ཆས་བཀོད་སྒྲིག་བྱས་ཡོད། སྨྱན་མང་གཟུགས་ཀྱི་སློབ་ཁྲིད་ཁྲོད་ཀྱི་ཚོད་འཛིན་ཁང་དང་འགྱིག་བཟོས་རྒྱུག་ལམ་གྱི་ཚད་ལྡན་ལུས་རྩལ་ར་བ་སོགས་ཀྱང་བཙུགས་ཡོད། “སློབ་བསྡུའི་ཞབས་ཞུའི་ཁྲོམ་ར་རྩེ་གྲ་དང་། སློབ་ཁྲིད་ཞབས་ཞུའི་ཁྲོམ་ར། ལས་ཞུགས་ཞབས་ཞུའི་ཁྲོམ་ར་རྩེ་གྲ་བཅས”ཀྱི་འབད་འཐབ་དམིགས་ཚད་དང་ཀྲུང་གོའི་གཏེར་ལས་སློབ་ཆེན་དང་། བྱང་ཤར་ནོར་སྲིད་སློབ་ཆེན། ཧྲེན་ཀྲེན་སློབ་ཆེན། པེ་ཅིང་ནགས་ལས་སློབ་ཆེན། ཧྲན་ཞི་ཞིང་ཆེན་ཏང་གི་སློབ་གྲྭ་བཅས་དབར་སློབ་ཁྲིད་ཚན་ཞིབ་མཉམ་ལས་འབྲེལ་བ་བཙུགས་ཡོད། ཧྲེན་ཀྲེན་སློབ་ཆེན་འོད་གློག་རྡུལ་ཞིབ་འཇུག་སུའོ་ཡི་སུའོ་ཀྲང(ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲི)ཉིའུ་དབྱི་པིན་དང་། ཀྲུང་གོ་རྡོ་སོལ་ཚན་རིག་ལག་རྩལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན(སློབ་ཁྲིད་རིམ་པའི་མཐོ་རིམ་ལག་རྩལ་ཆེ་མོ་བ)ཧྲང་ཧའེ་ཐའོ་སོགས་མི12སློབ་གྲྭའི་གདན་ཞུས་དགེ་རྒན་ཆེན་མོ་ཡིན། སློབ་གྲྭར་ཡོད་པའི་སློབ་མ3000ལྷག་ཡོད།

4 ཆེད་ལས་སྒྲིག་བཀོད།

སློབ་གླིང་དུ་ཉེར་སྤྱོད་རྫས་འགྱུར་བཟོ་ལས་དང་འཕྲུལ་གློག་བཟོ་སྐྲུན་སྡེ་ཁག སྔོག་འདོན་བཟོ་སྐྲུན་སྡེ་ཁག ཆ་འཕྲིན་བཟོ་སྐྲུན་སྡེ་ཁག དཔལ་འབྱོར་ཉོ་ཚོང་དོ་དམ་སྡེ་ཁག ཕྱི་སྐད་སྡེ་ཁག་བཅས་ཡོད། སོལ་གཏེར་རིགས་དང་སྤྱི་ཚོགས་ཀྱི་ཀུན་སྤྱོད་ཆེད་ལས27བཙུགས་པའི་ནང་མཐོ་རིམ་ལས་རིགས་དང་མཐོ་རིམ་ཆེད་ཚན14དང་། འབྲིང་རིམ་ཆེད་ཚན9 ལག་རྩལ་སློབ་གྲྭ4བཅས་ཡོད་པ་རེད། རླངས་འཁོར་ཉམས་བཟོ་དང་ཚ་ལ་རྒྱག་པའི་ལག་རྩལ་ཆེད་ལས་ནི་ཀྲུང་གོ་དང་འཇར་མན་གྱི་མཉམ་ལས་སློབ་གཉེར་ཆེད་ལས་ཡིན་པ་དང་། འཕྲུལ་གློག་གཞི་གཅིག་ཅན་དང་རླངས་འཁོར་ཉམས་གསོའི་ཆེད་ལས་ནི་ཞིང་ཆེན་རིམ་པའི་མཐོ་རིམ་ལས་རིགས་དང་མཐོ་རིམ་ཆེད་ཚན་གྱི་སློབ་ཁྲིད་སྒྱུར་བཅོས་ཚོད་ལྟའི་ཆེད་ལས་ཡིན། རྡོ་སོལ་གཏེར་ཁ་སྔོག་འདོན་ལག་རྩལ་དང་གཏེར་ཁྲོན་རླུང་འགྲོ བདེ་འཇགས་ཆེད་ལས་བཅས་ནི་ཧྲན་ཞི་ཞིང་ཆེན་གྱི་ཧ་ཅང་དཀོན་པའི་ཤེས་ལྡན་མི་སྣ་གསོ་སྐྱོང་ཆེད་ལས་ཡིན།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-08-05

གསར་སྤེལ་མཁན། :མཁའ་འབུམ་བཀྲ་ཤིས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།