ཨོ་ཅི་ནཱ་ཤོག
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཨོ་ཅི་ནཱ་ཤོག
​ཨོ་ཅི་ནཱ་ཤོག་ནི་ནང་སོག་རང་སྐྱོང་ལྗོངས་ཀྱི་ཆེས་ནུབ་ཕྱོགས་སུ་གནས་ཤིང་ནང་སོག་རང་སྐྱོང་ལྗོངས་ཀྱི་རྒྱ་ཁྱོན་ཆེས་ཆེ་ཞིང་མི་གྲངས་ཆེས་ཉུང་བའི་ཤོག་ཅིག་ཡིན། ཤར་རླུང་མཁའ་སྐྱོད་གྲོང(ཅིའུ་ཆོན་འཁོར་སྐར་འཕེན་གཏོང་ལྟེ་གནས)ནི་ཨོ་ཅི་ནཱ་ཤོག་ཀའི་མངའ་ཁོངས་སུ་ཡོད། རང་རྒྱལ་གྱི་འཕུར་མདའ་དང་། སྲུང་སྐར། མི་བཞུགས་འཕུར་གྲུ་བཅས་ཀྱི་འབྱུང་གནས་ཡིན་པས། “ཀྲུང་གོའི་འཇིག་རྟེན་འཕུར་སྐྱོད་ཀྱི་གྲུ་ཁ་དང་པོ”ཞེས་འབོད་ཀྱིན་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
额济纳旗
ཕྱི་ཡིག་གི་མིང་།
ejina
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
ཤོག
ཁོངས་གཏོགས་ས་ཁུལ།
ནམ་སོག་རང་སྐྱོང་ལྗོངས་ཨ་ལག་ཤ་མེང་།
ས་ཁོངས་ཁ་པར་ཨང་རྟགས།
0483
གནས་ཡུལ།
ནང་སོག་རང་སྐྱོང་ལྗོངས་ཀྱི་ཆེས་ནུབ་ཕྱོགས།
སྲིད་འཛིན་ཚབ་ཨང་།
152923
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ་ཁྲི11.46ཡོད།
མི་གྲངས།
ཁྲི3.2ཡོད།
ནམ་ཟླ།
དྲོད་རྒྱུན་དུས་རླུང་ནམ་ཟླ།
མཛེས་ལྗོངས་གྲགས་ཅན།
ཤར་རླུང་མཁའ་སྐྱོད་གྲོང་། ཧུའུ་དབྱང་ལིན་དང་། གྲོང་ཁྱེར་ནག་པོ། ལྷ་ཤིང་། ཡན་ཧའེ།
མེ་འཁོར་འབབ་ཚུགས།
ཨོ་ཅི་ནཱ་འབབ་ཚུགས།
གནམ་གྲུ་ཐང་།
ཐའོ་ལའེ་གནམ་གྲུ་ཐང་།
ས་ཁོངས་ཁ་པར་ཨང་རྟགས།
0483
སྦྲག་སྲིད་ཨང་རྟགས།
735400
སྲིད་འཛིན་ཚབ་ཨང་།
152923
རླངས་འཁོར་ཚབ་ཨང་།
མེང(蒙)M
1 ​འཛུགས་སྐྲུན་འཕེལ་རིམ།

སྤྱི་ལོ2017ལོར། ཨོ་ཅི་ནཱ་ཤོག་ཀའི་ཤར་རླུང་གྲོང་རྡལ་གྱི་སྲིད་འཛིན་ས་ཁོངས་ཁག་གཅིག་ལོགས་སུ་དབྱེ་ནས་ཨོ་ཅི་ནཱ་ཤོག་ཀའི་ཤར་རླུང་ཁྲོམ་གཞུང་དོན་གཅོད་ཁྲུའུ་བཙུགས་ཡོད། ཨོ་ཅི་ནཱ་ཤོག་ཀའི་ཤར་རླུང་གྲོང་རྡལ་མཁའ་དམག་རྟེན་གཞི་ག་གེ་མོའི་གནས་ཡུལ་གྱི་སྲིད་འཛིན་ས་ཁོངས་ཁག་གཅིག་ལོགས་སུ་དབྱེ་བ་དང་། ཨོ་ཅི་ནཱ་ཤོག་མཁའ་འགྲུལ་ཁྲོམ་གཞུང་དོན་གཅོད་ཁྲུའུ་བཙུགས་ཡོད། 

སྤྱི་ལོ2018ལོར། ཨོ་ཅི་ནཱ་ཤོག་ཀའི་ཤར་རླུང་གྲོང་རྡལ་ནས་ས་ཁོངས་ཁག་གཅིག་ལོགས་སུ་ཕྱེ་ནས་པ་དབྱིན་ཐའོ་ཧའེ་སུའུ་མུའུ4བཙུགས། 

2 སྲིད་འཛིན་ས་ཁོངས། 

སྤྱི་ལོ2019ལོའི་བར་གྲོང་རྡལ3དང་། སུའུ་མུའུ6ཁྲོམ་ལམ་གཞུང་དོན་ཁང2ཀ་ཁྲ21སྡེ་ཁུལ7བཅས་ཡོད། ཨོ་ཅི་ནཱ་ཤོག་མི་དམངས་སྲིད་གཞུང་ནི་ཏ་ལའེ་ཧུའུ་པུའུ་གྲོང་རྡལ་ཅུས་ཡན་ཁྲོམ་གཞུང་དུ་བཅའ་སྡོད་བྱས་ཡོད། 

3 ས་ཁམས་ཁོར་ཡུག 
3_1 གནས་སའི་ཡུལ་ཁོངས།

ཨོ་ཅི་ནཱ་ཤོག་གའི་བྱང་རྒྱུད་དེ་ནང་སོག་རང་སྐྱོང་ལྗོངས་ཀྱི་ཆེས་ནུབ་ཕྱོགས་སུ་གནས་ཡོད། ས་ཁམས་གནས་ཚད་ནི་ཤར་གྱི་གཞུང་ཐིག97°10'~103°7'བར་དང་། བྱང་གི་འཕྲེད་ཐིག39°52'~42°47'བར་དུ་གནས་ཡོད། ཤར་ཨ་ལག་ཤ་མེང་དང་ཁྱིམ་མཚེས་ཡིན། ལྷོ་ནུབ་ཀན་སུའུ་ཞིང་ཆེན་ཅིའུ་ཆོན་གྲོང་ཁྱེར་གྱི་འབྲེལ་མཚམས་དང་། བྱང་མོང་གོལ་རྒྱལ་ཁབ་དང་ས་མཚམས་འབྲེལ་ཡོད། རྒྱལ་མཚམས་ལམ་ཐིག་གི་སྤྱིའི་རིང་ཚད་ལ་སྤྱི་ལེ507ཟིན་ཡོད། 

3_2 ནམ་ཟླ།

ཨོ་ཅི་ནཱ་ཤོག་ནི་སྐམ་སའི་དབུས་ཁུལ་གྱི་སྐམ་ཤས་ཆེ་བའི་ནམ་ཟླ་ཡིན། སད་མེད་དུས་ཀྱི་ཉིན་གྲངས་ཆེས་ཐུང་བར་ཉིན179དང་། ཆེས་རིང་བར་ཉིན227ཡིན། 

4 མི་གྲངས་དང་མི་རིགས།
4_1 མི་གྲངས།

སྤྱི་ལོ2019ལོའི་བར། ཨོ་ཅི་ནཱ་ཤོག་ཀའི་རྒྱུན་སྡོད་མི་གྲངས32410ཡོད་པ་དེ་སྤྱི་ལོ2000ལོའི་ཟླ11པའི་ཚེས1ཉིན་གྱི་ཆུ་ཚོད་ཀླད་ཀོར་ཐོག་གི་རྒྱལ་ཡོངས་ཀྱི་མི་གྲངས་ཡོངས་བཤེར་ཐེངས་ལྔ་པའི་མི་གྲངས22326དང་བསྡུར་ན། ཁྱོན་མི10084མང་དུ་སོང་ནས45.17%འཕར་ཡོད། ལོ་རེའི་ཆ་སྙོམས་འཕར་ཚད3.8%ཟིན་ཡོད། 

4_2 མི་རིགས།

ཨོ་ཅི་ནཱ་ཤོག་ཀའི་མངའ་ཁོངས་སུ་སོག་རིགས་དང་། རྒྱ་རིགས། ཧུའེ་རིགས། མན་ཇུ་རིགས། བོད་རིགས། ཡུས་ཀུའུ་རིགས། ཏ་ཝོར་རིགས། ཨུ་རུ་སུ་རིགས་སོགས་གྲངས་ཉུང་མི་རིགས་ཡོད། 

5 ཆབ་སྲིད།

ཆི་ཨུའི་ཧྲུའུ་ཅི་གཞོན་པ་དང་ཆི་ཀྲང་། ཝང་ཞུང་། 

ཆི་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའི་ཧྲུའུ་ཅི་ཀྲུའུ་རེན། མ་ཤིས་པ་ཐུའུ། 

ཆི་སྲིད་གྲོས་ཏང་ཙུའུ་ཡི་ཧྲུའུ་ཅི་ཀྲུའུ་ཞི། པུའུ་ཐུའུ་ཀེ་ལེ་ཆི། 

6 དཔལ་འབྱོར།

སྤྱི་ལོ2018ལོར་ཤོག་ཡོངས་ཀྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར35.4ཟིན་པ་དེ་དུས་མཚུངས་ལས10.2%འཕར་བ་དང་། གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར20.4བཏང་བ་དེ་དུས་མཚུངས་ལས12.8%འཕར། སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར3.2ལེགས་འགྲུབ་བྱུང་བ་དེ་དུས་མཚུངས་ལས9.7%འཕར། སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར14.7ཟིན་པ་དེ་དུས་མཚུངས་ལས7%འཕར་ཞིང་། གྲོང་ཁྱེར་དང་གྲོང་རྡལ་གྱི་རྒྱུན་སྡོད་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར41258ཟིན་པ་དེ་དུས་མཚུངས་ལས7.3%འཕར། གྲོང་གསེབ་དང་འབྲོག་ཁུལ་གྱི་རྒྱུན་སྡོད་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར23151ཟིན་པ་དེ་དུས་མཚུངས་ལས10%འཕར་ཡོད། 


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-07-31

གསར་སྤེལ་མཁན། :གསེར་ཞང་འཇམ་བསོད།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།