ཡུན་ཅན་མིང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཡུན་ཅན་མིང་།
​ཡུན་ཅན་མིང་ནི་སྤྱི་ལོ1963ལོའི་ཟླ4པར་སྐྱེས་ཤིང་ཀན་སུའུ་ཧུའེ་ཉིང་ནས་ཡིན། སྤྱི་ལོ1987ལོའི་ཟླ12པར་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས། སྤྱི་ལོ1983ལོའི་ཟླ7པར་བྱ་བར་ཞུགས། ཀན་སུའུ་ཞིང་ལས་སློབ་གྲྭ་ཆེན་མོའི་རྩྭ་ཐང་ཚན་ཁག་གི་རྩྭ་ཐང་སྐྱེ་ཁམས་ཆེད་ལས་ནས་སློབ་མཐར་ཕྱིན། ཞིབ་འཇུག་སློབ་མའི་སློབ་གཉེར་བརྒྱུད་རིམ་ལྡན་ཞིང་ཞིང་ལས་རིག་པའི་རབ་འབྱམས་པ་ཡིན། ད་ལྟ་ཀན་སུའུ་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་། ཆིན་དབྱང་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་བཅས་ཀྱི་འགན་བཞེས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
贠建民
མི་རིགས།
རྒྱ་རིགས།
སྐྱེས་ཡུལ།
ཀན་སུའུ་ཧུའེ་ཉིང་།
སྐྱེས་ལོ།
སྤྱི་ལོ1963ལོའི་ཟླ4པ།
བྱ་བར་ཞུགས་ལོ།
སྤྱི་ལོ1983ལོའི་ཟླ7པ།
ཏང་ཞུགས་ཀྱི་ལོ།
སྤྱི་ལོ1987ལོའི་ཟླ12པ།
མཐར་ཕྱིན་སློབ་གྲྭ།
ཀན་སུའུ་ཞིང་ལས་སློབ་ཆེན།
1 བྱ་བའི་བརྒྱུད་རིམ།

སྤྱི་ལོ1979.09—སྤྱི་ལོ1983.07བར། ཀན་སུའུ་ཞིང་ལས་སློབ་ཆེན་ཕྱུགས་ལས་ཚན་ཁག་གི་ཕྱུགས་ལས་ཆེད་ལས་ལ་སློབ་སྦྱོང་གནང་།

སྤྱི་ལོ1983.07—སྤྱི་ལོ1985.07བར། ཧུའེ་ཉིང་རྫོང་ཞིང་ལས་ཅུས་དང་དབྱང་ཡ་ཅི་ཤང་སྲིད་གཞུང་གི་ལས་བྱེད་པའི་འགན་བཞེས།

སྤྱི་ལོ1985.07—སྤྱི་ལོ1988.07བར། ཀན་སུའུ་ཞིང་ལས་སློབ་ཆེན་རྩྭ་ཐང་ཚན་ཁག་གི་རྩྭ་ཐང་སྣོད་བཅུད་ཆེད་ལས་ཞིབ་འཇུག་སློབ་མར་སློབ་སྦྱོང་གནང་བ་དང་། ཞིང་ལས་རིག་པའི་རབ་འབྱམས་པའི་བསླབ་གནས་བླངས།

སྤྱི་ལོ1988.07—སྤྱི་ལོ1989.09བར། ཀན་སུའུ་ཞིང་ཆེན་ཕྱུགས་ལས་ཐིང་གི་ལས་བྱེད་པའི་འགན་བཞེས།  

སྤྱི་ལོ1989.09—སྤྱི་ལོ1994.04བར། ཀན་སུའུ་ཞིང་ཆེན་འཆར་གཞི་ཨུ་ཡོན་ལྷན་ཁང་གཏན་འཇགས་རྒྱུ་ནོར་མ་འཇོག་ཁྲུའུ་ཡི་ཀྲུའུ་རེན་ཁོའོ་ཡོན་གཞོན་པ་དང་ཀྲུའུ་རེན་ཁོའོ་ཡོན་བཅས་ཀྱི་འགན་བཞེས།

སྤྱི་ལོ1994.04—སྤྱི་ལོ1995.09བར། ཀན་སུའུ་ཞིང་ཆེན་འཆར་འགོད་ཨུ་ཡོན་ལྷན་ཁང་གི་གཙོ་གནད་འཛུགས་སྐྲུན་ཁྲུའུ་ཡི་ཀྲུའུ་རེན་ཁོའོ་ཡོན་གྱི་འགན་བཞེས།

སྤྱི་ལོ1995.09—སྤྱི་ལོ1996.011བར། ཀན་སུའུ་ཞིང་ཆེན་འཆར་འགོད་ཨུ་ཡོན་ལྷན་ཁང་རྒྱལ་དམངས་དཔལ་འབྱོར་ཕྱོགས་བསྡུས་ཁྲུའུ་ཡི་ཀྲུའུ་རེན་ཁོ་ཡོན་གྱི་འགན་བཞེས།

སྤྱི་ལོ1996.11—སྤྱི་ལོ2000.04བར། ཀན་སུའུ་ཞིང་ཆེན་འཆར་འགོད་ཨུ་ཡོན་ལྷན་ཁང་རྒྱལ་དམངས་དཔལ་འབྱོར་ཕྱོགས་བསྡུས་ཁྲུའུ་ཡི་ཁྲུའུ་ཀྲང་གཞོན་པའི་འགན་བཞེས།

སྤྱི་ལོ2000.04—སྤྱི་ལོ2001.05བར། ཀན་སུའུ་ཞིང་ཆེན་འཆར་གཞི་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པའི་འགན་བཞེས།

སྤྱི་ལོ2001.05—སྤྱི་ལོ2001.07བར། ཀན་སུའུ་ཞིང་ཆེན་འཆར་འགོད་ཨུ་ཡོན་ལྷན་ཁང་རྒྱལ་དམངས་དཔལ་འབྱོར་ཕྱོགས་བསྡུས་ཁྲུའུ་ཡི་ཁྲུའུ་ཀྲང་གི་འགན་བཞེས།

སྤྱི་ལོ2001.07—སྤྱི་ལོ2001.12བར། ཀན་སུའུ་ཞིང་ཆེན་འཆར་འགོད་ཨུ་ཡོན་ལྷན་ཁང་རྒྱལ་དམངས་དཔལ་འབྱོར་ཕྱོགས་བསྡུས་ཁྲུའུ་ཡི་ཁྲུའུ་ཀྲང་དང་ཞིང་ཆེན་དཔལ་འབྱོར་སྐུལ་སློང་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པའི་འགན་གཅིག་ལྕོགས་སུ་བཞེས།

སྤྱི་ལོ2001.12—སྤྱི་ལོ2003.03བར། ཀན་སུའུ་ཞིང་ཆེན་ནོར་སྲིད་ཐིང་གི་ཐིང་ཀྲང་གཞོན་པའི་འགན་བཞེས།

སྤྱི་ལོ2003.03—སྤྱི་ལོ2008.03བར། ཀན་སུའུ་ཞིང་ཆེན་ནོར་སྲིད་ཐིང་གི་ཐིང་ཀྲང་གཞོན་པ་དང་ཏང་ཙུའི་ཁོངས་མིའི་འགན་བཞེས།

སྤྱི་ལོ2008.03—སྤྱི་ལོ2011.07བར། ཀན་སུའུ་ཞིང་ཆེན་སྲིད་གཞུང་གི་དྲུང་ཆེ་གཞོན་པ་དང་གཞུང་དོན་ཐིང་གི་ཏང་ཙུའི་ཁོངས་མིའི་འགན་བཞེས།

སྤྱི་ལོ2011.07—སྤྱི་ལོ2014.10བར། ཀན་སུའུ་ཞིང་ཆེན་བདེ་འཇགས་ཐོན་སྐྱེད་ལྟ་སྐུལ་དོ་དམ་ཅུས་ཀྱི་ཅུས་ཀྲང་དང་ཏང་ཙུའུ་ཡི་ཧྲུའུ་ཅིའི་འགན་བཞེས།

སྤྱི་ལོ2014.10—སྤྱི་ལོ2015.02བར། ཆིང་དབྱང་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་། གྲོང་ཁྱེར་གྱི་འགོ་འཛིན་གཞོན་པ། གྲོང་ཁྱེར་གྱི་འགོ་འཛིན་ལས་ཚབ་བཅས་ཀྱི་འགན་བཞེས།

སྤྱི་ལོ2015.02—སྤྱི་ལོ2016.11བར། ཆིང་དབྱང་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་ཧྲི་ཀྲང་གི་འགན་བཞེས།

སྤྱི་ལོ2016.11—སྤྱི་ལོ2018.01བར། ཆིང་དབྱང་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅིའི་འགན་བཞེས།  

སྤྱི་ལོ2018.01—ད་ལྟའི་བར། ཀན་སུའུ་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་ཆིང་དབྱང་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅིའི་འགན་བཞེས།  

ཏང་གི་ཚོགས་ཆེན་བཅུ་དགུ་པའི་འཐུས་མི། སྐབས་བཅུ་གསུམ་པའི་ཀན་སུའུ་ཞིང་ཆེན་ཏང་ཨུའི་ཨུ་ཡོན་ཡིན།

2 གོ་གནས་བསྐོ་འཐེན།

སྤྱི་ལོ2018ལོའི་ཟླ1པོའི་ཚེས28ཉིན་སྲིད་གྲོས་ཀན་སུའུ་ཞིང་ཆེན་ཨུ་ཡོན་ལྷན་ཁང་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་ཐོག་ཡུན་ཅན་མིན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པར་བདམས་པ་རེད།

དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-07-31

གསར་སྤེལ་མཁན། :གསེར་ཞང་འཇམ་བསོད།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།