ཧྲང་ཧའེ་བཟོ་རྩལ་མཛེས་རྩལ་ལས་རིགས་སློབ་གླིང་།

སྤྱི་ལོ1960ལོའི་ཟླ4པར། ཧྲང་ཧའེ་གྲོང་ཁྱེར་གྱི་བཟོ་རྩལ་མཛེས་རྩལ་སློབ་གྲྭ་བཙུགས།
སྤྱི་ལོ1966ལོར་སློབ་གྲྭ་གཉེར་མཚམས་བཞག
སྤྱི་ལོ1994ལོར་སློབ་གྲྭ་དེ“ཧྲང་ཧའེ་གྲོང་ཁྱེར་ཡང་བའི་བཟོ་ལས་ཅུས་གཉིས་པའི་ཤེས་དཔལ་ཚན་པར”བདམས།
སྤྱི་ལོ2000ལོར་སློབ་གྲྭ་དེ“རྒྱལ་ཁབ་རིམ་པའི་གཙོ་གནད་འབྲིང་རིམ་ཆེད་ལས་སློབ་གྲྭར”བདམས།
སྤྱི་ལོ2001ལོའི་ཟླ4པར། ཧྲང་ཧའེ་གྲོང་ཁྱེར་ཁྱིམ་ཆས་ཀུང་སིའི་ལས་བཟོ་བའི་འབྲིང་རིམ་ཆེད་ལས་སློབ་གྲྭ་ཧྲིལ་བོ་ཧྲང་ཧའེ་གྲོང་ཁྱེར་གྱི་བཟོ་རྩལ་མཛེས་རྩལ་སློབ་གྲྭར་ཟླསྒྲིལ་བཏང་།
སྤྱི་ལོ2012ལོར་སློབ་གླིང་གིས“འཕུར་མཆོང་འཆར་གཞི(རྗེས་སུ་དཔེ་སྟོན་འཛུགས་སྐྲུན)”ལག་ལེན་བསྟར་འགོ་ཚུགས།
སྤྱི་ལོ2013ལོར་སློབ་གླིང་ལ་རྒྱལ་ཡོངས་ལས་རིགས་སློབ་གསོའི་སྔོན་ཐོན་ཚན་པའི་མཚན་སྙན་ཐོབ།
སྤྱི་ལོ2017ལོར་སློབ་གསོ་པུའུ་ཡིས་སློབ་གླིང་དེ་རྒྱལ་ཡོངས་ཀྱི་གསར་གཏོད་ལས་གཏོད་ཀྱི་དཔེ་མཚོན་ཉམས་མྱོང་གི་མཐོ་སློབ50ཡི་གྲས་སུ་གཏན་འཁེལ་བྱས།
སྤྱི་ལོ2019ལོའི་ཟླ7པར་སློབ་གསོ་པུའུ་ཡིས་སློབ་གླིང་དེ་རྒྱལ་ཁབ་ཀྱི་སྤུས་ལེགས་ཆེད་ཚན་མཐོ་རིམ་ལས་རིགས་སློབ་གླིང་དུ་གཏན་འཁེལ་བྱས།
སྤྱི་ལོ2017ལོའི་ཟླ9པར་སློབ་གྲྭའི་གཞུང་ཕྱོགས་དྲ་བའི་ཆ་འཕྲིན་ཐོག་ནས་མངོན་པར་གཞིགས་ན། སློབ་གླིང་དུ་ཆེད་བསྐོས་དགེ་རྒན220ལྷག་ཡོད་པ་དང་། དགེ་རྒན་ཆེན་མོ(ཞིབ་འཇུག་པ)12 དགེ་རྒན་ཆེན་མོ་གཞོན་པ75 ཀྲུང་གོའི་བཟོ་རྩལ་མཛེས་རྩལ་མཁས་པ4བཅས་ཡོད། ཞིང་ཆེན་དང་གྲོང་ཁྱེར་རིམ་པའི་བཟོ་རྩལ་མཛེས་རྩལ་ཆེན་མོ་བ11དང་བཟོ་རྩལ་དགེ་རྒན11 ཧྲང་ཧའེ་མཐོ་སློབ་ཀྱི་གྲོང་ཁྱེར་རིམ་པའི་སློབ་ཁྲིད་ཚོགས་པའི་སྣེ་ཁྲིད་པ3བཅས་ཆེད་ལས་དགེ་རྒན70%ལ“རྒན་གཉིས”ཀྱི་ཐོབ་ཐང་འཛིན་ཡིག་རེག་ཡོད། ཆེད་ལས་དགེ་རྒན་ཁག་གཅིག་ཁེ་ལས་སུ་གོ་གནས་འཁུར་བ་དང་གནས་སྦྱར་བྱས། ཁེ་ལས་ནས་ཡོང་བའི་དགེ་རྒན་གྱིས་འགན་འཁུར་བའི་སློབ་ཚན་གྱིས་ཆེད་ལས་ཀྱི་སྤྱིའི་སློབ་ཚན་གྱི30%ཡན་ཟིན།
སྤྱི་ལོ2017ལོའི་ཟླ9པར་སློབ་གྲྭའི་གཞུང་ཕྱོགས་དྲ་བའི་ཆ་འཕྲིན་ཐོག་ནས་མངོན་པར་གཞིགས་ན། སློབ་གླིང་ལ་ཀྲུང་དབྱང་ནོར་སྲིད་ཀྱིས་རྒྱབ་སྐྱོར་བྱེད་པའི་རྒྱལ་ཁབ་རིམ་པའི་གཙོ་གནད་དཔེ་སྟོན་ཆེད་ལས4དང་ཧྲང་ཧའེ་གྲོང་ཁྱེར་ནོར་སྲིད་ཀྱིས་རྒྱབ་སྐྱོར་བྱེད་པའི་རྒྱལ་ཁབ་རིམ་པའི་གཙོ་གནད་དཔེ་སྟོན་ཆེད་ལས5ཡོད། ཧྲང་ཧའེ་གྲོང་ཁྱེར་གྱི་གཙོ་གནད་ཆེད་ལས1དང་། ཧྲང་ཧའེ་གྲོང་ཁྱེར་རིམ་པའི་གསོ་སྦྱོང་རྟེན་གཞི6 རྒྱལ་ཁབ་རིམ་པའི་སྤུས་ལེགས་སློབ་ཚན2དང་། ཧྲང་ཧའེ་གྲོང་ཁྱེར་གྱི་སྤུས་ལེགས་སློབ་ཚན15ཡོད།
སློབ་གསོ་པུའུ085ལས་གྲྭའི་གཙོ་གནད་འཛུགས་སྐྲུན་ཆེད་ལས་ནི་བཟོ་རྩལ་མཛེས་རྩལ་ཡིན།
ཧྲང་ཧའེ་གྲོང་ཁྱེར་གྱི་གཙོ་གནད་ཆེད་ལས་ནི་གྱོན་ཆས་དང་གྱོན་ཆས་ཇུས་འགོད།
ཧྲང་ཧའེ་གྲོང་ཁྱེར085ལས་གྲྭའི་གཙོ་གནད་འཛུགས་སྐྲུན་གྱི་ཆེད་ལས་ནི་ཁོར་ཡུག་སྒྱུ་རྩལ་ཇུས་འགོད་དང་ཁང་པའི་ནང་གི་སྒྱུ་རྩལ་ཇུས་འགོད་ཡིན།
གསོ་སྦྱོང་རྟེན་གཞི་ནི་རྒྱལ་ཡོངས་ཀྱི་མཐོ་རིམ་ལས་རིགས་དང་མཐོ་རིམ་ཆེད་ཚན་གྱི་དགེ་རྒན་གསོ་སྦྱོང་རྟེན་གཞི་དང་ཀྲུང་གོའི་བཟོ་རྩལ་མཛེས་རྩལ་མཐོ་རིམ་ཤེས་ལྡན་པ་གསོ་སྦྱོང་རྟེན་གཞི་ཡིན།
སྤྱི་ལོ2017ལོའི་ཟླ9པར་སློབ་གྲྭའི་གཞུང་ཕྱོགས་དྲ་བའི་ཆ་འཕྲིན་ཐོག་ནས་མངོན་པར་གཞིགས་ན། སློབ་གླིང་དུ་སློབ་གྲྭ་རིམ་པའི་ཞིབ་འཇུག་ཁང2ཡོད།
སློབ་གྲྭ་རིམ་པའི་ཞིབ་འཇུག་སུའོ། ཟུར་གསུམ16+Nགྲོང་ཁྱེར་གྱི་བཟོ་རྩལ་མཛེས་རྩལ་ཐོན་སློབ་ཞིབ་འཇུག་གསར་སྤེལ་ལྟེ་གནས།
སྤྱི་ལོ2015ལོར་སློབ་གྲྭས་ཚན་རིག་ཞིབ་འཇུག་གི་ཞིབ་འཇུག་བྱ་གཞི48བཙུགས་ཡོད། དེའི་ནང་ཧྲང་ཧའེ་གྲོང་ཁྱེར་གྱི་རིགས་ཁག་གི་གཞུང་ཕྱོགས19དང་། འཕྲེད་ཕྱོགས་ཀྱི་ཞིབ་འཇུག་བྱ་གཞི7སྒོ་ར་རིམ་པའི་ཞིབ་འཇུག་བྱ་གཞི22བཅས་ཡོད། ཡོངས་བསྒྲགས་དུས་དེབ་སྣ་ཚོགས་ཐོག་དཔྱད་རྩོམ80སྤེལ་ཡོད།
སྤྱི་ལོ2017ལོའི་ཟླ9པར་སློབ་གྲྭའི་གཞུང་ཕྱོགས་དྲ་བའི་ཆ་འཕྲིན་ཐོག་ནས་མངོན་པར་གཞིགས་ན། ཧྲང་ཧའེ་བཟོ་རྩལ་མཛེས་རྩལ་ལས་རིགས་སློབ་གླིང་དཔེ་མཛོད་ཁང་དུ་གློག་རྡུལ་དཔེ་དེབ་དང་། དུས་དེབ། བསླབ་གནས་དཔྱད་རྩོམ། གྲགས་ཅན་དགེ་རྒན་གྱི་འཆད་སྟེགས། བརྙན་ལམ་སོགས་ནང་དོན་ལྡན་པའི་གློག་རྡུལ་ཚད་ལྡན་ཡིག་ཆའི་ཐོན་ཁུངས་ཁྲི་བཅུ་ཕྲག་ཁ་ཤས་ཉར་ཚགས་བྱས་ཡོད།
ཀུན་སྤྱོད་བཟང་བ། ལག་རྩལ་བཟང་བ། མཛེས་སྡུག་ལྡན་པ། སྤྱོད་གོ་ཆོད་པ་བཅས་བྱ་དགོས།
ཏང་ཨུའི་ཧྲུའུ་ཅི། ཞུས་ཐའོ།
ཡོན་ཀྲང་། ཚང་ཕིང་།
ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་འགོ་འཛིན་གཞོན་པ། ཚའེ་ཧུང་།
ཡོན་ཀྲང་གཞོན་པ། དབྱང་པོ།
བརྡ་འགྲེལ་གདོང་འཛར།
ཀློག་གྲངས། : 0
རྩོམ་སྒྲིག་ཁ་གྲངས།:1 སྔ་མའི་པར་གཞི།
ཉེ་ཆར་དག་བཅོས།:2020-08-05
གསར་སྤེལ་མཁན། :ཁྲི་པདྨ་རྣམ་རྒྱལ།