ཅིན་ཧྲན་ཆུས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཅིན་ཧྲན་ཆུས།
ཅིན་ཧྲན་ཆུས་ནི་ཧྲང་ཧེ་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་པ་དང་། ཧྲང་ཧའེ་ལྷོ་ནུབ་རྒྱུད་ཀྱི་རྒྱང་འདབས་ཡིན། ཀྲུང་གོའི་འབྲི་ཆུའི་ལྷོ་རྒྱུད་དང་ཧོང་ཕུའུ་ཅང་གཙང་པོའི་སྟོད་རྒྱུད་ཀྱི་ལྷོ་ངོགས་སུ་གནས་པ་དང་། ལྷོ་ངོས་ཧང་ཀྲོའུ་མཚོ་ཁུག་དང་འབྲེལ་ཞིང་། ཤར་ངོས་ཧྥེང་ཞན་ཆུས་དང་འབྲེལ་ཡོད། བྱང་ངོས་སུང་ཅང་ཆུས་དང་ཆིན་ཕུའུ་ཆུས་གཉིས་ལ་འབྲེལ་ཡོད་པ་དང་། ནུབ་ངོས་ཀྲེ་ཅང་གི་ཕིན་ཧུའུ་དང་ཅ་ཧྲན་ལ་འབྲེལ་ཡོད་པ་ཡིན། ས་ཁོངས་ཡོངས་ཀྱི་ས་བབ་དམའ་ཞིང་། ས་ངོས་ཀྱི་མཐོ་ཚད་ནི་བྱང་ཕྱོགས་ནས་ཤར་ལྷོའི་བར་དུ་ཅུང་ཇེ་མཐོར་འགྲོ་བཞིན་ཡོད། ཆུ་བོ་ནི་ཧོང་ཕུའུ་གཙང་པོའི་ཆུ་རྒྱུད་ཡིན་པ་དང་། ཀྲེ་ཅང་ཐེན་མུའུ་རི་ཁུལ་ནས་བྱུང་བ་རེད། སྤྱི་ལོ2015ལོའི་ཆུས་ཡོངས་ཀྱི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ613ཡོད། དེའི་ཁོངས་སུ་གྲོང་རྡལ9དང་། ཁྲོམ་གཞུང1 བཟོ་ལས་ཁུལ2བཅས་ཡོད་པ་དང་། རྒྱུན་སྡོད་མི་གྲངས་ཁྲི79.8ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
金山区
ཕྱི་ཡིག་གི་མིང་།
JinShanDistrict
སྲིད་འཛིན་ས་ཁུལ་གྱི་རིགས་དབྱེ།
གྲོང་ཁྱེར་ཁོངས་གཏོགས་ཆུས།
ཁོངས་གཏོགས་ས་ཁུལ།
ཀྲུང་གོའི་ཧྭ་ཤར།
མངའ་ཁོངས།
གྲོང་རྡལ9དང་ཁྲོམ་གཞུང1 བཟོ་ལས་ཁུལ1
སྲིད་གཞུང་གནས་ཡུལ།
ཧྲན་དབྱང་གྲོང་རྡལ་ཅིན་ཧྲན་ལམ་ཆེན་ཨང2000པ།
ས་ཁོངས་ཁ་པར་ཨང་རྟགས།
021
སྦྲག་སྲིད་ཨང་རྟགས།
201599
གནས་ཡུལ།
ཧང་ཀྲོའུ་མཚོ་ཁུག་གི་བྱང་རྒྱུད།
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ613
མི་གྲངས།
མི་ཁྲི79.8(སྤྱི་ལོ2015ལོར)
ནམ་ཟླ།
ཚ་ཁུལ་ཕལ་བའི་དུས་རླུང་ནམ་ཟླ།
གནམ་གྲུ་ཐང་།
ཧྲང་ཧའེ་ཧུང་ཆའོ་རྒྱལ་སྤྱིའི་གནམ་ཐང་དང་ཧྲང་ཧའེ་ཕུའུ་ཏུང་རྒྱལ་སྤྱིའི་གནམ་ཐང་།
མེ་འཁོར་འབབ་ཚུགས།
ཅིན་ཧྲན་བྱང་ཚུགས། ཅིན་ཧྲན་ཝའེ་ས་ཚུགས། ཅིན་ཧྲན་ཡོན་ས་ཚུགས་སོགས།
རླངས་འཁོར་ཚབ་ཨང་།
ཧུའུ(沪)C
སྲིད་འཛིན་ས་ཁུལ་དབྱེ་མཚམས་ཚབ་ཨང་།
310116
GDP
སྒོར་དུང་ཕྱུར1077.15(སྤྱི་ལོ2019ལོ)
མི་རེའི་ཆ་སྙོམསGDP
སྒོར་ཁྲི13.5(སྤྱི་ལོ2019ལོར)
1 ལོ་རྒྱུས་ཀྱི་འཕེལ་རིམ།

སྤྱི་ལོ1949ལོའི་ཟླ5པའི་ཚེས13ཉིན། ཅིན་ཧྲན་ཆུས་བཅིངས་འགྲོལ་བྱས། སྤྱི་ལོ1949ལོའི་ཟླ5པའི་ཚེས15ཉིན་ཅིན་ཧྲན་རྫོང་མི་དམངས་སྲིད་གཞུང་བཙུགས་པ་དང་ཅང་སུའུ་ཞིང་ཆེན་གྱི་ཁོངས་སུ་གཏོགས། སྤྱི་ལོ1958ལོའི་ཟླ3པར་སུང་ཅང་ཀྲོན་ཆུས་མེད་པར་བཟོས་པ་དང་། ཅིན་ཧྲན་རྫོང་སུའུ་ཀྲོའུ་ཀྲོན་ཆུས་སུ་བསྒྱུར། སྤྱི་ལོ1958ལོའི་ཟླ11པར། ཅིན་ཧྲན་རྫོང་ཧྲང་ཧའེ་གྲོང་ཁྱེར་དུ་བགོས།

སྤྱི་ལོ1997ལོའི་ཟླ4པའི་ཚེས29ཉིན་ཅིན་ཧྲན་རྫོང་མེད་པར་བཟོས་པ་དང་། ཅིན་ཧྲན་ཆུས་བཙུགས་ནས་དེ་སྔའི་ཅིན་ཧྲན་རྫོང་གི་སྲིད་འཛིན་ས་ཁོངས་ནི་ཅིན་ཧྲན་ཆུས་ཀྱི་སྲིད་འཛིན་ས་ཁོངས་ཡིན།

2 སྲིད་འཛིན་ས་ཁུལ་གྱི་དབྱེ་མཚམས།    

སྤྱི་ལོ2015ལོའི་ལོ་མཇུག་བར་ཅིན་ཧྲན་ཆུས་ཁོངས་སུ་གྲོང་རྡལ9དང་། ཁྲོམ་གཞུང1 བཟོ་ལས་ཁུལ2བཅས་ཡོད། ཆུས་སྲིད་གཞུང་ནི་ཧྲན་དབྱང་གྲོང་རྡལ་ཅིན་ཧྲན་ལམ་ཆེན་ཨང2000པར་བཅའ་སྡོད་བྱས་ཡོད།

3 ས་ཁམས་ཁོར་ཡུག
3_1 གནས་ཡུལ།

ཅིན་ཧྲན་ཆུས་ནི་ཧྲང་ཧའེ་གྲོང་ཁྱེར་གྱི་ལྷོ་ནུབ་ཀྱི་ཉེ་འདབས་སུ་གནས་ཡོད། ཤར་གྱི་གཞུང་ཐིག121°9′དང་། བྱང་གི་འཕྲེད་ཐིག30°54′བར་དུ་གནས་ཡོད། ལྷོ་ངོས་ཧང་ཀྲོའུ་མཚོ་ཁུག་དང་འབྲེལ་ཞིང་། ཤར་ངོས་ཧྥེང་ཞན་ཆུས་དང་འབྲེལ་བ་དང་། བྱང་ངོས་སུང་ཅང་ཆུས་དང་ཆིན་ཕུའུ་ཆུས་གཉིས་ལ་འབྲེལ་ཡོད། ནུབ་ངོས་ཀྲེ་ཅང་གི་ཕིན་ཧུའུ་དང་ཅ་ཧྲན་ལ་འབྲེལ་ཡོད་པ་ཡིན། ས་ཁོངས་ཡོངས་ཀྱི་ས་བབ་དམའ་ཞིང་། ས་ངོས་ཀྱི་མཐོ་ཚད་ནི་བྱང་ཕྱོགས་ནས་ཤར་ལྷོའི་བར་དུ་ཅུང་ཇེ་མཐོར་འགྲོ་བཞིན་ཡོད། ཆུ་བོ་ནི་ཧོང་ཕུའུ་གཙང་པོའི་ཆུ་རྒྱུད་ཡིན་པ་དང་། ཀྲེ་ཅང་ཐེན་མུའུ་རི་ཁུལ་ནས་བྱུང་བ་རེད། སྤྱི་ལོ2015ལོའི་ཆུས་ཡོངས་ཀྱི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ613ཡོད།

3_2 ནམ་ཟླ།

ཅིན་ཧྲན་ཆུས་ནི་བྱང་ཕྱོགས་ཚ་ཁུལ་གྱི་དུས་རླུང་ས་ཁུལ་དུ་གཏོགས་ཤིང་། ཆར་ཆུ་འབེལ་ཞིང་། ལོ་རེར་ཆ་སྙོམས་ཆར་པ་འབབ་ཚད་ཧའོ་སྨི1156.7ཡིན། ཆུ་འབྲུབ་པའི་དུས་སུ་ཆར་པ་འབབ་ཚད་ཀྱིས་ལོ་ཧྲིལ་པོའི68.3%ཟིན་པ་དང་། ལོ་རེའི་ཟླ6པའི་ཟླ་དཀྱིལ་ནས་ཟླ7པའི་ཟླ་སྟོད་བར་ནི་ཆུས་དེ་གའི་སོས་ཆར་དུས་ཡིན། ལོ་རེའི་ཆ་སྙོམས་ཆར་པ་འབབ་ཚད་ཧའོ་སྨི226.6ཡིན།

4 མི་གྲངས།

སྤྱི་ལོ2015ལོའི་ལོ་མཇུག་བར་ཅིན་ཧྲན་ཆུས་སུ་རྒྱུན་སྡོད་མི་གྲངས་ཁྲི79.8ཡོད་པ་དང་། དེའི་ནང་ཐེམ་ཐོ་ཡོད་པའི་རྒྱུན་སྡོད་མི་གྲངས་ཁྲི52.46དང་ཕྱི་ནས་ཡོང་བའི་རྒྱུན་སྡོད་མི་གྲངས་ཁྲི27.34ཡོད་པ་རེད།

5 དཔལ་འབྱོར།

སྤྱི་ལོ2019ལོར་ཕྱི་ཕྱོགས་ཀྱི་དཔལ་འབྱོར་དུས་བབ་ཛ་དྲག་ལ་རྙོག་འཛིང་ཆེ་བའི་རྒྱབ་ལྗོངས་འོག་ཆུས་ཡོངས་ཀྱི་དཔལ་འབྱོར་ལ་བརྟན་ཐོག་ཡར་འཕེལ་དང་ཡར་རྒྱས་ཀྱི་འཕེལ་ཕྱོགས་བཟང་པོ་མངོན་ཡོད། ཅིན་ཧྲན་ཆུས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར1077.15མངོན་འགྱུར་བྱུང་བ་དང་། བསྡུར་གཞི་ཡོད་པའི་རིན་གོང་ལྟར་བརྩིས་ན་དུས་མཚུངས་ལས7.1%འཕར་ཡོད། གྲོང་ཁྱེར་ཡོངས་ཀྱིGDPའཕར་ཚད་ལས་བརྒྱ་ཆའི་གྲངས1.1མཐོ་བ་དང་འཕར་ཚད་ཆུས16གི་ནང་ཨང་དང་པོར་སླེབས་ཡོད། “བརྟན་པོ། སྟོབས་ལྡན། ལེགས་པ། མགྱོགས་པོ”བཅས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཞིག་ཆགས་ཡོད།

6 སྤྱི་ཚོགས་ཀྱི་ལས་དོན།    
6_1 སློབ་གསོ།

སྤྱི་ལོ2015ལོའི་ལོ་མཇུག་བར་ཅིན་ཧྲན་ཆུས་སུ་ཁྱོན་སློབ་ཆུང28དང་སློབ་གྲྭར་འགྲོ་མུས་ཀྱི་སློབ་མ24968ཡོད། སློབ་འབྲིང32ལ་སློབ་གྲྭར་ཡོད་པའི་སློབ་མ24527ཡོད་པ་དང་། སློབ་ཆུང་དུ་སློབ་གྲྭར་ཞུགས་ཚད་བརྒྱ་ཆའི100ཟིན་ཡོད། དམའ་རིམ་སློབ་འབྲིང་དུས་རིམ་དུ་སློབ་རིམ་འཕར་ཚད་བརྒྱ་ཆའི98.15ཟིན་པ་དང་། ད་ལོའི་སྟོན་དུས་མཐོ་རྒྱུགས་ཀྱི་དངོས་གཞིའི་ཚན་ཁག་གི་སློབ་མ་བསྡུ་ཚད89.55%ཟིན་པ་དང་དངོས་གཞིའི་ཚན་ཁག་གི་སློབ་མ1442བསྡུས་ཡོད། ལོ་ཧྲིལ་པོར་མཐོ་རྒྱུགས་ཀྱི་དངོས་གཞིའི་ཚན་ཁག་གི་སློབ་བསྡུའི་ཚད89.84%ཟིན་ཡོད།

6_2 རིག་གནས།

སྤྱི་ལོ2016ལོའི་ལོ་མཇུག་བར་ཅིན་ཧྲན་ཆུས་ཀྱིས་མང་ཚོགས་ཀྱི་རིག་གནས་བྱེད་སྒོ་སྣ་ཚོགས་སྤེལ་ནས་མང་ཚོགས་ཀྱི་རིག་གནས་བྱེད་སྒོ་མི་ཐེངས་ཁྲི115ཞུགས་པ་དང་། ཁྱོན་འགྲེམས་སྟོན་སྣ་ཚོགས463གཉེར་བ་དང་ལྟད་མོ་བ་མི་ཐེངས་ཁྲི32.22ལྷག་ལས་བརྒལ། ལོ་ཧྲིལ་པོར་མང་ཚོགས་ཀྱི་རིག་གནས་བརྩམས་ཆོས67གསར་རྩོམ་བྱས་ཡོད།

7 གཟི་བརྗིད་མཚན་སྙན།    

སྤྱི་ལོ2020ལོའི་ཟླ1པོའི་ཚེས9ཉིན“སྤྱི་ལོ2018ལོའི་ལོ་འཁོར་གྱི་བདེ་ཐང་གྲོང་ཁྱེར་འཛུགས་སྐྲུན་གྱི་དཔེ་སྟོན་གྲོང་ཁྱེར”དང་སྤྱི་ལོ2018ལོའི་ལོ་འཁོར་གྱི་ཧྲང་ཧའེ་གྲོང་ཁྱེར་གྱི་བདེ་ཐང་གྲོང་ཁྱེར་འཛུགས་སྐྲུན་གྱི་ཨང་དང་པོར་བདམས་པ་རེད།

སྤྱི་ལོ2020ལོའི་ཟླ3པའི་ཚེས19ཉིན་རྒྱལ་ཡོངས་ཀྱི་ཞིང་ལས་སྐྱེ་དངོས་ཀྱི་ནད་འབུའི་གནོད་འཚུབ“ལྗང་མདོག་སྔོན་འགོག་ཚོད་འཛིན་གྱི་དཔེ་སྟོན་རྫོང”ཁག་དང་པོའི་དཔྱད་འདེམས་མིང་ཐོའི་ནང་བདམས་པ་རེད།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-07-30

གསར་སྤེལ་མཁན། :མཁའ་འབུམ་བཀྲ་ཤིས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།