ཏུན་ཧོང་གྲོང་ཁྱེར།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཏུན་ཧོང་གྲོང་ཁྱེར།
ཏུན་ཧོང་ནི་ཀན་སུའུ་ཞིང་ཆེན་གྱི་རྫོང་རིམ་པའི་གྲོང་ཁྱེར་དང་། ཅིའུ་ཆོན་གྲོང་ཁྱེར་གྱིས་ཚབ་བྱས་ནས་དོ་དམ་བྱས་ཡོད་ཅིང་། རྨ་ནུབ་དོག་ལམ་གྱི་ནུབ་ཕྱོགས་སུ་གནས་ཡོད། དེ་ནི་ཀན་སུའུ་དང་། མཚོ་སྔོན། ཤིན་ཅང་བཅས་ཞིང་ཆེན(རང་སྐྱོང་ལྗོངས)གསུམ་གྱི་འབྲེལ་མཚམས་སུ་གནས་ཡོད་ལ། ཤར་གྱི་གཞུང་ཐིག92°13′—95°30′དང་། བྱང་གི་འཕྲེད་ཐིག39°40′—41°40′བར་དུ་གནས་ཡོད། སྤྱིའི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ་ཁྲི་ཚོ3.12ཡོད། ཏུན་ཧོང་ནི་དར་གོས་ལམ་བུའི་མཚམས་ཚིགས་གྲོང་ཁྱེར་ཞིག་ཡིན། “ཏུན་ཧོང་གི་བྲག་ཕུག”དང“ཏུན་ཧོང་གི་ལྡེབས་རིས”ལ་བརྟེན་ནས་གནམ་འོག་ཏུ་སྐད་གྲགས་ཆོད་ཅིང་། དེ་ནི་འཛམ་གླིང་ཤུལ་བཞག་གི་མོ་ཀའོ་བྲག་ཕུག་དང་ཧན་གྱི་ལྕགས་རི་རིང་པོའི་མཐའ་མཚམས་ཀྱི་ཡུས་མོན་ཀོན་དང་དབྱང་ཀོན་གྱི་གནས་ཡུལ་ཡིན། སྤྱི་ལོ2012ལོར“སྤྱི་ལོ2012ལོའི་ལོ་འཁོར་གྱི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་གྲོང་ཁྱེར་རྩེ་གྲ200”ཡི་གྲས་སུ་ཚུད་པ་ནི་རྒྱལ་ཁབ་ཀྱི་ལོ་རྒྱུས་རིག་གནས་ཀྱི་གྲགས་ཅན་གྲོང་ཁྱེར་ཞིག་རེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
敦煌
ཕྱི་ཡིག་གི་མིང་།
Dunhuang
གནས་ཡུལ།
ཀན་སུའུ་ཞིང་ཆེན་གྱི་ནུབ་བྱང་རྒྱུད།
ནམ་ཟླ།
དྲོད་རྒྱུན་དུས་རླུང་ནམ་ཟླ།
ས་ཁོངས་ཁ་པར་ཨང་རྟགས།
0937
སྦྲག་སྲིད་ཨང་རྟགས།
736200
སྲིད་འཛིན་ཚབ་ཨང་།
620982
རླངས་འཁོར་ཚབ་ཨང་།
ཀན(甘)F
ནམ་ཟླ།
དྲོད་རྒྱུན་དུས་རླུང་ནམ་ཟླ།
མཛེས་ལྗོངས་གྲགས་ཅན།
མའོ་ཀའོ་བྲག་ཕུག མིང་ཧྲ་རི་བོ། ཡུའེ་ཡ་ཆུ་མིག ཡུས་མོན་འགག་སྒོ། དབྱང་ཀོན་འགག་སྒོ།
མེ་འཁོར་འབབ་ཚུགས།
ཏུན་ཧོང་འབབ་ཚུགས།
གནམ་གྲུ་ཐང་།
ཏུན་ཧོང་གནམ་གྲུ་ཐང་།
རྒྱ་ཁྱོན།
31200 km²
གནས་ཡུལ།
ཀན་སུའུ་ཞིང་ཆེན་གྱི་ནུབ་བྱང་རྒྱུད།
ཁོངས་གཏོགས་ས་ཁུལ།
ཀན་སུའུ་ཞིང་ཆེན་ཅིའུ་ཆོན་གྲོང་ཁྱེར།
མངའ་ཁོངས།
གྲོང་རྡལ9ཡོད།
སྲིད་འཛིན་ས་ཁུལ་གྱི་རིགས་དབྱེ།
རྫོང་རིམ་པའི་གྲོང་ཁྱེར།
1 ​ལོ་རྒྱུས་འཕེལ་རིམ། 

སྤྱི་ལོ1949ལོར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་རྗེས་ཏུན་ཧོང་ནི་ཐོག་མཐའ་བར་གསུམ་དུ་རྫོང་དཔོན་གནས་ཡུལ་ཡིན། སྤྱི་ལོ1986ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སླར་ཡང“ཀྲུང་གོའི་ལོ་རྒྱུས་རིག་གནས་ཀྱི་གྲོང་ཁྱེར་གྲགས་ཅན”ཞེས་མིང་བཏགས་ཡོད། སྤྱི་ལོ1987ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད་རྫོང་ཕྱིར་འཐེན་བྱས་ཏེ་ཏུན་ཧོང་གྲོང་ཁྱེར་བཙུགས།

སྤྱི་ལོ2011ལོའི་ལོ་འགོར། དབྱང་ཅ་ཆའོ་ཡུལ་ཚོ་མེད་པར་བཟོས་ནས་ཡུའེ་ཡ་ཆོན་གྲོང་རྡལ(སྤྱི་ལོ2010ལོའི་ལོ་མཇུག་ཏུ་ཞིང་ཆེན་དམངས་སྲིད་ཐིང་གིས་མཆན་བཀོད་བཀའ་ལན)བཙུགས། ལེགས་སྒྲིག་བྱས་རྗེས་གྲོང་ཁྱེར་དེ་ཡོངས་ཀྱི་ཁོངས་གཏོགས་སུ་གྲོང་རྡལ7དང་ཤང2ཡོད་པ་སྟེ། ཆི་ལི་གྲོང་རྡལ་དང་། ཧྲ་ཀྲོའུ་གྲོང་རྡལ། སུའུ་ཀྲོའུ་གྲོང་རྡལ། མོ་ཀའོ་གྲོང་རྡལ། ལན་ཆུས་ཁོའུ་གྲོང་རྡལ་ཡུལ་ཚོ། དབྱང་ཀོན་གྲོང་རྡལ། གཡོད་ཡ་ཆོན་གྲོང་རྡལ། ཀུའོ་ཅ་པའོ་ཡུལ་ཚོ། ཧོང་ཆུས་ཡུལ་ཚོ་བཅས་ཡོད་པ་རེད། གྲོང་ཁྱེར་སྲིད་གཞུང་ནི་བྱེ་གླིང་གྲོང་རྡལ་དུ་བཅའ་སྡོད་བྱས་ཡོད། 

སྤྱི་ལོ2015ལོར། ཞིང་ཆེན་དམངས་སྲིད་ཐིང(ཀན་མིང་ཧྥུའོ[སྤྱི་ལོ2015]ཡིག་ཨང་50པ)གིས་ཀུའོ་ཅ་པའོ་ཤང་དང་ཧོང་ཆུས་ཡུལ་ཚོ་མེད་པར་བཟོས་ནས་ཀུའོ་ཅ་པའོ་གྲོང་རྡལ་དང་ཧོང་ཆུས་གྲོང་རྡལ་འཛུགས་རྒྱུར་ཆོག་མཆན་གནང་བ་རེད།

2 སྲིད་འཛིན་ས་ཁུལ་གྱི་དབྱེ་མཚམས། 

སྤྱི་ལོ2019ལོའི་བར་ཏུན་ཧོང་གྲོང་ཁྱེར་ཁོངས་གཏོགས་སུ་གྲོང་རྡལ9ཡོད་པ་དང་གཞན་ཡང་རྟེན་གཞི1བཙུགས་ཡོད། གྲོང་ཁྱེར་སྲིད་གཞུང་ནི་ཧྲ་ཀྲིག་གྲོང་རྡལ་དུ་བཅའ་སྡོད་བྱས་ཡོད། 

3 ས་ཁམས་ཁོར་ཡུག
3_1 གནས་སའི་ཡུལ་ཁོངས། 

ཏུན་ཧོང་གྲོང་ཁྱེར་ནི་ཀན་སུའུ་ཞིང་ཆེན་གྱི་ནུབ་བྱང་རྒྱུད་དུ་གནས་ཤིང་། ཤར་ནུབ་སོ་སོར་ཀྭ་ཀྲོའུ་རྫོང་དང་། སུའུ་པེ་སོག་རིགས་རང་སྐྱོང་རྫོང་། ཨ་ཁེ་སའེ་ཧ་སག་རང་སྐྱོང་རྫོང་བཅས་དང་འབྲེལ་ཡོད། ཏུན་ཧོང་ནི་ཀན་སུའུ་དང་། མཚོ་སྔོན། ཤིན་ཅང་བཅས་ཞིང་ཆེན(རང་སྐྱོང་ལྗོངས)གསུམ་གྱི་འབྲེལ་མཚམས་སུ་གནས་ཡོད། ཤར་ན་སན་ཝེ་རི་བོ་དང་། ལྷོ་ན་མེན་ཧྲ་རི་བོ་ཡོད། ནུབ་ཕྱོགས་ནི་བྱེ་ཐང་དང་ལའོ་པུའུ་མཚེའུ་དང་འབྲེལ་ཞིང་། བྱང་ཕྱོགས་ནི་མྱ་ངམ་ཐང་ཡིན། ཤར་གྱི་གཞུང་ཐིག92°13′—95°30′དང་། བྱང་གི་འཕྲེད་ཐིག39°40′—41°40′ཡི་བར་དུ་གནས་ཡོད། སྤྱིའི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ་ཁྲི་ཚོ3.12ཡོད་པ་དང་། དེའི་ནང་སྤང་ལྗོངས་ཀྱི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ1400ཡོད་པ་དེས་སྤྱིའི་རྒྱ་ཁྱོན་གྱི4.5%ལས་ཟིན་མེད།

3_2 ནམ་ཟླ། 

ཏུན་ཧོང་གྲོང་ཁྱེར་གྱི་དཔེ་མཚོན་ལྡན་པའི་དྲོད་ཁུལ་གྱི་ཐན་པ་ཆེ་བའི་གནམ་གཤིས་ལ་གཏོགས། གནམ་གཤིས་སྐམ་ཤས་ཆེ་ལ་ཆར་པ་འབབ་ཚད་ཉུང་ལ་རླངས་པར་འགྱུར་ཚད་ཆེ།

4 མི་གྲངས། 

སྤྱི་ལོ2019ལོའི་ལོ་མཇུག་བར་ཏུན་ཧོང་གྲོང་ཁྱེར་གྱི་རྒྱུན་སྡོད་མི་གྲངས་ཁྲི19.18ཡོད་པས་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་གྱུར་ཚད69.45%ཟིན་པ་དང་། ལོ་ཧྲིལ་པོར་མི་1462སྐྱེས་པ་དང་སྐྱེས་ཚད་9.87%ཟིན་ནས་སྟོང་ཆའི0.19འཕར་བ་དང་། མི843ཤི་བ་དང་ཤི་ཚད5.69‰ཟིན་ནས་སྟོང་ཆའི0.23ཆག་ཡོད།

5 ཆབ་སྲིད། 

ཅིའུ་ཆོན་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན། ཏུན་ཧོང་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི། ཁྲེན་ཡན་རེན།

གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་གཞོན་པ་གྲོང་ཁྱེར་སྲིད་གཞུང་གི་ཧྲི་ཀྲང་། ཅ་ཐའེ་པིན།

གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་མཛེས་ལྗོངས་ཁུལ་ཆེ་མོའི་དོ་དམ་ཨུ་ལྷན་གྱི་ཀྲུའུ་རེན། ལི་ཁྲུན་ལིན།

གྲོང་ཁྱེར་ཏང་ཨུའི་རྒྱུན་ལས་ཨུ་ཡོན། སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི། ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན། ལིའུ་ཅུན་ཏེ།

གྲོང་ཁྱེར་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཝང་ཨའེ་ཝེ།

གྲོང་ཁྱེར་ཏང་ཨུའི་རྒྱུན་ཨུ་དང་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི། ཚའོ་ཡན་ཅུན།

གྲོང་ཁྱེར་ཏང་ཨུའི་རྒྱུན་ཨུ་དང་རྒྱུན་ལས་ཧྲི་ཀྲང་གཞོན་པ། ཝང་ཞུང་ཆི།

གྲོང་ཁྱེར་ཏང་ཨུའི་རྒྱུན་ཨུ་དང་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་། མ་ཧུའེ་ཅུན།

གྲོང་ཁྱེར་ཏང་ཨུའི་རྒྱུན་ཨུ་དང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་། ཀྲང་ཧའེ་རུང་།

གྲོང་ཁྱེར་ཏང་ཨུའི་རྒྱུན་ཨུ་གྲོང་ཁྱེར་ཏང་ཨུའི་གཞུང་དོན་ཁང་གི་ཀྲུའུ་རེན། ཞི་ཧྲང་ཁྲེང་།

གྲོང་ཁྱེར་ཏང་ཨུའི་གྲོང་ཁྱེར་སྲིད་གཞུང་གི་ཧྲི་ཀྲང་གཞོན་པ། ཁྲེན་ཡུན།

གྲོང་ཁྱེར་ཏང་ཨུའི་རྒྱུན་ཨུ་རྩ་འཛུགས་པུའུ་ཡི་པུའུ་ཀྲང་། ལི་ཧྲེང་ཝེ།

6 དཔལ་འབྱོར། 

སྤྱི་ལོ2019ལོར་ཏུན་ཧོང་གྲོང་ཁྱེར་དུ་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར81.78ཡོད་པས་འགྱུར་མེད་རིན་གོང་དུས་མཚུངས་ལས4.04%འཕར་ཡོད། དེའི་ནང་ཐོན་ལས་དང་པོའི་འཕར་ཐང་སྒོར་དུང་ཕྱུར9.94ཡོད་པ་དེ་དུས་མཚུངས་ལས5.56%འཕར་བ་དང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར18.72ཡོད་པ་དེ་དུས་མཚུངས་ལས0.6%ཆག་པ་དང་། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར53.12ཡོད་པ་དེ་དུས་མཚུངས་ལས4.91%འཕར་བ་དང་ཐེངས་གསུམ་གྱི་ཐོན་ལས་གྲུབ་ཆ12.16:22.89:64.95བྱུང་ཡོད། མི་རེའི་ཆ་སྙོམས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར42716(སྤྱི་ལོ2019ལོར། ཏུན་ཧོང་གྲོང་ཁྱེར་གྱི་ལོ་རེའི་ཆ་སྙོམས་རྒྱུན་སྡོད་མི་གྲངས་ཁྲི19.145ཡིན་པས་ལོ་གོང་མ་ལས་སྒོར2401འཕར་ཡོད། 

7 འགྲིམ་འགྲུལ་སྐྱེལ་འདྲེན། 

སྤྱི་ལོ2019ལོར། ཏུན་ཧོང་གྲོང་ཁྱེར་གྱི་འགྲིམ་འགྲུལ་སྐྱེལ་འདྲེན་དང་། མཛོད་ཉར། སྦྲག་ལས་བཅས་ཀྱི་འཕར་ཐང་སྒོར་དུང་ཕྱུར7ཡོད་པ་དེ་དུས་མཚུངས་ལས4.18%འཕར་ཡོད། གྲོང་ཁྱེར་ཡོངས་ཀྱི་གཞུང་ལམ་ལམ་ཚད་སྤྱི་ལེ3003.50ཟིན་ཡོད། 

8 མཛེས་ལྗོངས་གྲགས་ཅན། 

“འགག་སྒོ་གཉིས་ཀྱི་རྗེས་ཤུལ། སངས་རྒྱས་སྟོང་སྐུའི་བྲག་རྡོ། ཉེན་ཁའི་རི་བོ་ཤར་ཕྱོགས་སུ་ལངས་པ། ཏང་ཆུ་བྱང་དུ་བཞུར་བ། ཡུའེ་ཆོན་ཁྲེ། གནའ་གྲོང་དགོང་མོ། འཚེམ་དྲུབས་དཔྱིད་རྨོ། ཧྲ་ལིན་གྱི་གནམ་ངོ་དྭངས” ཏུན་ཧོང་གི་ཡུལ་ལྗོངས་བརྒྱད་ཅེས་འབོད། ཏུན་ཧོང་དང་། ཕིང་ཡའེ། ཧྥེང་ཧོང་གནའ་གྲོང་། གཟི་ཚ་སྡེ་དགུ་དང་། ཝུའུ་ཀྲེན་དང་། ལི་ཅང་གནའ་གྲོང་། ཆུ་སྣག་ཝུའུ་ཡོན། ཤིན་ཅང་པུར་ཅིན་པའེ་ཧ་པ་གྲོང་ཚོ་བཅས་སྦྲང་རྩིའི་ཟླ་བ་འཆར་སྐབས་ངེས་པར་དུ་ཀྲུང་གོའི་གྲོང་རྡལ་མཛེས་ཤོས་བརྒྱད་ལ་བདམས་ཡོད།

9 གཟི་བརྗིད་མཚན་སྙན། 

སྤྱི་ལོ2020ལོའི་ཟླ་དང་པོར་སྤྱི་ལོ2020ལོའི་ཀྲུང་གོའི་གུས་ལུགས་ཕུལ་བྱུང་རྫོང་དང་གྲོང་ཁྱེར་དུ་བདམས་པ་དང་། སྤྱི་ལོ2020ལོའི་ཀྲུང་གོའི་དཔྱིད་དུས་སྤྲོ་གསེང་རྫོང་དང་གྲོང་ཁྱེར་དུ་བདམས་པ་རེད།

སྤྱི་ལོ2020ལོའི་ཟླ2པར། སྤྱི་ལོ2020ལོར་ཀྲུང་གོའི་བཟའ་བཅའི་བདེ་འཇགས་ཕུལ་བྱུང་རྫོང་དང་གྲོང་ཁྱེར་དུ་བདམས་པ་དང་། སྤྱི་ལོ2020ལོའི་ཀྲུང་གོའི་ཟས་མཆོག་རྫོང་དང་གྲོང་ཁྱེར་དུ་བདམས་ཐོན་བྱུང་བ་རེད།

སྤྱི་ལོ2020ལོའི་ཟླ3པར། སྤྱི་ལོ2020ལོར་ཀྲུང་གོའི་གཉིས་གཏོད་གསོན་ཤུགས་ཕུལ་བྱུང་རྫོང་དང་གྲོང་ཁྱེར་དུ་བདམས་པ་རེད།

སྤྱི་ལོ2020ལོའི་ཟླ4པར། “སྤྱི་ལོ2020ལོའི་ཀྲུང་གོའི་དབྱར་དུས་སྤྲོ་གསེང་ཕུལ་བྱུང་རྫོང་དང་གྲོང་ཁྱེར”དང་སྤྱི་ལོ2020ལོའི་ཀྲུང་གོའི་བདེ་ཐང་ཐོན་ལས་ཕུལ་བྱུང་རྫོང་དང་གྲོང་ཁྱེར་གྱི་མིང་ཐོའི་ནང་བདམས། 

སྤྱི་ལོ2020ལོའི་ཟླ5པར། སྤྱི་ལོ2020ལོར་ཀྲུང་གོའི་ཆུ་གཙང་པོ་ཕུལ་བྱུང་རྫོང་དང་གྲོང་ཁྱེར་དུ་བདམས། 


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-07-31

གསར་སྤེལ་མཁན། :གསེར་ཞང་འཇམ་བསོད།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།