ཐའེ་ཡོན་ཡུལ་སྐོར་ལས་རིགས་སློབ་གླིང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཐའེ་ཡོན་ཡུལ་སྐོར་ལས་རིགས་སློབ་གླིང་།
ཐའེ་ཡོན་ཡུལ་སྐོར་ལས་རིགས་སློབ་གླིང་ནི་ཧྲན་ཞི་ཞིང་ཆེན་ཐའེ་ཡོན་གྲོང་ཁྱེར་དུ་གནས་ཡོད། སྤྱི་ལོ2004ལོའི་ཟླ5པར་ཧྲན་ཞི་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཆོག་མཆན་བཀོད་པ་དང་། སློབ་གསོ་པུའུ་ལ་ཐོ་འགོད་སྙན་སེང་ཞུས་ནས་ཆེད་ཚན་རིམ་པའི་མཐོ་རིམ་ལས་རིགས་ལག་རྩལ་སློབ་གླིང་བཙུགས་པ་རེད། ཧྲན་ཞི་ཞིང་ཆེན་གྱི་ཡུལ་སྐོར་ལས་རིགས་སློབ་གསོ་གཉེར་སྔ་ཤོས་ཀྱི་སློབ་གླིང་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
太原旅游职业学院
དབྱིན་ཡིག་གི་མིང་།
taiyuantourismcollege
བསྡུས་མིང་།
ཐའེ་ཡོན་ཡུལ་སྐོར་སློབ་གླིང་།
བཙུགས་ལོ།
སྤྱི་ལོ1985ལོར།
རིགས་དབྱེ།
མཐོ་རིམ་ལས་རིགས་དཀྱུས་མ།
སློབ་གྲྭའི་རིགས་དབྱེ།
སྐད་ཆའི་རིགས།
ངོ་བོ།
ཞིང་ཆེན་ཁོངས་གཏོགས་ཀྱི་མཐོ་རིམ་སློབ་གྲྭ་ཆེན་མོ།
ཁོངས་གཏོགས་ས་ཁུལ།
ཀྲུང་གོའི་ཧྲན་ཞི་ཐའེ་ཡོན།
སློབ་གཙོ།
ཞེ་ཡུས་ཧུའེ།
གཙོ་གཉེར་ཚན་པ།
ཧྲན་ཞི་ཞིང་ཆེན།
སློབ་གླིང་དང་སྡེ་ཁག་གཙོ་བོ།
ཡུལ་སྐོར་ལས་དོན་དོ་དམ་སྡེ་ཁག ཟ་ཁང་དོ་དམ་སྡེ་ཁག ཕྱི་སྐད་སྡེ་ཁག་སོགས་ཚན་ཁག6དང་རྨང་གཞིའི་ཚན་པ1ཡོད།
སློབ་གྲྭའི་གནས་ཡུལ།
ཧྲན་ཞི་ཞིང་ཆེན་ཐའེ་ཡོན་གྲོང་ཁྱེར་ཞའོ་ཏེན་ཆུས་ཏཱ་ཁྲེང་ལྷོ་ལམ་ཨང19པ།
གཞུང་ཕྱོགས་དྲ་གནས།
www.tylyzyxy.com
1 ​ལོ་རྒྱུས་ཀྱི་འཕེལ་རིམ།

སྤྱི་ལོ1984ལོར་ཐའེ་ཡོན་གྲོང་ཁྱེར་གྱི་སློབ་འབྲིང28དེ་ཐའེ་ཡོན་ཡུལ་སྐོར་ལས་རིགས་མཐོ་རིམ་སློབ་འབྲིང་དུ་བསྒྱུར།

སྤྱི་ལོ1990ལོར་ཐའེ་ཡོན་ཡུལ་སྐོར་ལས་རིགས་མཐོ་རིམ་སློབ་འབྲིང་གི་མིང་དེ་ཐའེ་ཡོན་ཡུལ་སྐོར་ལས་རིགས་འབྲིང་རིམ་ཆེད་ལས་ཞེས་བསྒྱུར།

སྤྱི་ལོ1998ལོར་ཐའེ་ཡོན་ཡུལ་སྐོར་ལས་རིགས་འབྲིང་རིམ་ཆེད་ལས་ཟླ་སྒྲིལ་བཏང་ནས་ཐའེ་ཡོན་ཡུལ་སྐོར་སློབ་གྲྭ་བཙུགས།

སྤྱི་ལོ1998ལོར་ཐའེ་ཡོན་སློབ་འབྲིང་དང་པོ་ཟླ་སྒྲིལ་བཏང་ནས་ཐའེ་ཡོན་ཡུལ་སྐོར་སློབ་གྲྭ་བཙུགས།

སྤྱི་ལོ2004ལོར་ཐའེ་ཡོན་ཡུལ་སྐོར་སློབ་གྲྭ་ཐའེ་ཡོན་ཡུལ་སྐོར་ལས་རིགས་སློབ་གླིང་དུ་རིམ་སྤོར་བྱས།

2 སློབ་གླིང་དང་སྡེ་ཚན་གྱི་སྒྲིག་བཀོད།

སློབ་གླིང་དུ་སྡེ་ཚན་དྲུག་དང་ཚན་པ་གཅིག་ཡོད་པ་སྟེ། ཡུལ་སྐོར་ལས་དོན་དོ་དམ་སྡེ་ཁག་དང་། ཟ་ཁང་དོ་དམ་སྡེ་ཁག ཕྱི་སྐད་སྡེ་ཁག ཡུལ་སྐོར་འཆར་འགོད་སྡེ་ཁག དེང་རབས་ཆ་འཕྲིན་སྡེ་ཁག ཡུལ་སྐོར་སྒྱུ་རྩལ་སྡེ་ཁག རྨང་གཞིའི་ཚན་པ་བཅས་ཡིན། ཁྱོན་ཡུལ་སྐོར་སྣེ་ཤན་པ་དང་། མགྲོན་ཁང་དོ་དམ། ཡུལ་སྐོར་དོ་དམ། ཡུལ་སྐོར་དབྱིན་ཡིག ཡུལ་སྐོར་འཇར་ཡིག ཡུལ་སྐོར་འཇར་མན་སྐད། ཉེར་སྤྱོད་ཧྥ་རན་སེའི་སྐད། ཉེར་སྤྱོད་ལྷོ་ཁོ་རེ་ཡའི་སྐད། ཉེར་སྤྱོད་འཇར་མན་གྱི་སྐད། ཡུལ་སྐོར་སྣེ་ཤན་པ(སི་ཕེན་གྱི་སྐད)མཁའ་དབྱིངས་ཀྱི་ཞབས་ཞུ། དེང་རབས་ཟོག་འགྲེམས། ཡུལ་སྐོར་ལས་དོན་དོ་དམ་བཅས་ཆེད་ལས13བཙུགས་ཡོད། དེའི་ནང་ཡུལ་སྐོར་སྣེ་ཤན་པ་དང་། ཨར་ཁང་དོ་དམ་ཆེད་ལས། ཡུལ་སྐོར་དབྱིན་ཡིག སྐད་རིགས་ཆུང་བའི་ཆེད་ལས་བཅས་ཞིང་ཆེན་ཡོངས་ཀྱི་སྣེ་ཁྲིད་ཆེད་ལས་སུ་གྱུར་ཡོད། སློབ་གླིང་ནི་ཧྲན་ཞི་ཞིང་ཆེན་འབྲིང་རིམ་ལས་རིགས་ཡུལ་སྐོར་རིགས་ཀྱི་ཆེད་ལས་རྐང་འཛིན་དགེ་རྒན་གྱི་གསོ་སྦྱོང་རྟེན་གཞི་ཡིན།

3 སློབ་ཁྲིད་འཛུགས་སྐྲུན།

དཔུང་ཁག་འཛུགས་སྐྱོང་། སྤྱི་ལོ2020ལོའི་ཟླ4པར་མཐོ་རིམ་ལས་རིགས་སློབ་གྲྭའི“གཉིས་མཁས་རྣམ་པའི”དགེ་རྒན་དཔུང་ཁག་འཛུགས་སྐྱོང་གི་དཔེ་མཚོན་ཁག་དང་པོའི་ནང་ཚུད་ཡོད་པ་རེད།

མཐོ་རིམ་ལས་རིགས་སློབ་གསོའི་གསར་གཏོད་འཕེལ་རྒྱས་བྱ་སྤྱོད་འཆར་གཞིའི(སྤྱི་ལོ2015ལོ་ནས་སྤྱི་ལོ2018ལོའི་བར)རྣམ་གྲངས་གཏན་འཁེལ་གྱི་རྐང་འཛིན་ཆེད་ལས་ནི་ཡུལ་སྐོར་སྣེ་ཤན་པ་དང་ཡུལ་སྐོར་དོ་དམ་ཡིན།

4 སྡེ་ཁག་དང་ཚན་པའི་སྒྲིག་བཀོད།

སྡེ་ཁག་དྲུག་དང་ཚན་པ་གཅིག་ཡོད་པ་སྟེ།

ཡུལ་སྐོར་ལས་དོན་དོ་དམ་སྡེ་ཁག་དང་། ཟ་ཁང་དོ་དམ་སྡེ་ཁག ཕྱི་སྐད་སྡེ་ཁག ཡུལ་སྐོར་འཆར་འགོད་སྡེ་ཁག དེང་རབས་ཆ་འཕྲིན་སྡེ་ཁག ཡུལ་སྐོར་སྒྱུ་རྩལ་སྡེ་ཁག རྨང་གཞིའི་ཚན་པ་བཅས་ཡིན།

ཆེད་ལས།

ཡུལ་སྐོར་སྣེ་ཤན་པ་དང་། མགྲོན་ཁང་དོ་དམ། ཡུལ་སྐོར་དོ་དམ། ཡུལ་སྐོར་དབྱིན་ཡིག ཡུལ་སྐོར་འཇར་ཡིག ཡུལ་སྐོར་འཇར་མན་སྐད། ཉེར་སྤྱོད་ཧྥ་རན་སེའི་སྐད། ཉེར་སྤྱོད་ལྷོ་ཁོ་རེ་ཡའི་སྐད། ཉེར་སྤྱོད་འཇར་མན་གྱི་སྐད། ཡུལ་སྐོར་སྣེ་ཤན་པ(སི་ཕེན་གྱི་སྐད)མཁའ་དབྱིངས་ཀྱི་ཞབས་ཞུ། དེང་རབས་ཟོག་འགྲེམས། ཡུལ་སྐོར་ལས་དོན་དོ་དམ།     བརྡ་ཁྱབ་ཇུས་འགོད། ཁོར་ཡུག་སྒྱུ་རྩལ་ཇུས་འགོད། རྩིས་གཉེར་པ།

གཙོ་གནད་ཆེད་ལས།

ཡུལ་སྐོར་སྣེ་ཤན་པ། མགྲོན་ཁང་དོ་དམ་ཆེད་ལས། ཡུལ་སྐོར་དབྱིན་ཡིག སྐད་རིགས་ཆུང་བའི་ཆེད་ལས།

5 དགེ་རྒན་གྱི་དཔུང་སྡེ།

སློབ་གླིང་ལ་གྲུབ་ཚུལ་ལུགས་མཐུན་དང་། སྤུས་ཀ་ལེགས་པ། ཆེད་ལས་དང་ཞོར་གཏོགས་ཟུང་འབྲེལ་གྱི་དགེ་རྒན་དཔུང་ཁག་ཅིག་ཡོད། ཁྱོན་མི278ཡོད་པ་དང་། ཆེད་ལས་ཀྱི་རྨང་གཞིའི་སློབ་ཚན་དང་ཆེད་ལས་སློབ་ཚན་གྱི་དགེ་རྒན་ཡོངས་ལ་ལས་རིགས་ཀྱི་ཐོབ་ཐང་ལག་ཁྱེར་ཡོད། དགེ་རྒན་ཁྲོད་ཞིབ་འཇུག་སློབ་མའི་སློབ་གཉེར་བརྒྱུད་རིམ་དང་རབ་འབྱམས་པའི་བསླབ་གནས་ཡན་གྱི་དགེ་རྒན་མི་གྲངས་ཀྱིས་དགེ་རྒན་བསྡོམས་གྲངས་ཀྱི65.8%བཟུང་ཡོད།

6 སློབ་ཁྲིད་ཚན་ཞིབ།

ཐའེ་ཡོན་ཡུལ་སྐོར་ལས་རིགས་སློབ་གླིང་གིས་མི་སྣ་གསོ་སྐྱོང་གི་ཁོར་ཡུག་ལེགས་སུ་གཏོང་རྒྱུར་གཞོལ་བཞིན་ཡོད། སྔོན་ཐོན་གྱི་མཁྲེགས་ཆས་སྒྲིག་བཀོད་ཀྱི་རྨང་གཞིའི་ཐོག གསར་གཏོད་ཡར་བརྩོན་དང་བསྒྱུར་བཅོས་གསར་གཏོད་ཀྱི་སྙིང་སྟོབས་དར་སྤེལ་དང་། གཟབ་ནན་བདེན་འཚོལ། མཐུན་སྒྲིལ་རོགས་ལས་ཀྱི་སྤྱོད་ཚུལ། དཀའ་སྤྱད་སྦྱོང་བརྡར་དང་། བློ་ཐག་ཆོད་པོས་ཤེས་ལྡན་མི་སྣར་འགྱུར་བའི་སློབ་སྲོལ་ཞིག་ཆགས་པར་བྱས་ཏེ། རང་རེའི་སློབ་གྲྭའི་ཁྱད་ཆོས་ལྡན་པའི་སློབ་རའི་རིག་གནས་ཤུགས་ཆེན་པོས་བསྐྲུན་བཞིན་ཡོད། “སྒྲིག་ཁྲིམས་ནན་པོར་བརྟེན་ནས་དོ་དམ་བྱེད་པ་དང་བླ་ན་མེད་པའི་བསམ་བློས་མིར་ཁྲིད་སྟོན་བྱེད་པ། བྱམས་བརྩེའི་ཐུགས་ཁུར་གྱིས་མི་སེམས་འགུག་པ། མཛེས་སྡུག་ལྡན་པའི་ཁོར་ཡུག་ལ་ཤུགས་རྐྱེན་བཟང་པོ་ཐེབས་སུ་འཇུག་པ། ཁྱད་དུ་འཕགས་པའི་སྒྱུ་རྩལ་ལ་བརྟེན་ནས་མི་གཤིས་གསར་བཟོ་བྱེད་པར་ཚོད་དཔག་བྱེད་པའི” རིག་གནས་རྒྱབ་ལྗོངས་འདི་རིགས་ཀྱི་རྒྱབ་སྐྱོར་འོག་སྒྲིག་སྲོལ་ལམ་ལུགས་བཟོས་ནས་དགེ་སློབ་ཀྱི་བྱ་སྤྱོད་ཚད་ལྡན་དུ་གཏོང་མུས་སུ་ཡོད་དོ།།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-08-05

གསར་སྤེལ་མཁན། :མཁའ་འབུམ་བཀྲ་ཤིས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།