ཅིའུ་ཆོན་གྲོང་ཁྱེར།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཅིའུ་ཆོན་གྲོང་ཁྱེར།
ཅིའུ་ཆོན་གྲོང་ཁྱེར་ནི་ཀན་སུའུ་ཞིང་ཆེན་གྱི་ས་ཁུལ་རིམ་པའི་གྲོང་ཁྱེར་ཞིག་ཡིན། ཅིའུ་ཆོན་གྲོང་ཁྱེར་ནི་ཀན་སུའུ་ཞིང་ཆེན་ནུབ་བྱང་རྒྱུད་ཀྱི་རྨ་ནུབ་དོག་ལམ་གྱི་ནུབ་སྣེའི་ཨར་ཅིན་ཧྲན་དང་མདོ་ལ་རིང་མོའི་རི་བོ། མ་རྔོག་རི་བོ་བཅས་ཀྱི་བར་དུ་ཆགས་ཡོད། བྱང་གི་འཕྲེད་ཐིག38°09′~42°48′དང་། ཤར་གྱི་གཞུང་ཐིག92°20′~100°20′བར་དུ་གནས་ཡོད། སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི19.2ཡོད་པ་དེས་ཀན་སུའུ་ཞིང་ཆེན་གྱི་རྒྱ་ཁྱོན་གྱི42%བཟུང་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
酒泉市
ཕྱི་ཡིག་གི་མིང་།
Jiuquan City
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
ས་ཁུལ་རིམ་པའི་གྲོང་ཁྱེར།
ཁོངས་གཏོགས་ས་ཁུལ།
ཀན་སུའུ་ཞིང་ཆེན།
མངའ་ཁོངས།
གྲོང་ཁྱེར་གྱི་ཐད་སྐྱོང་ཆུས1དང་། གྲོང་ཁྱེར2རྫོང4བཅས་ཡོད།
གནས་ཡུལ།
ཀན་སུའུ་ཞིང་ཆེན་ནུབ་བྱང་ཁུལ།
སྲིད་གཞུང་གནས་ཡུལ།
སུའུ་ཀྲོའུ་ཆུས།
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ་ཁྲི19.2ཡོད།
ནམ་ཟླ།
སྐམ་སའི་རང་བཞིན་གྱི་ཐན་སྐམ་ནམ་ཟླ།
མཛེས་ལྗོངས་གྲགས་ཅན།
མོ་ཀའོ་བྲག་ཕུགཅིའུ་ཆོན་སྤྱི་གླིང་། ཏུན་ཧོང་ཡ་ཏན་རྒྱལ་ཁབ་ས་གཤིས་སྤྱི་གླིང་སོགས།
མེ་འཁོར་འབབ་ཚུགས།
ཅིའུ་ཆོན་ས་ཚིགས།
གནམ་གྲུ་ཐང་།
ཏུན་ཧོང་གནམ་གྲུ་ཐང་སོགས།
ས་ཁོངས་ཁ་པར་ཨང་རྟགས།
0937
སྦྲག་སྲིད་ཨང་རྟགས།
735000
སྲིད་འཛིན་ཚབ་ཨང་།
620900
ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར།
དུང་ཕྱུར618.2ཡོད།(སྤྱི་ལོ2019ལོ)
1 ​ལོ་རྒྱུས་འཕེལ་རིམ།

སྤྱི་ལོ1969ལོའི་ཟླ10པའི་བར། ཅིའུ་ཆོན་ཀྲོན་ཆུས་དེ་ཅིའུ་ཆོན་ས་ཁུལ་དུ་བསྒྱུར་བ་དང་། ཀྲོན་ཆུས་གསར་བརྗེ་ཨུ་ཡོན་ལྷན་ཁང་དེ་ས་ཁུལ་གསར་བརྗེ་ཨུ་ཡོན་ལྷན་ཁང་དུ་བསྒྱུར།

སྤྱི་ལོ1978ལོའི་ཟླ12པའི་ཚེས4ཉིན། ཅིའུ་ཆོན་ས་ཁུལ་གྱི་གསར་བརྗེ་ཨུ་ཡོན་ལྷན་ཁང་ཕྱིར་འཐེན་བྱས། ཅིའུ་ཆོན་ས་ཁུལ་སྲིད་འཛིན་ཀུང་ཧྲུའུ་བཙུགས་ཏེ། ཀན་སུའུ་ཞིང་ཆེན་མི་དམངས་སྲིད་གཞུང་གི་མངག་གཏོང་ལས་ཁུངས་ཡིན། ཁོངས་སུ་ཅིའུ་ཆོན་རྫོང་དང་། ཅིན་ཐ་རྫོང་། ཡུས་མོན་གྲོང་ཁྱེར། ཨན་ཞི་རྫོང་། ཏུན་ཧོང་རྫོང་། སུའུ་པེ་སོག་རིགས་རང་སྐྱོང་རྫོང་། ཨ་ཁེ་སའེ་ཧ་སག་རང་སྐྱོང་རྫོང་། ཨེ་ཅི་ན་ཆི་རྫོང(ཆི་དང་གྲོང་ཁྱེར)8ཡོད།

སྤྱི་ལོ2002ལོའི་ཟླ6པའི་ཚེས18ཉིན། ཅིའུ་ཆོན་ས་ཁུལ་མེད་པར་བཟོས་ནས་ས་ཁུལ་རིམ་པའི་ཅིའུ་ཆོན་གྲོང་ཁྱེར་བཙུགས། ཅིའུ་ཆོན་གྲོང་ཁྱེར་ཁོངས་གཏོགས་ཀྱི་དེ་སྔའི་ཅིའུ་ཆོན་ས་ཁུལ་གྱི་ཅིན་ཐ་རྫོང་དང་། ཨན་ཞི་རྫོང་། སུའུ་པེ་སོག་རིགས་རང་སྐྱོང་རྫོང་། ཨ་ཁེ་སའེ་ཧ་སག་རང་སྐྱོང་རྫོང་། གསར་དུ་བཙུགས་པའི་སུའུ་ཀྲོའུ་ཆུས་བཅས་རེད། དེ་སྔའི་ཅིའུ་ཆོན་ས་ཁུལ་གྱི་རྫོང་རིམ་པའི་ཡུས་མོན་གྲོང་ཁྱེར་དང་ཏུན་ཧོང་གྲོང་ཁྱེར་ནི་ཀན་སུའུ་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཐད་ཀར་སྐྱོང་རྒྱུ་དང་། ཅིའུ་ཆོན་གྲོང་ཁྱེར་གྱི་ཚབ་གཉེར་བྱས། 

སྤྱི་ལོ2017ལོའི་ཟླ8པར་ཅིའུ་ཅ་སྤྱི་ཁྱབ་འཆར་འགོད་ལ་ཆོག་མཆན་ཐོབ་པ་དང་ཅིའུ་ཆོན་གྲོང་ཁྱེར་ནི་ཀན་སུའུ་ཞིང་ཆེན་ཞིང་ཆེན་ཁོངས་ཀྱི་ལྟེ་བའི་གྲོང་ཁྱེར་གཞོན་པ་ཞིག་རེད།

2 ས་ཁམས་ཁོར་ཡུག
2_1 གནས་སའི་ཡུལ་ཁོངས།

ཅིའུ་ཆོན་གྲོང་ཁྱེར་ནི་ཀན་སུའུ་ཞིང་ཆེན་ནུབ་བྱང་རྒྱུད་ཀྱི་རྨ་ནུབ་དོག་ལམ་གྱི་ནུབ་སྣེའི་ཨར་ཅིན་ཧྲན་དང་མདོ་ལ་རིང་མོའི་རི་བོ། མ་རྔའི་རི་བཅས་ཀྱི་བར་དུ་ཆགས་ཡོད། ས་བབ་གནས་ས་ནི་བྱང་གི་འཕྲེད་ཐིག38°09′~42°48′དང་། ཤར་གྱི་གཞུང་ཐིག92°20′~100°20′བར་དུ་གནས་ཡོད།  སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི19.2ཡོད་པ་དེས་ཀན་སུའུ་ཞིང་ཆེན་གྱི་རྒྱ་ཁྱོན་གྱི42%བཟུང་ཡོད།

2_2 ནམ་ཟླ།

ཅིའུ་ཆོན་གྲོང་ཁྱེར་ནི་སྐམ་སའི་རང་བཞིན་གྱི་ཐན་སྐམ་གྱི་ནམ་ཟླ་ཡིན་པ་དང་། སྐམ་ཞིང་གྲང་བ་དང་། ཆར་ཆུ་དཀོན་པ། ཤར་ནས་ནུབ་ཀྱི་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི1500-1100ཡོད། 

3 རང་བྱུང་ཐོན་ཁུངས།
3_1 ས་ཞིང་ཐོན་ཁུངས།

སྤྱི་ལོ2017ལོའི་བར། ཅིའུ་ཆོན་གྱི་རྨོ་ཞིང་རྒྱ་ཁྱོན་སྤྱི་ཆིང་ཁྲི25.79ཟིན་ཡོད། དེའི་ནང་གཞི་རྩའི་ས་ཞིང་རྒྱ་ཁྱོན་སྤྱི་ཆིང་ཁྲི15.53ཡོད་པ་དང་། འཛུགས་སྐྲུན་ལ་མཁོ་བའི་ས་ཞིང་སྤྱི་ཆིང་ཁྲི9.03ཡོད། ས་ཞིང་ལེགས་སྒྲིག་བསྐྱར་སྦོལ་གསར་སྤེལ་གྱིས་རྨོ་ཞིང་སྤྱི་ཆིང1052.5ཁ་གསབ་བྱས་ཡོད།

3_2 ཆུའི་ཐོན་ཁུངས།

སྤྱི་ལོ2017ལོར། ཅིའུ་ཆོན་དུ་ཆུ་མཛོད་ཆེ་འབྲིང་ཆུང་གསུམ69བསྐྲུན་ཡོད། ཆུ་མཛོད་ཤོང་ཚད་དུང་ཕྱུར3.75བསྐྲུན་ནས་མ་ཡུར478བསྐྲུན་ཡོད། སྤྱི་ལེ3418ཡོད་པ་དང་སྤྱི་ལེ2366ཡོད་པ་རེད།

4 མི་གྲངས་དང་མི་རིགས།
4_1 མི་གྲངས།

སྤྱི་ལོ2019ལོའི་ལོ་མཇུག་ཏུ་གྲོང་ཁྱེར་ཡོངས་ཀྱི་རྒྱུན་སྡོད་མི་གྲངས་ཁྲི113.22ཟིན་ཡོད། ལོ་གོང་མ་ལས་མི་ཁྲི0.52དངོས་སུ་འཕར་བ་དེའི་ནང་གྲོང་ཁྱེར་དང་གྲོང་རྡལ་གྱི་རྒྱུན་སྡོད་མི་གྲངས་ཁྲི70.69ཡོད་པ་རེད། མི་གྲངསབསྡོམས་འབོར་ནང་བཟུང་བའི་བསྡུར་ཚད(རྒྱུན་སྡོད་མི་གྲངས་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་ཚད)62.44%ཟིན་ཡོད། ལོ་གོང་མ་དང་བསྡུར་ན་བརྒྱ་ཆའི་གཞི་གྲངས0.92འཕར་ཡོད། ལོ་ཧྲིལ་པོར་གསར་སྐྱེས་མི་གྲངས་ཁྲི0.95ཡོད་པ་དང་སྐྱེས་ཚད་8.39%ཡོད་ཅིང་། རྐྱེན་ལམ་དུ་ཤོར་བའི་མི་གྲངས་ཁྲི0.64ཡོད་པས་ཤི་ཚད5.62%ཡོད། རང་བྱུང་འཕར་ཚད2.77%ཟིན་ཡོད།

4_2 མི་རིགས།

སྤྱི་ལོ2015ལོར་ཅིའུ་ཆོན་གྲོང་ཁྱེར་གྱི་རྒྱུན་སྡོད་མི་གྲངས་ཁྲོད། རྒྱ་རིགས་མི་གྲངས་ཁྲི105.3ཡོད་པ་དེས་94.41%བཟུང་བ། གྲངས་ཉུང་མི་རིགས་ཀྱི་མི་གྲངསཁྲི6.24ཡོད་པ་དེས་5.59%བཟུང་ཡོད། “ཐེངས་དྲུག་པའི་རྒྱལ་ཡོངས་མི་གྲངས་ཞིབ་གཤེར”དང་བསྡུར་ན། རྒྱ་རིགས་ཀྱི་མི་གྲངས་ཁྲི0.68འཕར་བ་དང་། བརྒྱ་ཆའི0.45འཕར་བ་དང་། ལོ་རེར་ཆ་སྙོམས་སུ་བརྒྱ་ཆ0.13འཕར་ཡོད། གྲངས་ཉུང་མི་རིགས་ཀྱི་མི་གྲངས་ཁྲི1.21འཕར་ནས་བརྒྱ་ཆའི19.34འཕར་བ་དང་། ལོ་རེར་ཆ་སྙོམས་སུ་བརྒྱ་ཆའི4.4འཕར་ཡོད།

5 ད་ལྟ་འགོ་ཁྲིད།

གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི། ཝུའུ་དབྱང་ཏུང་།

གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཧྲི་ཀྲང་གི་གདམ་བྱའི་འོས་མི། ཝང་ལི་ཆི།

གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཡུས་ཀྲུའུ་ཐའོ།

གྲོང་ཁྱེར་ཏང་ཨུའི་རྒྱུན་ཨུ་དང་གྲོང་ཁྱེར་ཏང་ཨུའི་དྲུང་ཆེ། ཁྲུའུ་ཝང་། ཞི་ཁྲེང་།

རྒྱུན་ལས་ཨུ་ཡོན། སེ་ལི་ཁེ། ཡན་ཕེ་ལུའུ། དབྱང་ཁེ་ཀྲུང་། དབྱང་ཞའོ་ལི། ཀྲན་ཧྲུན་ཀྲོའུ།

གྲོང་ཁྱེར་ཏང་ཨུའི་རྒྱུན་ཨུ་དང་གྲོང་ཁྱེར་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི། ཡོན་ཧྲི། ཅན་མིང་།

གྲོང་ཁྱེར་ཏང་ཨུའི་རྒྱུན་ཨུ་དང་རྒྱུན་ལས་ཧྲི་ཀྲང་གཞོན་པ། ཀྲོའུ་ཀྲོའུ་། ཞུའེ་ཧའེ།

གྲོང་ཁྱེར་ཏང་ཨུའི་རྒྱུན་ཨུ་དང་ཧྲི་ཀྲང་གཞོན་པ། ཀྲེན་ཝང་། ཤིན་ཕིང་།

6 དཔལ་འབྱོར།

སྤྱི་ལོ2016ལོར་ཅིའུ་ཆོན་གྲོང་ཁྱེར་དུ་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར577.9ཡོད་པ་དེ་སྤྱི་ལོ2015ལོ་ལས6.5%འཕར་ཡོད། དེའི་ནང་ཐོན་ལས་དང་པོའི་འཕར་ཐང་སྒོར་དུང་ཕྱུར87.2ཡོད་པས6.2%འཕར་བ་དང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར202.9ཡོད་པས5.4%འཕར་བ། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར287.9ཡོད་པས7.4%འཕར་ཡོད། ཐེངས་གསུམ་གྱི་ཐོན་ལས་གྲུབ་ཚུལ་ནི15.1:35.1:49.8ཡིན། ལོ་ཧྲིལ་པོར་མི་རེས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར51721ཡོད་པ་དེ་སྤྱི་ལོ2015ལོ་ལས6.2%འཕར་ཡོད།

7 གཟི་བརྗིད་མཚན་སྙན།

སྤྱི་ལོ2019ལོར་ཀྲུང་གོའི་ས་ཁུལ་རིམ་པའི་གྲོང་ཁྱེར་གྱི་ཨང77པ་དང་། ཀྲུང་གོའི་གྲོང་ཁྱེར་གྱི་ལྗང་མདོག་འགྲན་རྩོད་ནུས་པ་ཨང27པར་བདམས། 

སྤྱི་ལོ2019ལོའི་ཀྲུང་གོའི་གྲོང་ཁྱེར་སྤུས་རྟགས་ཀྱི་གདེང་འཇོག་མིང་ཐོ(ས་ཁུལ་རིམ་པའི་གྲོང་ཁྱེར)ཨང78པར་བདམས། 

སྤྱི་ལོ2020ལོར“ཀྲུང་གོའི་གྲོང་ཁྱེར་གྱི་ཚན་རྩལ་གསར་གཏོད་འཕེལ་རྒྱས་སྟོན་གྲངས2019ཁྲོད་ཨང115པར་བདམས། 


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-07-31

གསར་སྤེལ་མཁན། :གསེར་ཞང་འཇམ་བསོད།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།