ཏའེ་ཁྲའོ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཏའེ་ཁྲའོ།
ཏའེ་ཁྲའོ་ནི་སྤྱི་ལོ1964ལོའི་ཟླ10པར་སྐྱེས་ཤིང་ཀན་སུའུ་ཅིན་ཐ་ནས་ཡིན། ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭའི་ཞིབ་འཇུག་སློབ་མའི་སློབ་གཉེར་བརྒྱུད་རིམ་ལྡན། སྤྱི་ལོ1989ལོའི་ཟླ7པར་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས། སྤྱི་ལོ1986ལོའི་ཟླ9པར་བྱ་བར་ཞུགས། ད་ལྟ་ཏིང་ཤིས་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་། སྲིད་གཞུང་གི་ཧྲི་ཀྲང་། ཏང་ཙུའུ་ཡི་ཧྲུའུ་ཅི་བཅས་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
戴超
མི་རིགས།
རྒྱ་རིགས།
སྐྱེས་ཡུལ།
ཀན་སུའུ་ཅིན་ཐ།
སྐྱེས་ལོ།
སྤྱི་ལོ1964ལོའི་ཟླ10པ།
བྱ་བར་ཞུགས་ལོ།
སྤྱི་ལོ1986ལོའི་ཟླ9པ།
ཏང་ཞུགས་ཀྱི་ལོ།
སྤྱི་ལོ1989ལོའི་ཟླ7པ།
1 ​བྱ་བའི་བརྒྱུད་རིམ།

སྤྱི་ལོ1984.09—སྤྱི་ལོ1986.09བར། ལན་ཀྲོའུ་རྫས་འགྱུར་བཟོ་ལས་སློབ་གྲྭའི་རང་འགུལ་ཅན་གྱི་དཔྱད་ཆས་ཆེད་ལས་ལ་སློབ་སྦྱོང་བྱས། 

སྤྱི་ལོ1986.09—སྤྱི་ལོ1992.06བར། ཅིའུ་ཆོན་སྦི་རག་བཟོ་གྲྭའི་ལས་མའི་འགན་བཞེས།

སྤྱི་ལོ1992.06—སྤྱི་ལོ1995.01བར། ཅིའུ་ཆོན་སྦི་རག་བཟོ་གྲྭའི་ཏང་གཞུང་ལས་ཁང་གི་ཀྲུའུ་རེན་དང་བཟོ་གྲྭའི་གཞུང་ལས་ཁང་གི་ཀྲུའུ་རེན་གྱི་འགན་བཞེས།

སྤྱི་ལོ1995.01—སྤྱི་ལོ1997.09བར། ཅིའུ་ཆོན་སྦི་རག་བཟོ་གྲྭའི་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་། སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི། བཟོ་གྲྭའི་འགོ་འཛིན་གཞོན་པ་བཅས་ཀྱི་འགན་བཞེས།

སྤྱི་ལོ1997.09—སྤྱི་ལོ1998.02བར། ཅིའུ་ཆོན་སྦི་རག་བཟོ་གྲྭའི་འགོ་འཛིན་གྱི་འགན་བཞེས།

སྤྱི་ལོ1998.02—སྤྱི་ལོ1999.06བར། རྨ་ཆུ་ཚོགས་པ་ཀུང་སིའི་ཅིའུ་ཆོན་ཡན་ལག་ཀུང་སིའི་སྤྱི་ཁྱབ་ཅིང་ལིའི་འགན་བཞེས།  

སྤྱི་ལོ1999.06—སྤྱི་ལོ1999.12བར། རྨ་ཆུ་ཚོགས་པའི་ཀུང་སིའི་སྤྱི་ཁྱབ་ཅིང་ལི་གཞོན་པ་དང་། ཅིའུ་ཆོན་ཡན་ལག་ཀུང་སིའི་སྤྱི་ཁྱབ་ཅིང་ལི་བཅས་ཀྱི་འགན་བཞེས།

སྤྱི་ལོ1999.12—སྤྱི་ལོ2002.10བར། ཡུས་མོན་གྲོང་ཁྱེར་ཏང་ཨུའི་རྒྱུན་ཨུ་དང་ཧྲི་ཀྲང་གཞོན་པའི་འགན་བཞེས།

སྤྱི་ལོ2002.10—སྤྱི་ལོ2006.08བར། ཨན་ཤིས་རྫོང་ཨུའི་ཧྲུའུ་ཅི་གཞོན་པ་དང་རྫོང་དཔོན་གྱི་འགན་བཞེས།

སྤྱི་ལོ2006.08—སྤྱི་ལོ2006.10བར། ཀྭ་ཀྲོའུ་རྫོང་ཨུའི་ཧྲུའུ་ཅི་གཞོན་པ་དང་རྫོང་དཔོན་གྱི་འགན་བཞེས།

སྤྱི་ལོ2006.10—སྤྱི་ལོ2008.05བར། ཀྭ་ཀྲོའུ་རྫོང་ཨུའི་ཧྲུའུ་ཅིའི་འགན་བཞེས།

སྤྱི་ལོ2008.05—སྤྱི་ལོ2008.12བར། ཅིའུ་ཆོན་གྲོང་ཁྱེར་ཏང་ཨུའི་རྒྱུན་ཨུ་དང་ཀྭ་ཀྲོའུ་རྫོང་ཨུའི་ཧྲུའུ་ཅིའི་འགན་བཞེས།

སྤྱི་ལོ2008.12—སྤྱི་ལོ2010.05བར། ཅིའུ་ཆོན་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན་དང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་གི་འགན་བཞེས།

སྤྱི་ལོ2010.05—སྤྱི་ལོ2010.06བར། ལིན་ཞ་ཧུའེ་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན་དང་། ཀྲོའུ་ཀྲང་གཞོན་པའི་འོས་མིའི་འགན་བཞེས།  

སྤྱི་ལོ2010.06—སྤྱི་ལོ2011.10བར། ལིན་ཞ་ཧུའེ་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན་དང་ཁུལ་དཔོན་གཞོན་པའི་འགན་བཞེས།

སྤྱི་ལོ2011.10—སྤྱི་ལོ2015.05བར། ལིན་ཞ་ཧུའེ་རིགས་རང་སྐྱོང་ཁུལ་ཀྲོའུ་ཨུའི་ཧྲུའུ་ཅི་གཞོན་པའི་འགན་བཞེས།

སྤྱི་ལོ2015.05—སྤྱི་ལོ2016.06བར། ཀན་སུའུ་ཞིང་ཆེན་རིག་གནས་ཐོན་ལས་འཕེལ་རྒྱས་ཚོགས་པ་དང་ཀུང་སིའི་ཏང་ཨུའི་ཧྲུའུ་ཅི་བཅས་ཀྱི་འགན་བཞེས།

སྤྱི་ལོ2016.06—སྤྱི་ལོ2017.05བར། ཀན་སུའུ་ཞིང་ཆེན་འཕེལ་སྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ(ཐིང་ཀྲང་རིམ་པ)དང་ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པ་བཅས་ཀྱི་འགན་བཞེས།

སྤྱི་ལོ2017.05—སྤྱི་ལོ2017.06བར། ཏིན་ཞི་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པ་དང་། གྲོང་ཁྱེར་གྱི་འགོ་འཛིན་གཞོན་པ་དང་། གྲོང་ཁྱེར་གྱི་འགོ་འཛིན་ལས་ཚབ། གྲོང་ཁྱེར་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅི་བཅས་ཀྱི་འགན་བཞེས།

སྤྱི་ལོ2017.06—ད་ལྟའི་བར། ཏིང་ཤིས་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་སྲིད་གཞུང་གི་ཧྲི་ཀྲང་དང་ཏང་ཙུའི་ཧྲུའུ་ཅི་བཅས་ཀྱི་འགན་བཞེས།

ཀན་སུའུ་ཞིང་ཆེན་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་གསུམ་པའི་འཐུས་མི།

2 གོ་གནས་བསྐོ་འཐེན།

སྤྱི་ལོ2017ལོའི་ཟླ6པའི་ཚེས13ཉིན། ཏིང་ཤིས་གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཞི་པའི་ཚོགས་འདུ་ཐེངས་གཉིས་པའི་ཐོག་བློ་མཐུན་ཏའེ་ཁྲའོ་ཏིང་ཤིས་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་ཧྲི་ཀྲང་ལ་བདམས་པ་རེད།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-07-31

གསར་སྤེལ་མཁན། :གསེར་ཞང་འཇམ་བསོད།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།