ཆིང་དབྱང་གྲོང་ཁྱེར།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཆིང་དབྱང་གྲོང་ཁྱེར།
ཆིང་དབྱང་གྲོང་ཁྱེར་ནི་ཀན་སུའུ་ཞིང་ཆེན་གྱི་ཁུལ་རིམ་པའི་གྲོང་ཁྱེར་ཞིག་ཡིན། རྒྱུན་དུ“ལུང་ཏུང”ཞེས་འབོད། ཀན་སུའུ་ཞིང་ཆེན་གྱི་ཆེས་ཤར་རྒྱུད་དུ་གནས་ཡོད། ཧྲའན་ཞི་དང་། ཀན་སུའུ། ཉིང་ཞ་བཅས་ཞིང་ཆེན་དང་རང་སྐྱོང་ལྗོངས་གསུམ་གྱི་འབྲེལ་མཚམས་སུ་གནས་ཡོད། ཆིང་དབྱང་གྲོང་ཁྱེར་གྱི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ27119ཡོད། མི་གྲངས་ཁྲི226.66(སྤྱི་ལོ2018ལོའི་ལོ་མཇུག་ཏུ)ཁོངས་སུ་ཆུས1དང་རྫོང7ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
庆阳市
ཕྱི་ཡིག་གི་མིང་།
Qingyang
ཁོངས་གཏོགས་ས་ཁུལ།
ཀྲུང་གོའི་ནུབ་བྱང་ས་ཁུལ།
མངའ་ཁོངས།
ཆུས1དང་། རྫོང7ཡོད།
གནས་ཡུལ།
ཀན་སུའུ་ཞིང་ཆེན་གྱི་ཤར་རྒྱུད།
སྲིད་གཞུང་གནས་ཡུལ།
ཞི་ཧྥེང་ཆུས།
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ27119ཡོད།
མི་གྲངས།
ཁྲི226.66ཡོད།
ནམ་ཟླ།
དྲོད་རྒྱུན་དུས་རླུང་ནམ་ཟླ།
མཛེས་ལྗོངས་གྲགས་ཅན།
ཀྲོའུ་ཙུའུ་ལིང་ནགས་ཚལ་སྤྱི་གླིང་། ཧྭ་ཞ་ཀུང་ལིའུ་ལྷ་ཁང་དང་པོ། ནན་ལིའང་གསར་བརྗེ་སྲིད་གཞུང་གི་གནས་རྙིང་སོགས།
མེ་འཁོར་འབབ་ཚུགས།
ཁྲང་ཆིང་ཟམ་པའི་ས་ཚིགས། ཉིང་རྫོང་ལྷོ་ཚིགས། ཆིང་དབྱང་ས་ཚིགས།
གནམ་གྲུ་ཐང་།
ཆིང་དབྱང་གནམ་གྲུ་ཐང་།
ས་ཁོངས་ཁ་པར་ཨང་རྟགས།
0934
སྦྲག་སྲིད་ཨང་རྟགས།
745000
སྲིད་འཛིན་ཚབ་ཨང་།
621000
རླངས་འཁོར་ཚབ་ཨང་།
ཀན(甘)M
1 ​ལོ་རྒྱུས་འཕེལ་རིམ།

སྤྱི་ལོ1978ལོའི་ཟླ10པར་ཆིང་དབྱང་ས་ཁུལ་སྲིད་འཛིན་ཀུང་ཧྲུའུ་རུ་བསྒྱུར།

སྤྱི་ལོ1986ལོའི་ཟླ་དང་པོར་ཞི་ཧྥེང་གྲོང་ཁྱེར་བཙུགས་པ་དང་། ཆིང་དབྱང་ས་ཁུལ་སྲིད་འཛིན་ཀུང་ཧྲུའུ་ཡི་མངའ་འོག་ཏུ་རྫོང7དང་གྲོང་ཁྱེར1ཡོད།

སྤྱི་ལོ2002ལོའི་ཟླ6པའི་ཚེས22ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཆིང་དབྱང་ས་ཁུལ་དང་རྫོང་རིམ་པའི་ཞི་ཧྥེང་གྲོང་ཁྱེར་གྱིས་ཁུལ་རིམ་པའི་ཆིང་དབྱང་གྲོང་ཁྱེར་འཛུགས་རྒྱུར་མོས་མཐུན་བྱས་ཡོད། ཆིང་དབྱང་གྲོང་ཁྱེར་དུ་ཞི་ཧྥེང་ཆུས་བཙུགས་ནས་དེ་སྔའི་རྫོང་རིམ་པའི་ཞི་ཧྥེང་གྲོང་ཁྱེར་གྱི་སྲིད་འཛིན་ས་ཁོངས་དེ་ཞི་ཧྥེང་ཆུས་ཀྱི་སྲིད་འཛིན་ས་ཁོངས་ཡིན་པ་རེད། ཆིང་དབྱང་རྫོང་ལ་ཆིང་ཁྲེང་རྫོང་ཞེས་མིང་བསྒྱུར། ཆིང་དབྱང་གྲོང་ཁྱེར་ཁོངས་གཏོགས་ཀྱི་དེ་སྔའི་ཆིང་དབྱང་ས་ཁུལ་གྱི་ཀྲེན་ཡོན་རྫོང་དང་། ཧོན་རྫོང་། ཧྭ་ཁྲི་རྫོང་། ཧོ་ཧྲུའེ་རྫོང་། ཉིང་རྫོང་། ཀྲེང་ཉིང་རྫོང་། གསར་དུ་མིང་བརྗེ་བའི་ཆིང་ཁྲེང་རྫོང་བཅས་དང་དེ་བཞིན་གསར་དུ་བཙུགས་པའི་ཞི་ཧྥེང་ཆུས་བཅས་ཡིན་པ་རེད།

2 སྲིད་འཛིན་ས་ཁུལ་གྱི་དབྱེ་མཚམས།

སྤྱི་ལོ2019ལོའི་ཟླ11པའི་བར། ཆིང་དབྱང་གྲོང་ཁྱེར་ཁོངས་གཏོགས་སུ་ཤིས་ཧྥུང་ཆུས་དང་། ཆིང་ཁྲེང་རྫོང་། ཧྭ་ཁྲེ་རྫོང་། ཉིང་རྫོང་། ཀྲེན་ཡོན་རྫོང་། ཧོ་ཧྲུའེ་རྫོང་། ཀྲེང་ཉིང་རྫོང་། ཧོན་རྫོང་སོགས་ཆུས1དང་རྫོང7ཡོད།

3 ས་ཁམས་ཁོར་ཡུག

ཀན་སུའུ་ཞིང་ཆེན་ཆིང་དབྱང་གྲོང་ཁྱེར་གྱི་ཤར་ངོས་སུ་ཧྲའན་ཤིས་ཞིང་ཆེན་ཡན་ཨན་གྲོང་ཁྱེར་དང་འབྲེལ་བ། ལྷོ་ཀན་སུའུ་ཞིང་ཆེན་གྱི་ཅིན་ཁྲོན་རྫོང་དང་ཧྲའན་ཞི་ཞིང་ཆེན་གྱི་ཁྲང་ཝུའུ་དང་པིན་རྫོང་། མུའུ་དབྱི་རྫོང་བཅས་དང་འབྲེལ་ཡོད། བྱང་ཕྱོགས་སུ་ཧྲའན་ཞི་ཞིང་ཆེན་གྱི་ཡུས་ལིན་གྲོང་ཁྱེར་དང་ཉིང་ཞའི་ཡན་ཁྲི་རྫོང་དང་འབྲེལ་བ་ཡོད། ལྗོངས་ནང་ཁུལ་གྱི་ཤར་ནུབ་དབར་སྤྱི་ལེ208ཡོད་པ་དང་ལྷོ་བྱང་དབར་བར་ཐག་སྤྱི་ལེ207ཡོད།

4 འགྲིམ་འགྲུལ་སྐྱེལ་འདྲེན།
4_1 གཞུང་ལམ།

རྒྱལ་ལམ211དང་ཞིང་ཆེན་རིམ་པའི་གཞུང་ལམ202ལྷོ་བྱང་དུ་འབྲེལ་ཡོད། རྒྱལ་ལམ309དང་ཞིང་ཆེན་རིམ་པའི་གཞུང་ལམ303གྱིས་ཤར་ནུབ་འཕྲེད་དུ་བཅད་པ་དེས“གཞུང་གཉིས་འཕྲེད་གཉིས”ཀྱི་གཞུང་ལམ་གྱི་སྒྲོམ་གཞི་གཙོ་བོ་གྲུབ་ཡོད།

5 མི་གྲངས་དང་མི་རིགས།
5_1 མི་གྲངས།

སྤྱི་ལོ2018ལོའི་ལོ་མཇུག་ཏུ་ཆིང་དབྱང་གྲོང་ཁྱེར་གྱི་རྒྱུན་སྡོད་མི་གྲངས་ཁྲི226.66ཡོད་པ་དང་། ལོ་གོང་མ་དང་བསྡུར་ན་མི་ཁྲི1འཕར་མེད་ཅིང་། དེའི་ནང་གྲོང་ཁྱེར་དང་གྲོང་རྡལ་གྱི་མི་གྲངས་ཁྲི87.03ཡོད། རྒྱུན་སྡོད་མི་གྲངས་གྱི་བསྡུར་ཚད(རྒྱུན་སྡོད་མི་གྲངས་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་ཚད)ཟིན་གྲངས38.4%ཟིན་ཡོད། ལོ་ཧྲིལ་པོར་གསར་སྐྱེས་མི་གྲངས་ཁྲི2.64ཡོད་པ་དང་སྐྱེས་ཚད11.63%ཡོད་པ། རྐྱེན་ལམ་དུ་ཤོར་བའི་མི་གྲངས་ཁྲི1.61ཡོད་པས་ཤི་ཚད7.11%ཡོད་པ། རང་བྱུང་འཕར་ཚད4.52ཡིན།

5_2 མི་རིགས།

ཀན་སུའུ་ཞིང་ཆེན་ཆིང་དབྱང་གྲོང་ཁྱེར་ནི་གྲངས་ཉུང་མི་རིགས་ཁ་ཐོར་དང་འདྲེས་སྡོད་ས་ཁུལ་ཞིག་ཡིན། ཧུའེ་རིགས་དང་། བོད། མན་ཇུ་སོགས་གྲངས་ཉུང་མི་རིགས29ཡོད་ཅིང་། ཧུའེ་རིགས་གཙོ་བོ་ཧུའེ་རིགས་ཡིན། གྲངས་ཉུང་མི་རིགས་ཀྱི་མི་གྲངས་གྱིས་གྲོང་ཁྱེར་ཡོངས་ཀྱི་མི་གྲངས་ཁྲི264ཡི0.3%བཟུང་བ་དང་གཙོ་བོ་རྫོང(ཆུས)6གི་མི་རིགས་ཤང1དང་མི་རིགས་གྲོང་ཚོ9ལ་ཁྱབ་ཡོད།

6 དཔལ་འབྱོར་གནས་ཚུལ།

སྤྱི་ལོ2018ལོར་ཆིང་དབྱང་གྲོང་ཁྱེར་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར708.15ཟིན་ཡོད། བསྡུར་གཞི་ཡོད་པའི་རིན་གོང་ལྟར་རྩིས་བརྒྱབ་ན་སྤྱི་ལོ2017ལོ་ལས3.6%འཕར་ཡོད། དེའི་ནང་ཐོན་ལས་དང་པོའི་འཕར་ཐང་སྒོར་དུང་ཕྱུར71.01ཡོད་པས6.5%འཕར་བ་དང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར355.67ཡོད་པས1.5%ཆག་པ། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར281.47ཡོད་པས10.1%འཕར་ཡོད། ཐོན་ལས་དང་པོའི་འཕར་ཐང་གིས་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ནང་ཡོད་པའི་བསྡུར་ཚད་བརྒྱ་ཆའི10.0ཟིན་ཡོད། ཐོན་ལས་གཉིས་པའི་འཕར་ཐང་གི་བསྡུར་ཚད་ནི50.2%ཡོད་པ་དང་ཐོན་ལས་གསུམ་པའི་འཕར་ཐང་གི་བསྡུར་ཚད39.8%ཟིན་ཡོད། རྒྱུན་སྡོད་མི་གྲངས་ལྟར་བརྩིས་ན་མི་རེའི་ཆ་སྙོམས་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར31312ཡོད་པས3.0%འཕར་ཡོད།

7 གཟི་བརྗིད་མཚན་སྙན།

སྤྱི་ལོ2017ལོའི་ཟླ12པའི་ཚེས24ཉིན། ཆིང་དབྱང་སྤྱི་ལོ2017ལོའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་གྲོང་ཁྱེར་སྟོབས་ཆེན200ཡི་ཁོངས་སུ་བདམས། 

སྤྱི་ལོ2018ལོའི་ཟླ4པར“སྤྱི་ལོ2018ལོའི་ཡུལ་སྐོར་དུ་བསྐྱོད་པའི་ཀྲུང་གོའི་གྲོང་ཁྱེར100”གྲས་སུ་བདམས། 

སྤྱི་ལོ2019ལོའི་ཟླ8པའི་ཚེས13ཉིན། རྒྱལ་ཡོངས་ཀྱི་གྲོང་ཁྱེར་སྨན་བཅོས་མཉམ་འབྲེལ་སྒྲིག་གཞི་འཛུགས་པའི་ཚོད་ལྟའི་གྲོང་ཁྱེར་དུ་བདམས། 

སྤྱི་ལོ2019ལོའི་ཟླ11པའི་ཚེས3ཉིན། “ཀྲུང་གོའི་གྲོང་ཁྱེར་གྱི་ལྗང་མདོག་འགྲན་རྩོད་ནུས་པའི་བང་རིམTOP100”ཡོངས་བསྒྲགས་བྱས་པ་དང་ཆིང་དབྱང་ཨང་རིམ14པའི་གྲལ་དུ་ཚུད། 


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-07-31

གསར་སྤེལ་མཁན། :གསེར་ཞང་འཇམ་བསོད།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།