ཨ་ལག་ཤ་གཡོན་ཤོག
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཨ་ལག་ཤ་གཡོན་ཤོག
ཨ་ལག་ཤ་གཡོན་ཤོག་ནི་ནང་སོག་རང་སྐྱོང་ལྗོངས་ཀྱི་ནུབ་རྒྱུད་དུ་གནས་པ་དང་། ཤར་ངོས་སུ་པ་མེང་ཡུས་ཁོའུ་རྫོང་དང་། ཝུའུ་ལ་ཐེ་ཧོའུ་ཆི། ཝུའུ་ཧའེ་གྲོང་ཁྱེར་བཅས་དང་འབྲེལ་ཡོད། ཤར་ལྷོ་ནི་ཉིང་ཞ་ཧྲི་ཙུའེ་ཧྲན་གྲོང་ཁྱེར་དང་། དབྱིན་ཁྲོན་གྲོང་ཁྱེར། ཆིང་ཐུང་ཞ་གྲོང་ཁྱེར། ཕིང་ལུའོ་རྫོང་བཅས་དང་འབྲེལ་ཡོད། ལྷོ་ཕྱོགས་སུ་ཀན་སུའུ་ཅིན་ཐའེ་རྫོང་དང་། ཀུའུ་ལང་རྫོང་། ཉིང་ཞ་ཀྲུང་ཝེ་གྲོང་ཁྱེར་དང་ཀྲུང་ཉིང་རྫོང་། ནུབ་ཀན་སུའུ་ཝུའུ་ཝེ་གྲོང་ཁྱེར་དང་། དམངས་ཆེན་རྫོང་། ཨ་ལག་ཤ་མེང་ཡིའུ་ཆི་བཅས་དང་། བྱང་མོང་གོལ་རྒྱལ་ཁབ་དང་ས་མཚམས་འབྲེལ་བ་དང་། རྒྱལ་མཚམས་ཀྱི་རིང་ཚད་ལ་སྤྱི་ལེ188.68ཡོད། ཤོག་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ80412ཡོད། དེའི་ཁོངས་སུ་སྲང་ལམ4དང་། གྲོང་རྡལ9བཅས་ཡོད། སོག་རིགས་དང་། རྒྱ་རིགས། ཧུའེ་རིགས། མན་ཇུ་རིགས། ཁྲའོ་ཞན་རིགས། ཏ་ཝོར་སོགས་མི་རིགས14ཡོད། གྲངས་ཉུང་མི་རིགས་ཀྱི་མི་གྲངས་ཀྱིས28.3%ཟིན་པ་དང་། སོག་རིགས་གཙོ་བྱས་ཤིང་རྒྱ་རིགས་མང་ཤོས་ཡིན་པའི་གྲངས་ཉུང་མི་རིགས་འདུས་སྡོད་ཀྱི་མཐའ་མཚམས་ཤོག་ཅིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
阿拉善左旗
ཕྱི་ཡིག་གི་མིང་།
Alxa Left Banner
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
ཤོག་ཀ
ཁོངས་གཏོགས་ས་ཁུལ།
ཀྲུང་གོའི་ནང་སོག་རང་སྐྱོང་ལྗོངས་ཨ་ལག་ཤ་མེང་།
མངའ་ཁོངས།
གྲོང་རྡལ7དང་། སུའུ་མུའུ6ཁྲོམ་ལམ་གཞུང་ལས་ཁང4བཅས་ཡོད།
གནས་ཡུལ།
ནང་སོག་རང་སྐྱོང་ལྗོངས་ཀྱི་ལྷོ་ནུབ་རྒྱུད་དང་། ལྷོ་ཀན་སུའུ་ཞིང་ཆེན་དང་ཐག་ཉེ།
སྲིད་གཞུང་གནས་ཡུལ།
པ་ཡན་ཧའོ་ཐུ་གྲོང་རྡལ།
རྒྱ་ཁྱོན།
སྟོང་སྨི་གྲུ་བཞི་མ80412ཡོད།
མི་གྲངས།
ཁྲི14.33ཡོད།
ནམ་ཟླ།
དྲོད་འབྲིང་ཁུལ་སྐམ་སའི་རང་བཞིན་གྱི་ནམ་ཟླ།
མཛེས་ལྗོངས་གྲགས་ཅན།
ཧོ་ལན་རི་བོའི་ཀོང་ཙུང་དགོན། (ནན་དགོན)སྣོད་བཅུད་ཡུལ་སྐོར་ཁུལ་གྱི་ཟླ་འོད་མཚོའི་མཛེས་ལྗོངས་ཁུལ།
སྐད།
ལན་དབྱིན་གཞུང་སྐད། དབྱིན་ཝུའུ་པན། སོག་སྐད།
མེ་འཁོར་འབབ་ཚུགས།
ཅི་ལན་ཐའེ་ས་ཚིགས།
གནམ་གྲུ་ཐང་།
ཨ་ལག་ཤ་གཡོན་ཤོག་གི་གནམ་གྲུ་ཐང་།
ས་ཁོངས་ཁ་པར་ཨང་རྟགས།
0483
སྦྲག་སྲིད་ཨང་རྟགས།
750306
སྲིད་འཛིན་ཚབ་ཨང་།
152921
རླངས་འཁོར་ཚབ་ཨང་།
མེང(蒙)M
1 ​ངོ་སྤྲོད་མདོར་བསྡུས། 

ཨ་ལག་ཤ་གཡོན་ཤོག་ནི་ནང་སོག་རང་སྐྱོང་ལྗོངས་ཀྱི་ནུབ་རྒྱུད་དུ་གནས་པ་དང་། ཤར་ངོས་སུ་པ་མེང་ཡུས་ཁོའུ་རྫོང་དང་། ཝུའུ་ལ་ཐེ་ཧོའུ་ཆི། ཝུའུ་ཧའེ་གྲོང་ཁྱེར་བཅས་དང་འབྲེལ་ཡོད། ཤར་ལྷོ་ནི་ཉིང་ཞ་ཧྲི་ཙུའེ་ཧྲན་གྲོང་ཁྱེར་དང་། དབྱིན་ཁྲོན་གྲོང་ཁྱེར། ཆིང་ཐུང་ཞ་གྲོང་ཁྱེར། ཕིང་ལུའོ་རྫོང་བཅས་དང་འབྲེལ་ཡོད། ལྷོ་ཕྱོགས་སུ་ཀན་སུའུ་ཅིན་ཐའེ་རྫོང་དང་། ཀུའུ་ལང་རྫོང་། ཉིང་ཞ་ཀྲུང་ཝེ་གྲོང་ཁྱེར་དང་ཀྲུང་ཉིང་རྫོང་། ནུབ་སུའུ་ཝུའུ་ཝེ་གྲོང་ཁྱེར་དང་། དམངས་ཆེན་རྫོང་། ཨ་ལག་ཤ་མེང་གཡས་ཤོག་བཅས་དང་། བྱང་མོང་གོལ་རྒྱལ་ཁབ་དང་ས་མཚམས་འབྲེལ་བ་དང་། རྒྱལ་མཚམས་ཀྱི་རིང་ཚད་ལ་སྤྱི་ལེ188.68ཡོད། ཤོག་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ80412ཡོད། དེའི་ཁོངས་སུ་སྲང་ལམ4དང་། གྲོང་རྡལ9བཅས་ཡོད། སོག་རིགས་དང་། རྒྱ་རིགས། ཧུའེ་རིགས། མན་ཇུ་རིགས། ཁྲའོ་ཞན་རིགས། ཏ་ཝོར་སོགས་མི་རིགས14ཡོད། གྲངས་ཉུང་མི་རིགས་ཀྱི་མི་གྲངས་ཀྱིས28.3%ཟིན་པ་དང་། སོག་རིགས་གཙོ་བྱས་ཤིང་རྒྱ་རིགས་མང་ཤོས་ཡིན་པའི་གྲངས་ཉུང་མི་རིགས་འདུས་སྡོད་ཀྱི་མཐའ་མཚམས་ཀྱི་ཤོག་ཅིག་ཡིན། 

སྤྱི་ལོ2019ལོའི་ཟླ12པར་རྒྱལ་ཡོངས་ཀྱི་གྲོང་གསེབ་བཅོས་སྐྱོང་མ་ལག་འཛུགས་སྐྱོང་གི་ཚོད་ལྟའི་ཚན་པར་གྱུར་ཡོད། སྤྱི་ལོ2020ལོའི་ཟླ1ཚེས22ཉིན་སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་པུའུ་ཡིས་རྒྱལ་ཁབ་སྐྱེད་ཚལ་རྫོང་མཁར་ཞེས་མིང་བཏགས་ཡོད།

2 འཛུགས་སྐྲུན་འཕེལ་རིམ།

སྤྱི་ལོ1697ལོར་ཨ་ལག་ཤ་དང་ཧྲོ་ཐུ་ཤོག་གཉིས་བཙུགས།

སྤྱི་ལོ1949ལོའི་ཟླ9པའི་ཚེས23ཉིན། ཨ་ལག་ཤ་གཡོན་ཤོག་ཞི་བས་བཅིངས་འགྲོལ་བཏང་།

སྤྱི་ལོ1961ལོར་ཤོག་བཙུགས།

3 སྲིད་འཛིན་ས་ཁུལ་གྱི་དབྱེ་མཚམས།

དེའི་ཁོངས་སུ་ཁྲོམ་གཞུང4དང་། གྲོང་རྡལ9སུའུ་མུའུ6 པ་ཡན་ཧའོ་ཐེ་ཨེ་ལུའུ་ཐེ་ཁྲོམ་གཞུང་དང་། པ་ཡན་ཧའོ་ཐེ་ལྷོ་སྐོར་ལམ་ཁྲོམ་གཞུང་། པ་ཡན་ཧའོ་ཐེ་ཤིན་ཧྭ་ཁྲོམ་གཞུང་། པ་ཡན་ཧའོ་ཐེ་ཝང་ཧྥུའུ་ཁྲོམ་གཞུང་། ཝུན་ཏུའུ་ཨེར་ལེ་ཐུའུ་གྲོང་རྡལ། ཝུའུ་སི་ཐེ་གྲོང་རྡལ། པ་རུན་པེ་ལི་གྲོང་རྡལ། པ་ཡན་ཧའོ་ཐེ་གྲོང་རྡལ། ཅར་ཀེ་ལེ་སའེ་ཧན་གྲོང་རྡལ། ཅི་ལན་ཐེ་གྲོང་རྡལ། ཙུང་པེ་ལི་གྲོང་རྡལ། ཨའོ་ལུན་པུ་ལ་ཀེ་གྲོང་རྡལ། ཐེང་ཀེ་ལི་ཨེ་ལི་སི། པ་ཡན་སུའུ་རེན་སུའུ་མུའུ། ཝུའུ་ལི་ཅི་མུའུ་སུའུ་མུའུ་དབྱི། མུའུ་མུའུ། དབྱི་མུའུ་དབྱི་ལི། ཤོག་སྲིད་གཞུང་གིས་པ་ཡན་ཧའོ་ཐེ་གྲོང་རྡལ་དུ་བཅའ་སྡོད་བྱས་ཡོད།

4 ས་ཁམས་ཁོར་ཡུག
4_1 ས་དབྱིབས།

ཨ་ལག་ཤ་གཡོན་ཤོག་གི་ས་བབ་ཤར་ལྷོ་དང་ནུབ་བྱང་དམའ། ཆ་སྙོམས་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི800~1500ཡོད་པ་དང་ས་བབ་མཐོ་ཤོས་སྨི3556ཡོད་པ་རེད། ཨ་ལག་ཤ་གཡོན་ཤོག་གི་ལྷོ་བྱང་གཉིས་ཀྱི་རིང་ཚད་ལ་སྤྱི་ལེ495ཡོད། ཤར་ནུབ་ཞེང་ཚད་སྤྱི་ལེ214དང་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི8.04ཟིན་ཡོད། སྤྱིའི་མི་གྲངས་ཁྲི15ཙམ་ཟིན་ཡོད། བེད་སྤྱོད་ཆོག་པའི་རྩྭ་ར་སྤྱི་ལེ་གྲུ་བཞི་མ་ཁྲི4.6ཡོད་པ་དེ་དག་གཙོ་བོ་ཐང་རྒོད་དང་ཐང་རྒོད་ཕྱེད་ཙམ་གྱི་རྩྭ་ཐང་ཡིན། བྱེ་ཐང་གི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི3.4ཡོད། 

5 རང་བྱུང་ཐོན་ཁུངས།
5_1 ས་ཞིང་ཐོན་ཁུངས།

སྤྱི་ལོ2011ལོའི་བར་ཨ་ལག་ཤ་གཡོན་ཤོག་གི་རུ་རྨོ་ཞིང་མུའུ་ཁྲི30ལྷག་ཙམ་ཡོད་པ་དང་རྩྭ་ར་མུའུ་ཁྲི6900བེད་སྤྱོད་ཐུབ་ཀྱིན་ཡོད།

5_2 ནགས་ལས་ཐོན་ཁུངས།

ཧོ་ལན་རི་བོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་གདོད་མའི་ཞོར་སྐྱེས་ནགས་ཚལ་མུའུ་ཁྲི54ཡོད་པ་དེ་ནི་ནང་སོག་རང་སྐྱོང་ལྗོངས་དང་ཐ་ན་ནུབ་བྱང་གི་རང་བྱུང་སྐྱེ་ཁམས་སྒྲིབ་དངོས་ཤིག་ཡིན། 

6 མི་གྲངས་དང་མི་རིགས།
6_1 མི་གྲངས།

སྤྱི་ལོ2013ལོར་ཨ་ལག་ཤ་གཡོན་ཤོག་གི་ཐེམ་ཐོའི་མི་གྲངས143089ཟིན་ཡོད། ལོ་གོང་མ་ལས་མི421འཕར་བའི་ནང་ཞིང་ལས་མིན་པའི་མི་གྲངས86938ཡོད། སྤྱིའི་མི་གྲངས་གྱི60.76%བཟུང་ཡོད། སྐྱེས་པ72399ཡོད་པ་དེས་སྤྱིའི་མི་གྲངས་གྱི50.60%བཟུང་ཡོད། སྤྱི་ལོ2013ལོར་གྲངས་ཉུང་མི་རིགས་ཀྱི་མི་གྲངས48490ཡོད་པའི་ནང་། སོག་རིགས38768ཡོད་པ་དེས་སྤྱིའི་མི་གྲངས་གྱི27.09%བཟུང་ཡོད། སྤྱི་ལོ2013ལོར་སྐྱེས་པའི་མི་གྲངས1403དང་མི་གྲངས་སྐྱེ་ཚད8.93%ཡིན། རྐྱེན་ལམ་དུ་ཤོར་བའི་མི་གྲངས651 ཤི་ཚད4.14%ཟིན་ཡོད། 

6_2 མི་རིགས།

རྒྱ་རིགས། སོག་རིགས། ཧུའེ་རིགས། མན་ཇུ་རིགས། ཏ་ཝོར་རིགས། ཨུ་རུ་སུ། པའེ་རིགས། ལི་རིགས། ཞི་པོ། ཡུ་གུར་རིགས། ཀྲོང་རིགས། ཨོ་ཝུན་ཁེ་རིགས། ཨོ་ལུན་ཁྲུན་སོགས་མི་རིགས་མང་པོ་འདུས་སྡོད་བྱས་ཡོད།

7 དཔལ་འབྱོར།

སྤྱི་ལོ2013ལོར་ཨ་ལག་ཤ་གཡོན་ཤོག་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་ཁྲི3613470མངོན་འགྱུར་བྱུང་བ་རེད། བསྡུར་གཞི་ཡོད་པའི་རིན་གོང་ལྟར་བརྩིས་ན་བརྒྱ་ཆའི10.2འཕར་ཡོད། དེའི་ནང་ཐོན་ལས་དང་པོའི་འཕར་ཐང་སྒོར་ཁྲི77008ཟིན་ནས3.6%འཕར་བ་དང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་ཁྲི3051334ཟིན་ནས11.0%འཕར། ཐོན་ལས་གསུམ་པའི་འཕར་ཐང་སྒོར་ཁྲི485128ཟིན་ནས6.2%འཕར་ཡོད། ཐོན་ལས་དང་པོས་དཔལ་འབྱོར་ལ་ལེགས་སྐྱེས་འབུལ་ཚད0.7%ཟིན། ཐོན་ལས་གཉིས་པས་དཔལ་འབྱོར་ལ་ལེགས་སྐྱེས་འབུལ་ཚད91.7%ཟིན་པ་དང་། ཐོན་ལས་གསུམ་པས་དཔལ་འབྱོར་ལ་ལེགས་སྐྱེས་འབུལ་ཚད7.6%ཟིན་ཡོད། མི་རེའི་ཆ་སྙོམས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར192588ཟིན་ཏེ་བརྒྱ་ཆའི5.62འཕར་ཡོད། ཨ་ལག་ཤ་གཡོན་ཤོག་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ཁྲོད་ཀྱི་ཐོན་ལས་དང་པོ་དང་། གཉིས་པ། གསུམ་པ་བཅས་ཀྱི་བསྡུར་ཚད་སྤྱི་ལོ2012ལོའི2.0:85.6:12.4ནས2.1:84.5:13.4བར་ལེགས་སྒྲིག་བྱས་ཡོད། ཐོན་ལས་གསུམ་པའི་བསྡུར་ཚད་བརྒྱ་ཆའི་གཞི་གྲངས1འཕར་ཡོད།

8 སྤྱི་ཚོགས་བྱ་བཞག
8_1 སློབ་གསོའི་བྱ་གཞག

སྤྱི་ལོ2013ལོར་ཨ་ལག་ཤ་གཡོན་ཤོག་ཆི་ལ་སློབ་འབྲིང་དཀྱུས་མ11ཡོད། སློབ་མ2988 སློབ་གྲྭར་ཡོད་པའི་སློབ་མ9593ཡོད། སློབ་ཐོན་སློབ་མ2736ཡོད་པ་དང་ཆེད་བསྐོས་དགེ་རྒན1156ཡོད། སློབ་ཆུང13ལ་སློབ་མ1672བསྡུ་རྒྱུ་ཡིན་པ་རེད། སློབ་གྲྭར་ཡོད་པའི་སློབ་མ10175དང་སློབ་ཐོན་སློབ་མ2038དང་ཆེད་བསྐོས་དགེ་རྒན683ཡོད། བུ་བཅོལ་ཁང15དང་བུ་བཅོལ་ཁང་གི་མི1956ཡོད། བུ་བཅོལ་ནས་བྲལ་བའི་སློབ་མ1811ཆེད་བསྐོས་དགེ་རྒན376བཅས་ཡོད། དམིགས་བསལ་སློབ་གསོའི་སློབ་གྲྭ1དང་། འཛིན་གྲྭ10སློབ་གྲྭར་ཡོད་པའི་་སློབ་མ80ཆེད་བསྐོས་དགེ་རྒན44བཅས་ཡོད། 

8_2 རིག་གནས་བྱ་བཞག

སྤྱི་ལོ2013ལོར་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས1དང་། བརྙན་འཕྲིན་ཁང1དཔེ་མཛོད་ཁང2དངོས་མང་བཤམས་སྟོན་ཁང1རིག་གནས་ཁང1རིག་གནས་ས་ཚིགས13གློག་བརྙན་བརྙན་ཕབ་དོ་དམ་ས་ཚིགས1གླུ་གར་ཚོགས་པ1མང་ཚོགས་སྒྱུ་རྩལ་ཁང1ཝུའུ་ལན་མུའུ་ཆི1བཅས་ཡོད། 

9 མཛེས་ལྗོངས་གྲགས་ཅན།

ངང་དཀར་མཚོའི་མཛེས་ལྗོངས་ཁུལ། 

ཧོ་ལན་རི་བོའི་གདོད་མའི་ནགས་ཚལ། 

ཧོ་ལན་ཧྲན་ཀོང་ཙུང་དགོན།

ཧོ་ལན་རི་བོའི་ཧྥུ་དབྱིན་དགོན།

ཐེང་ཀེ་ལི་བྱེ་ཐང་།

ཐེང་ཀེ་ལི་བྱེ་ཐང་ངང་དཀར་མཚེའུ།

ཐང་ཧུའུ་རྩྭ་ཐང་ཡུལ་སྐོར་ཁུལ།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-08-04

གསར་སྤེལ་མཁན། :གསེར་ཞང་འཇམ་བསོད།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།