ཧྭ་ཏེ་རྫོང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཧྭ་ཏེ་རྫོང་།
ཧྭ་ཏེ་རྫོང་ནི་ནང་སོག་རང་སྐྱོང་ལྗོངས་ཝུའུ་ལན་ཁྲ་པུའུ་གྲོང་ཁྱེར་ཁོངས་གཏོགས་རྫོང་ཡིན་པ་དང་། ཝུའུ་ལན་ཁྲ་པུའུ་གྲོང་ཁྱེར་གྱི་བྱང་ཤར་རྒྱུད་དུ་གནས་ཡོད། བྱང་ཕྱོགས་སུ་ཞང་ཧོང་ཤོག་དང་འབྲེལ་ཡོད་ཅིང་། ནུབ་ཕྱོགས་དང་ལྷོ་ཕྱོགས་ནི་ཧྲང་ཏུའུ་རྫོང་དང་ཁ་སྤྲོད་དུ་གནས། ཤར་རྒྱུད་ནི་ཧོ་པེ་ཞིང་ཆེན་གྱི་ཁང་པའོ་རྫོང་གི་ས་མཚམས་དང་འབྲེལ་ཡོད། སྤྱི་ལོ2017ལོར་ཧྭ་ཏེ་རྫོང་གི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ2534ཟིན་པ་དང་། དེའི་ཁོངས་སུ་གྲོང་རྡལ3དང་ཡུལ་ཚོ3 གྲོང་ཚོ་ཨུ་ལྷན87དང་སྡེ་ཁུལ9ཡོད། རང་བྱུང་གྲོང་ཚོ325 ཐོ་འགོད་བྱས་པའི་མི་གྲངས་ཁྲི16.37ཟིན་ཡོད། དེའི་ནང་གྲོང་ཁྱེར་དང་གྲོང་རྡལ་གྱི་མི་གྲངས་ཁྲི3.66ཟིན་པ་དང་། གྲོང་གསེབ་ཀྱི་མི་གྲངས་ཁྲི12.71 གྲོང་གསེབ་ཀྱི་རྒྱུན་སྡོད་མི་གྲངས་ཁྲི5.09བཅས་ཡོད་ཅིང་སོག་རིགས། རྒྱ་རིགས། མན་ཇུ་རིགས། ཧུའེ་རིགས། ཁྲའོ་ཞན་སོགས་མི་རིགས་མང་པོ་འདུས་སྡོད་བྱས་པའི་ཞིང་འབྲོག་ཟུང་འབྲེལ་གྱི་རྫོང་ཞིག་ཡིན། སྤྱི་ལོ2016ལོར་སྔོན་དཔག་བྱས་ན་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར55ཟིན་ནས7.1%འཕར། སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཀྱི་ཡོང་སྒོ་སྒོར་དུང་ཕྱུར1.86ཡིན་པས་བསྡུར་གཞི་ཡོད་པའི་ཚད་ལྟར6.3%འཕར་ཡོད། སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར30བཏང་ནས7%འཕར། སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར15.7ཟིན་ནས9.2%འཕར་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སོ་སོར་སྒོར26547དང་སྒོར7768ཟིན། དུས་མཉམ་དུ8%འཕར་ཡོད། སྤྱི་ལོ2018ལོའི་ཟླ9ཚེས25ཉིན་ཚོང་དོན་པུའུ་ཡི“སྤྱི་ལོ2018ལོའི་དྲ་ཐོག་ཚོང་དོན་གྲོང་གསེབ་ཏུ་ཁྱབ་གདལ་གཏོང་བའི་ཕྱོགས་བསྡུས་དཔེ་སྟོན་རྫོང”གི་གཟི་བརྗིད་མཚན་སྙན་ཐོབ།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
化德县
ཕྱི་ཡིག་གི་མིང་།
Huade County
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
རྫོང་།
ཁོངས་གཏོགས་ས་ཁུལ།
ནང་སོག་རང་སྐྱོང་ལྗོངས་ཝུའུ་ལན་ཁྲ་པུའུ་གྲོང་ཁྱེར།
མི་གྲངས།
སྤྱི་ལོ2017ལོར་མི་ཁྲི16.37ཡོད།
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ2534ཡོད།
ནམ་ཟླ།
དྲོད་ཁུལ་འབྲིང་མའི་སྐམ་སའི་རང་བཞིན་གྱི་ནམ་ཟླ།
སྲིད་འཛིན་ས་ཁུལ་དབྱེ་མཚམས་ཚབ་ཨང་།
150922
ས་ཁོངས་ཁ་པར་ཨང་རྟགས།
0474
རླངས་འཁོར་ཚབ་ཨང་།
སོག(蒙)J
སྦྲག་སྲིད་ཨང་རྟགས།
013350
1 ​ལོ་རྒྱུས་འཕེལ་རིམ།

བཅིངས་འགྲོལ་བྱས་རྗེས་ཏེ་སྤྱི་ལོ1950ལོའི་ཟླ8པར། ཧྭ་ཏེ་རྫོང་ནང་སོག་རང་སྐྱོང་ལྗོངས་ཁྲ་ཧར་མེང་གི་མངའ་འོག་ཏུ་གཏོགས་པར་བྱས།  

སྤྱི་ལོ1959ལོའི་ཟླ10པར་ལི་ཞི་ལིན་ཀུའོ་ལེ་མེང་གི་མངའ་འོག་ཏུ་གཏོགས་པར་བྱས།

སྤྱི་ལོ1963ལོའི་ཟླ5པའི་ཚེས28ཉིན་ཞང་ཧོང་ཤོག་མེད་པར་བཟོས་ནས། ཅན་ཏི་རྫོང་གི་སྒྲིག་གཞི་སླར་གསོ་བྱས་ནས་སྔར་བཞིན་ཞི་ལིན་ཀུའོ་ལེ་མེང་གི་མངའ་ཁོངས་སུ་གཏོགས་པར་བྱས།     

སྤྱི་ལོ1969ལོའི་ཟླ11པར་ཧྭ་ཏེ་རྫོང་ཞི་ལིན་ཀུའོ་ལེ་མེང་ནས་ཝུའུ་ལན་ཁྲ་པུའུ་མེང་ལ་གཏོགས་པར་བྱས།     

སྤྱི་ལོ2003ལོའི་ཟླ12པར་ཝུའུ་ལན་ཁྲ་པུའུ་གྲོང་ཁྱེར་དུ་བསྒྱུར།

2 སྲིད་འཛིན་ས་ཁུལ་གྱི་དབྱེ་མཚམས།   

སྤྱི་ལོ2013ལོར་ཧྭ་ཏེ་རྫོང་གི་མངའ་ཁོངས་སུ་གྲོང་རྡལ3དང་ཡུལ་ཚོ2ཡོད་པ་སྟེ། ཁྲང་ཧྲུན་གྲོང་རྡལ་དང་། ཨང་བདུན་པའི་གྲོང་རྡལ། ཁྲའོ་དབྱང་གྲོང་རྡལ། ཏེ་པའོ་ཐུའུ་ཡུལ་ཚོ། ཀུང་ལ་ཧུའུ་ཏུང་ཡུལ་ཚོ་བཅས་རེད། རྫོང་མི་དམངས་སྲིད་གཞུང་ཁྲང་ཧྲུན་གྲོང་རྡལ་དུ་བཅའ་སྡོད་བྱས་ཡོད།     མི་གྲངས་དང་མི་རིགས།     སྤྱི་ལོ2012ལོར་ཧྭ་ཏེ་རྫོང་གི་མི་གྲངས་བསྡོམས་འབོར་ཁྲི17.5ཟིན་ཡོད་ཅིང་དེར་སོག་པོ་དང་། རྒྱ་རིགས། མན་ཇུ་རིགས། ཧུའེ་རིགས་སོགས་མི་རིགས11འདུས་སྡོད་བྱས་ཡོད། དེའི་ནང་རྒྱ་རིགས154223ཡོད་པ་དེས་སྤྱིའི་མི་གྲངས་གྱི98.09%བཟུང་བ་དང་། སོག་རིགས་ལ་མི་གྲངས2427དང་། ཧུའེ་རིགས་ལ་མི་གྲངས286 མན་ཇུ་རིགས་ལ་མི་གྲངས273བཅས་ཡོད། གྲངས་ཉུང་མི་རིགས་གཞན་དག་ལ་ཏ་ཝོར་དང་། ཁྲའོ་ཞན། ཨུ་རུ་སུ། ཏའེ་རིགས། ཐུའུ་ཅ་རིགས། དབའ་རིགས། དབྱིས་རིགས་བཅས་ཁྱོན་བསྡོམས་མི23ཡོད།     སྤྱི་ལོ2017ལོར་ཧྭ་ཏེ་རྫོང་གི་མི་གྲངས་ཁྲི16.37ཟིན་པའི་ནང་གྲོང་ཁྱེར་དང་གྲོང་རྡལ་གྱི་མི་གྲངས་ཁྲི3.66དང་གྲོང་གསེབ་ཀྱི་མི་གྲངས་ཁྲི12.71ཡོད་པ་རེད།

3 ས་ཁམས་ཁོར་ཡུག  
3_1 གནས་ཡུལ།

ཧྭ་ཏེ་རྫོང་ནི་ནང་སོག་རང་སྐྱོང་ལྗོངས་ཝུའུ་ལན་ཁྲ་པུའུ་གྲོང་ཁྱེར་ཁོངས་གཏོགས་རྫོང་ཡིན་པ་དང་། ཝུའུ་ལན་ཁྲ་པུའུ་གྲོང་ཁྱེར་གྱི་བྱང་ཤར་རྒྱུད་དུ་གནས་ཡོད། བྱང་ཕྱོགས་སུ་ཞང་ཧོང་ཤོག་དང་འབྲེལ་ཡོད་ཅིང་། ནུབ་ཕྱོགས་དང་ལྷོ་ཕྱོགས་ནི་ཧྲང་ཏུའུ་རྫོང་དང་ཁ་སྤྲོད་དུ་གནས། ཤར་རྒྱུད་ནི་ཧོ་པེ་ཞིང་ཆེན་གྱི་ཁང་པའོ་རྫོང་གི་ས་མཚམས་དང་འབྲེལ་ཡོད།

3_2 ས་དབྱིབས།    

ཧྭ་ཏེ་རྫོང་གི་ས་བབ་ཧྲིལ་པོ་ནུབ་མཐོ་ལ་ཤར་དམའ། ནུབ་བྱང་ནས་ཤར་ལྷོའི་ཕྱོགས་སུ་ཅུང་གསེག་ཅིང་རི་ཁུལ་དང་། རི་མ་ཐང་། བཅས་སུ་ཆགས་ཡོད།

3_3 ནམ་ཟླ།

ཧྭ་ཏེ་རྫོང་ནི་དབུས་ཁུལ་དྲོད་མའི་ཁུལ་དུ་གནས་པ་དང་། ཐན་པ་ཕྱེད་ཙམ་དང་སྐམ་སའི་རང་བཞིན་གྱི་དུས་རླུང་གི་ནམ་ཟླའི་ཁོངས་སུ་གཏོགས། ལོ་རེའི་ཆ་སྙོམས་ཀྱི་དྲོད་ཚད2.5℃ཡིན་པ་དང་། ལོ་རེར་ཆ་སྙོམས་ཀྱི་ཆར་ཆུ་འབབ་ཚད་ཧའོ་སྨི330ཡིན་ལ། ཆར་ཆུ་མང་ཆེ་བ་ཟླ6~8བར་ཡིན།

4 རང་བྱུང་ཐོན་ཁུངས། 
4_1 སྲོག་ཆགས་དང་རྩི་ཤིང་།

སྤྱི་ལོ2013ལོ་བར་དུ་རི་སྐྱེས་རྩི་ཤིང་ཐོན་ཁུངས་ལ་རིགས44ཙམ་ཡོད་པ་དང་། དེའི་ནང་སྨན་རྫས་ཐོན་ཁུངས་རིགས140ལྷག་དང་མེ་ཏོག་ཐོན་ཁུངས་རིགས20ལྷག་ཙམ་ཡོད།

5 དཔལ་འབྱོར།
5_1 ཐོན་ལས་དང་པོ།   

སྤྱི་ལོ2013ལོར་ཧྭ་ཏེ་རྫོང་གི་གྲང་ཚལ་མུའུ་ཁྲི45ཟིན་པ་རེད། སྒྲིག་བཀོད་སྔོ་ཚལ་མུའུ་ཁྲི15ཟིན་པ་དང་ནུས་ཆེའི་ཆུ་གྲོན་ཆུང་གི་ཞིང་ཆུ་འདྲེན་ཁྱོན་མུའུ་ཁྲི280ཟིན་ཡོད།

5_2 ཐོན་ལས་གཉིས་པ།   

སྤྱི་ལོ2013ལོར་ཧྭ་ཏེ་རྫོང་གིས་གློག་རིན་ཁ་གསབ་དང་གློག་ཤུགས་ཕྱོགས་མང་ཉོ་ཚོང་ལག་བསྟར་བྱས། ཁེ་ལས135ལ་ཕན་པ་ཐོབ་ནས་ཁེ་ལས་ཀྱི་གློག་སྤྱོད་མ་གནས་སྒོར་དུང་ཕྱུར6.2ཆག་ཡོད། ཁྲལ་འབབ་སྒོར་དུང་ཕྱུར4.09འཕར་ནས་ཁེ་ལས་དཀའ་གནད་ལས་སྒྲོལ་རོགས་བྱས་ཡོད།   

5_3 ཐོན་ལས་གསུམ་པ། 

སྤྱི་ལོ2013ལོར་ཧྭ་ཏེ་རྫོང་གི་ཡུལ་སྐོར་ཞབས་ཞུའི་ལས་རིགས་ཀྱི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར20བཏང་ནས97%འཕར་ཡོད། ཡུལ་སྐོར་གཞུང་ལམ6ལ་སྤྱི་ལེ181ཡོད་པ་ཞིག་གསར་སྐྲུན་བྱས་པ་དངA4རིམ་པའི་མཛེས་ལྗོངས་ཁུལ3གསར་སྐྲུན་བྱས་ཡོད།

6 སྤྱི་ཚོགས།
6_1 སློབ་གསོ། 

སྤྱི་ལོ2013ལོར་ཧྭ་ཏེ་རྫོང་གི་སློབ་གྲྭའི་ཉལ་ཁང36000000བསྐྲུན་ཟིན་པ་དང་འགྱིག་གི་ལུས་རྩལ་ཐང71བསྐྲུན་ཡོད། རྫོང་གྲོང་གི་སློབ་གྲྭ8དང་། བུ་བཅོལ་ཁང5གྲོང་གསེབ་དང་འབྲོག་ཁུལ་གྱི་བུ་བཅོལ་ཁང100བཅས་བེད་སྤྱོད་གཏོང་འགོ་ཚུགས།   

6_2 སྨན་གསོ།     

སྤྱི་ལོ2013ལོར་ཧྭ་ཏེ་རྫོང་མི་དམངས་སྨན་ཁང་གི་སྒོ་བསྟེན་ཐོག་ཁང་དང་། འགོས་ནད་སྨན་ཁང་། རྫོང་རིམ་པའི་སྨན་ཁང9བཅས་སྤྱོད་འགོ་ཚུགས།   

6_3 སྤྱི་ཚོགས་འགན་སྲུང་།  

སྤྱི་ལོ2013ལོར་ཧྭ་ཏེ་རྫོང་ཁེ་ལས་ཀྱི་ལས་འཁྱུར་མི་སྣའི་རྒན་གསོའི་འགན་བཅོལ་ཐོབ་ཐང10%མཐོ་རུ་བཏང་བ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོའི་སྨན་བཅོས་འགན་བཅོལ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་སྨན་བཅོས་འགན་བཅོལ། གྲོང་གསེབ་ཀྱི་མཉམ་ལས་སྨན་བཅོས་གསར་པའི་གྲོང་ཁྱེར་ནང་སྨན་ཁང་དུ་སྡོད་པའི་དོན་དངོས་རྩིས་ཞུའི་བསྡུར་ཚད་ཁག་སོ་སོར75%དང70%བཅས་ཟིན་ཡོད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་ལེན་དང་འགན་ལེན་ལྔ་སོགས་ཡོད། 

དཀའ་ངལ་ཡོད་པའི་ཚོགས་སྤྱིར་ནུས་ལྡན་སྒོས་རོགས་སྐྱོབ་ཐོབ་ནས་གྲོང་ཁྱེར་ཡོངས་ཀྱི་ཡོང་འབབ་དམའ་བའི་ཞིང་འབྲོག་དུད་ཚང་ཁྲི32ལ་རིན་མེད་ངང་དྲོད་ལེན་རྡོ་སོལ་ཏུན1སྤྲད།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-08-04

གསར་སྤེལ་མཁན། :དཀོན་མཆོག་སྒྲོལ་མ།༡

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།