ཕིང་ལིང་ཆུས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཕིང་ལིང་ཆུས།
ཕིང་ལིང་གྲོང་ཁྱེར་ནི་ཀན་སུའུ་ཞིང་ཆེན་གྱིས་ཁུལ་རིམ་པའི་གྲོང་ཁྱེར་ཞིག་ཡིན་པ་དང་། ཀན་སུའུ་ཞིང་ཆེན་གྱི་ཤར་རྒྱུད་དང་ལིའུ་ཕན་རི་བོའི་ཤར་འདབས་དང་ཅིན་ཧོ་ཆུ་བོའི་སྟོད་རྒྱུད་དུ་ཆགས་ཡོད། ཤར་ཧྲན་ཞི་ཞན་དབྱང་དང་ཐག་ཉེ་བ། ནུབ་ཀན་སུའུ་་ཏིང་ཞི་དང་པའེ་ཡིན་དང་འབྲེལ་བ། ལྷོ་ཧྲན་ཞི་ཞིང་ཆེན་གྱི་པའོ་ཅི་དང་ཀན་སུའུ་ཐེན་ཧྲུའེ་དང་འབྲེལ་ཞིང་། བྱང་ཀ་ཅིའི་ཀུའུ་ཡོན་དང་ཀན་སུའུ་ཆིང་དབྱང་དང་ཁྱིམ་མཚེས་ཡིན་པ། ཀོན་ཀྲུང་ཕིང་ཡོན་གྲོང་ཁྱེར་ཁྱུ་ཚོགས་ཀྱི་མཚམས་ཚིགས་གྲོང་ཁྱེར་གལ་ཆེན་ཞིག་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
平凉
ཕྱི་ཡིག་གི་མིང་།
Pingliang
ཁོངས་གཏོགས་ས་ཁུལ།
ས་ཁུལ་རིམ་པའི་གྲོང་ཁྱེར།
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
ནུབ་བྱང་ས་ཁུལ།
མངའ་ཁོངས།
གྲོང་ཁྱེར་ཁོངས་གཏོགས་ཆུས1རྫོང5 རྫོང་རིམ་པའི་གྲོང་ཁྱེར1
སྲིད་གཞུང་གནས་ཡུལ།
ཁུང་ཐུང་ཆུས།
ས་ཁོངས་ཁ་པར་ཨང་རྟགས།
0933
སྦྲག་སྲིད་ཨང་རྟགས།
744000
གནས་ཡུལ།
ཁྲེན་ལུང་ས་སེར་མཐོ་སྒང་།
རྒྱ་ཁྱོན།
སྟོང་སྨི་གྲུ་བཞི་མ11325ཡོད།
མི་གྲངས།
མི་ཁྲི210.31ཡོད།
ནམ་ཟླ།
དྲོད་འཇམ་དང་བརླན་གཤེར་ཕྱེད་ཙམ་གྱི་ཞིང་ལས་ནམ་ཟླའི་ཁུལ།
གནམ་གྲུ་ཐང་།
ཕིང་ལིང་གནམ་གྲུ་ཐང་།
མེ་འཁོར་འབབ་ཚུགས།
ཕིང་ལིང་འབབ་ཚུགས། ཕིང་ལིང་ལྷོ་ཚུགས།
རླངས་འཁོར་ཚབ་ཨང་།
ཀན(甘) L
སྲིད་འཛིན་ཚབ་ཨང་།
620800
1 ངོ་སྤྲོད།

ཕིང་ལིང་གྲོང་ཁྱེར་ནི་ཀན་སུའུ་ཞིང་ཆེན་གྱིས་ཁུལ་རིམ་པའི་གྲོང་ཁྱེར་ཞིག་ཡིན་པ་དང་། ཀན་སུའུ་ཞིང་ཆེན་གྱི་ཤར་རྒྱུད་དང་ལིའུ་ཕན་རི་བོའི་ཤར་འདབས་དང་ཅིན་ཧོ་ཆུ་བོའི་སྟོད་རྒྱུད་དུ་ཆགས་ཡོད། ཤར་ཧྲན་ཞི་ཞན་དབྱང་དང་ཐག་ཉེ་བ། ནུབ་ཀན་སུའུ་་ཏིང་ཞི་དང་པའེ་ཡིན་དང་འབྲེལ་བ། ལྷོ་ཧྲན་ཞི་ཞིང་ཆེན་གྱི་པའོ་ཅི་དང་ཀན་སུའུ་ཐེན་ཧྲུའེ་དང་འབྲེལ་ཞིང་། བྱང་ཀ་ཅིའི་ཀུའུ་ཡོན་དང་ཀན་སུའུ་ཆིང་དབྱང་དང་ཁྱིམ་མཚེས་ཡིནཔ། ཀོན་ཀྲུང་ཕིང་ཡོན་གྲོང་ཁྱེར་ཁྱུ་ཚོགས་ཀྱི་མཚམས་ཚིགས་གྲོང་ཁྱེར་གལ་ཆེན་ཞིག་ཡིན།

2 ལོ་རྒྱུས་འཕེལ་རིམ།

སྤྱི་ལོ1949ལོའི་ཟླ7པའི་ཚེས26ཉིན་ལ། ཀྲུང་གུང་ཀྲུང་དབྱང་ནུབ་བྱང་ཅུས་ཀྱིས་ཆོག་མཆན་བཀོད་པ་བརྒྱུད། ཧྭ་ཁྲི་རྫོང་ཡུའེ་ལེ་གྲོང་རྡལ་དུ་ཕིང་ལེང་ཡན་ལག་ཁུལ་བཙུགས།

སྤྱི་ལོ1951ལོའི་ཟླ4བར། ཕིང་ལིང་ཁུལ་ལག་ལ་ཕིང་ལིང་ཆུ་ཞེས་པར་མིང་བསྒྱུར།

སྤྱི་ལོ1956ལོའི་ཟླ1པོར། ཀྲོང་ལང་རྫོང་ཕིང་ལིང་ཀྲོན་ཆུས་སུ་བགོས།

སྤྱི་ལོ1964ལོའི་ཟླ6པའི་ཚེས5ཉིན། ཕིང་ལིང་གྲོང་ཁྱེར་ཕིང་ལིང་རྫོང་དུ་བསྒྱུར།

སྤྱི་ལོ1969ལོའི་ཟླ10བའི་ཚེས1ཉིན་ཆེད་ཁུལ་དེ་ས་ཁུལ་དུ་བསྒྱུར།

སྤྱི་ལོ2018ལོའི་ཟླ8པར། རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་ཆོག་མཆན་ཞུས་པ་བརྒྱུད། རང་ཞིང་གིས་ཧྭ་ཐིང་རྫོང་མེད་པར་བཟོས་ནས། རྫོང་རིམ་པའི་ཧྭ་ཐིང་གྲོང་ཁྱེར་བཙུགས། དེ་སྔའི་ཧྭ་ཐིང་རྫོང་གི་སྲིད་འཛིན་ས་ཁོངས་ནི་ཧྭ་ཐིང་གྲོང་ཁྱེར་གྱི་སྲིད་འཛིན་ས་ཁོངས་ཡིན་པ་དང་། ཧྭ་ཐིང་གྲོང་ཁྱེར་མི་དམངས་སྲིད་གཞུང་ནི་ཏུང་ཧྭ་གྲོང་རྡལ་གྱི་ཤར་ཁྲོམ་གཞུང་ཨང529པ་རུ་བཅའ་སྡོད་བྱས། ཧྭ་ཐིང་གྲོང་ཁྱེར་ནི་ཞིང་ཆེན་གྱི་ཐད་སྐྱོང་ཁུལ་དང་ཕིང་ལིང་གྲོང་ཁྱེར་གྱིས་ཚབ་བྱས་ནས་དོ་དམ་བྱེད་ཀྱིན་ཡོད།

3 སྲིད་འཛིན་ས་ཁུལ་གྱི་དབྱེ་མཚམས།

སྤྱི་ལོ2018ལོའི་ཟླ8པར་ཕིང་ལིང་གྲོང་ཁྱེར་གྱི་མངའ་ཁོངས་སུ་གྲོང་ཁྱེར་ཁོངས་གཏོགས་ཆུས1དང་རྫོང5 རྫོང་རིམ་པའི་གྲོང་ཁྱེར1བཅས་ཡོད།

4 གནས་ཡུལ།

ཕིང་ལིང་གྲོང་ཁྱེར་ནི་ཀན་སུའུ་ཞིང་ཆེན་གྱི་ཤར་རྒྱུད་དང་། ཧྲན་ཞི་དང་ཀན་སུའུ། ཉིང་ཞ་བཅས་ཞིང་ཆེན(རང་སྐྱོང་ལྗོངས)གསུམ་གྱི་འབྲེལ་མཚམས་སུ་གནས་པ་དང་། བྱང་གི་འཕྲེད་ཐིག34°54'ནས35°43' དང་ཤར་གྱི་གཞུང་ཐིག108°30'ནས107°45' བར་དང་། རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི890-2857བར་ཡོད།

5 ནམ་ཟླ།

ཕིང་ལིང་གྲོང་ཁྱེར་ནི་འཇམ་ཞིང་བཞའ་ཚན་ཆེ་བའི་ཞིང་ལས་ནམ་ཟླའི་ཁུལ་དུ་གཏོགས་པ་དང་། ཆ་སྙོམས་ཆར་ཆུ་འབབ་ཚད་ཧའོ་སྨི511.2ཟིན་ཡོད།

6 མི་གྲངས།

སྤྱི་ལོ2019ལོའི་ལོ་མཇུག་ཏུ་གྲོང་ཁྱེར་དེ་ཡོངས་སུ་རྒྱུན་སྡོད་མི་འབོར་ཁྲི212.53ཡོད་པ་དེ་ལོ་གོང་མའི་ལོ་མཇུག་ལས་མི་ཁྲི0.62འཕར་ཡོད།

7 དཔལ་འབྱོར།

སྤྱི་ལོ2019ལོར། ལོ་ཧྲིལ་པོར་གྲོང་ཁྱེར་ཡོངས་ཀྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར456.58ཟིན་ནས6.4%འཕར་ཡོད། དེའི་ནང་ཐོན་ལས་དང་པོའི་རིན་ཐང་འཕར་མ་སྒོར་དུང་ཕྱུར91.29ཟིན་ནས6.0%འཕར་བ་དང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར123.68ཟིན་ནས6.2%འཕར་བ། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར241.61ཟིན་ནས6.6%འཕར་ཡོད།

8 གཟི་བརྗིད་མཚན་སྙན།

སྤྱི་ལོ2019ལོའི་ཟླ9བའི་ཚེས20ཉིན་རྒྱལ་ཡོངས་ཀྱི་སྔོ་འགྱུར་དཔེ་བཟང་ཚན་པའི་གཟི་བརྗིད་མཚན་སྙན་ཐོབ།    

སྤྱི་ལོ2019ལོའི་ཟླ10ཚེས23ཉིན“གྲོང་ཁྱེར་ཁག་གསུམ་པའི་བཙོག་ཆུ་དྲི་ཅན་བཅོས་སྒྲིག་དཔེ་སྟོན་གྲོང་ཁྱེར”ལ་གཏན་འཁེལ་བྱས།    

སྤྱི་ལོ2019ལོའི་ལོ་འཁོར་གྱི་རྒྱལ་ཡོངས་ཀྱི“དུས་བདེའི་ཞིང་འཕྲུལ”དཔེ་སྟོན་གྲོང་ཁྱེར་ཡིན།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-08-11

གསར་སྤེལ་མཁན། :སེང་ལྡེང་མཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།