བ་ཡན་ནོར་གྲོང་ཁྱེར།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

བ་ཡན་ནོར་གྲོང་ཁྱེར།
བ་ཡན་ནོར་གྲོང་ཁྱེར་ནི་ནང་སོག་གི་ཁོངས་གཏོགས་གྲོང་ཁྱེར་གྱི་གྲས་ཤིག་དང་། ནང་སོག་གི་ནུབ་རྒྱུད་དུ་གནས་ཡོད། ཤར་དུ་པའོ་ཐོའུ་དང་འབྲེལ་ཞིང་། ནུབ་ཏུ་ཨ་ལག་ཤ་དང་ཝུའུ་ཧའེ་གྲོང་ཁྱེར། ལྷོ་རུ་རྨ་ཆུ་དང་ཨེར་ཏུའོ་སི་གྲོང་ཁྱེར། བྱང་དུ་མོང་གོལ་རྒྱལ་ཁབ་ཀྱི་ས་མཚམས་བཅས་དང་འབྲེལ་ཡོད། སྤྱི་ལོ2017ལོའི་ལོ་མཇུག་བར་བ་ཡན་ནོར་གྲོང་ཁྱེར་གྱི་ཁོངས་གཏོགས་སུ་ཆུས1དང་། རྫོང2ཤོག4བཅས་སྤྱིའི་མི་འབོར་ཁྲི168.5ཟིན་པ་དང་། ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར740.1ཟིན། མི་རེའི་ཆ་སྙོམས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར43949ཟིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
巴彦淖尔
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
ས་ཁུལ་རིམ་པའི་གྲོང་ཁྱེར།
ཁོངས་གཏོགས་ས་ཁུལ།
ནང་སོག་རང་སྐྱོང་ལྗོངས།
མངའ་ཁོངས།
ཁོངས་གཏོགས་རིམ་པའི་གྲོང་ཁྱེར1དང་རྫོང2 ཤོག4བཅས་ཡོད།
སྲིད་གཞུང་གི་ས་གནས།
ལིན་ཧོ་ཆུས།
ས་ཁོངས་ཁ་པར་ཨང་རྟགས།
0478
སྦྲག་སྲིད་ཨང་རྟགས།
015000
ས་གནས།
ནང་སོག་རང་སྐྱོང་ལྗོངས་ཀྱི་དབུས་ནུབ་རྒྱུད།
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ་ཁྲི6.4
མི་གྲངས།
ཁྲི168.5
ནམ་ཟླའི་ཆ་རྐྱེན།
དྲོད་ཁུལ་སྐམ་སའི་རང་བཞིན་གྱི་དུས་རླུང་ནམ་ཟླ།
རླངས་འཁོར་ཚབ་ཨང་།
མེང (蒙)L
སྲིད་འཛིན་ས་ཁུལ་དབྱེ་མཚམས་ཚབ་ཨང་།
150800
GDP
སྒོར་དུང་ཕྱུར740.1
1 ​འཕེལ་རིམ་ལོ་རྒྱུས། 

སྤྱི་ལོ1949ལོར་སུའེ་ཡོན་ཞི་བས་བཅིངས་འགྲོལ་བཏང་།

སྤྱི་ལོ1950ལོའི་ཟླ3པར། སུའེ་ཡོན་ཞིང་ཆེན་གྱི་ཧྲན་པེའི་ཀྲོན་ཡོན་ཀུང་ཧྲུའུ་བཙུགས་ཤིང་། དེའི་ཁོངས་སུ་ཝུའུ་ཡོན་དང་། ལིན་ཧོ། ཨན་པེ། ལང་ཧྲན། སྨི་ཚང་། ཡན་ཅང་རྫོང་། ཧྲན་པ་གྲོང་རྡལ་བཅས་གཏོགས། ཨོ་ལོད་མདུན་ཤོག ཨོ་ལོད་རྒྱབ་ཤོག ཨོ་ལོད་དབུས་ཤོག་བཅས་ནི་ཝུའུ་ལན་ཆར་པུའུ་མེང་གི་ཁོངས་སུ་གཏོགས། ཟླ9པར། སྨི་ཚང་མེད་པར་བཟོས་ཏེ་ཧང་ཅིན་ཤོག་ཏུ་བསྒྱུར།

སྤྱི་ལོ1954ལོར་སུའེ་ཡོན་ཞིང་ཆེན་མེད་པར་བཟོས་པ་དང་། སུའེ་ཡོན་ཞིང་ཆེན་གྱི་ཧྲན་པ་ཀྲོན་ཡོན་ཀུང་ཧྲུའུ་ནང་སོག་རང་སྐྱོང་ལྗོངས་ཧོ་ཐའོ་སྲིད་འཛིན་ས་ཁུལ་དུ་བསྒྱུར། ཧོ་ཐའོ་སྲིད་འཛིན་ཁུལ་གྱི་མི་དམངས་སྲིད་གཞུང་དེ་ཧྲན་ཞིའི་པ་གྲོང་རྡལ་དུ་བཙུགས་ཡོད་པ་དང་། དེའི་ཁོངས་སུ་ཝུའུ་ཡོན་རྫོང་དང་། ལིན་ཧོ་རྫོང་། ཨན་པེ་རྫོང་། ལང་ཧྲན་རྫོང་། ད་ར་ཐུ་ཤོག་བཅས་ཡོད།

སྤྱི་ལོ1956ལོར། ཀན་སུའུ་ཞིང་ཆེན་གྱི་ཁོངས་གཏོགས་པ་དབྱིན་ཧའོ་ཐེ་སོག་རིགས་རང་སྐྱོང་ཁུལ་དང་ཨཱ་ཅི་ན་རང་སྐྱོང་ཁུལ་གཉིས་ནང་སོག་རང་སྐྱོང་ལྗོངས་སུ་བགོས་ནས་བ་ཡན་ནོར་མེང་བཙུགས། མེང་སྲིད་གཞུང་བ་ཡན་ཧའོ་ཐེ་གྲོང་ཁྱེར་དུ་བཅའ་སྡོད་བྱས་ཤིང་། དེའི་ཁོངས་སུ་ཨ་ལ་ཧྲན་ཆི་ཨ་ལག་ཤ་ཤོག ཨོ་ཅི་ནཱ་ཤོག ཧུའེ་ཁོའུ་རྫོང་། བ་ཡན་ཧའོ་ཐེ་གྲོང་ཁྱེར་བཅས་ཚུད་ཡོད།

སྤྱི་ལོ1958ལོར་ཧོ་ཐའོ་སྲིད་འཛིན་ཁུལ་དང་བ་ཡན་ནོར་མེང་ཟླ་སྒྲིལ་བཏང་ནས་བ་ཡན་ནོར་མེང་གསར་པ་བཙུགས། བ་ཡན་ནོར་སྲིད་འཛིན་ཀུང་ཧྲུའུ་དེ་བ་ཡན་ཀའོ་ལེ་གྲོང་རྡལ་དུ་སྤོས། དེའི་ཁོངས་སུ་ཨ་ལག་ཤ་ཤོག ཨོ་ཅི་ནཱ་ཤོག ཧང་ཅིན་རྒྱབ་ཤོག་བཅས་གཏོགས་ཡོད། (སྤྱི་ལོ1958ལོར་ཝུའུ་ལན་ཆར་པུའུ་མེང་ནས་ལོགས་སུ་ཕྱེ། སྤྱི་ལོ1960ལོའི་ཟླ7པ་ནས་སྤྱི་ལོ1963ལོའི་ཟླ12པའི་བར་པའོ་ཐོའུ་གྲོང་ཁྱེར་གྱི་ཁོངས་སུ་གཏོགས)དང་། ཨོ་ལོད་དབུས་དབུས་རྒྱབ་ཤོག་གཉིས་ཀྱི་མཉམ་འབྲེལ་ཤོག(སྤྱི་ལོ1958ལོའི་ཝུའུ་ལན་ཆར་པུའུ་མེང་ནས་ལོགས་སུ་ཕྱེ) ཝུའུ་ཡོན་རྫོང་། ལིན་ཧོ་རྫོང་། ཆི་ཁོའུ་རྫོང་། (སྤྱི་ལོ1960ལོའི་ཟླ7པ་ནས་སྤྱི་ལོ1964ལོའི་ཟླ7པའི་བར་བ་ཡན་ཀའོ་ལེ་གྲོང་ཁྱེར་དུ་གཏོགས) ཝུའུ་ཏ་གྲོང་ཁྱེར(སྤྱི་ལོ1961ལོའི་ཟླ7པར་བཙུགས།)བཅས་འདུས་ཡོད།

སྤྱི་ལོ1970ལོར། བ་ཡན་ནོར་མེང་གསར་བརྗེ་ཨུ་ཡོན་ལྷན་ཁང་དེ་ཅའོ་ཁོའུ་རྫོང་བ་ཡན་ཀའོ་ལེ་གྲོང་རྡལ་ནས་ལིན་ཧོ་རུ་སྤོས་པ་དང་། ཟླ10པར་ཁྲའོ་ཀེར་ཤོག་བཙུགས། སྐབས་དེའི་བ་ཡན་ནོར་མེང་གི་ཁོངས་སུ་ཧང་ཅིན་རྒྱབ་ཤོག ཨོ་ལོད་མདུན་ཤོག ཨོ་ལོད་དབུས་རྒྱབ་མཉམ་འབྲེལ་ཤོག ཁྲའོ་ཀེར་ཤོག ཝུའུ་ཡོན་རྫོང་། ལིན་ཧོ་རྫོང་། ཁྲུའུ་ཁོའུ་རྫོང་། ཝུའུ་ཏ་གྲོང་ཁྱེར་བཅས་འདུས་ཡོད།

སྤྱི་ལོ2003ལོའི་ཟླ12པའི་ཚེས1ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བ་ཡན་ནོར་མེང་དང་རྫོང་རིམ་པའི་ལིན་ཧོ་གྲོང་ཁྱེར་དང་མེད་པར་བཟོ་རྒྱུའི་ཆོག་མཆན་གནང་བ་རེད། བ་ཡན་ནོར་གྲོང་ཁྱེར་མི་དམངས་སྲིད་གཞུང་ལིན་ཧོ་ཆུས་སུ་བཅའ་སྡོད་བྱས་པ་དང་བ་ཡན་ནོར་གྲོང་ཁྱེར་ཁོངས་གཏོགས་ཧང་ཅིན་རྒྱབ་ཤོག ཨོ་ལོད་རྒྱབ་ཤོག ཨོ་ལོད་དབུས་ཤོག ཨོ་ལོད་མདུན་ཤོག ཝུའུ་ཡོན་རྫོང་། ཁྲུའུ་ཁོའུ་རྫོང་། ལིན་ཧོ་ཆུས་བཅས་ཡོད།

2 སྲིད་འཛིན་ཁོངས་བགོས།

སྤྱི་ལོ2015ལོའི་བར། བ་ཡན་ནོར་གྲོང་ཁྱེར་ཁོངས་གཏོགས་སུ་གྲོང་ཁྱེར་ཁོངས་གཏོགས་ཀྱི་ཆུས་གཅིག་སྟེ་ལིན་ཧོ་ཆུས་དང་། རྫོང་གཉིས་ཏེ་ཝུའུ་ཡོན་རྫོང་དང་ཁྲུའུ་ཁོའུ་རྫོང་། ཤོག་བཞི་སྟེ་ཧང་ཅིན་རྒྱབ་ཤོག ཨོ་ལོད་རྒྱབ་ཤོག ཨོ་ལོད་དབུས་ཤོག ཨོ་ལོད་མདུན་ཤོག དེའི་འོག་ཏུ་སུའུ་མུའུ་དང་། གྲོང་རྡལ། ཁྲོམ་གཞུང་བཅས59ཡོད་པ་རེད། 

3 ས་ཁམས་ཆ་རྐྱེན།
3_1 ས་གཤིས།

བ་ཡན་ནོར་ས་ཁུལ་ནི་དབྱིན་ཧྲན་རི་བོའི་ཤར་ནས་ནུབ་ཕྱོགས་སུ་རྙོག་འཛིང་ཆེ་བའི་གྲུབ་ཚུལ་ཁུལ་དུ་གནས་ཡོད། 

3_2 ས་ངོས།

བ་ཡན་ནོར་གྲོང་ཁྱེར་གྱི་བྱང་ཕྱོགས་ནི་ཝུའུ་ཁི་ལན་གྱི་རྩྭ་ཐང་ཡིན། དབུས་རྒྱུད་ནི་སྲིབ་རི་རི་ཁུལ་ཡིན་པ་དང་། ལྷོ་རྒྱུད་ནི་ཆུ་ཁུག་བདེ་ཐང་ཡིན།

3_3 ནམ་ཟླ།

བ་ཡན་ནོར་གྲོང་ཁྱེར་གྱི་དཔེ་མཚོན་ཁུལ་གྱི་སྐམ་སའི་རང་བཞིན་གྱི་དུས་རླུང་གནམ་གཤིས་ལ་གཏོགས། ལོ་མང་པོའི་ཆ་སྙོམས་དྲོད་ཚད3.7℃~7.6℃ཡིན། བ་ཡན་ནོར་གྲོང་ཁྱེར་གྱི་ལོ་མང་པོའི་ཆ་སྙོམས་ཉི་འོད་ཕོག་པའི་དུས་ཚོད་ནི་ཆུ་ཚོད3100~3300བར་ཡིན། ཀྲུང་གོའི་ཉི་འོད་ཕོག་ཡུན་ཆེས་མང་བའི་ས་ཁུལ་གྱི་གྲས་ཤིག་ཡིན་པས། ཉི་འོད་ཕོག་པའི་ལོ་ཏོག་འཕེལ་རྒྱས་གཏོང་བར་ཕན་ཐོགས་ཡོད། བ་ཡན་ནོར་གྲོང་ཁྱེར་གྱི་དགུན་དུས་དང་དཔྱིད་དུས་སུ་བྱང་རླུང་ངམ་ནུབ་བྱང་གི་རླུང་བུ་མང་བ་དང་དབྱར་དུས་སུ་ལྷོ་ལ་ཕྱོགས་པའམ་ཤར་རླུང་ལྡང་གིན་ཡོད།

3_4 ཆུ་དཔྱད།

བ་ཡན་ནོར་གྲོང་ཁྱེར་དབྱིན་ཧྲན་རི་རྒྱུད་ཀྱི་ལྷོ་ངོས་ནི་རྨ་ཆུའི་ཆུ་རྒྱུད་ཡིན་པ་དང་། དབྱིན་ཧྲན་གྱི་བྱང་ངོས་ནི་སྐམ་སའི་དབུས་ཁུལ་གྱི་ཆུ་བོའི་རྒྱུད་ཡིན། རི་ཁུལ་ནི་ཐོན་འབབ་ཁུལ་ཡིན་པ་དང་། བྱང་རྒྱུད་ཀྱི་བདེ་ཐང་དང་ཧོ་ཐའོ་བདེ་ཐང་ནི་ཆུའི་ཐོན་འབབ་མེད་པའི་ས་ཁུལ་ཡིན།

3_5 ས་རྒྱུ།

སྤྱི་ལོ1985ལོར་ས་གཤིས་ཡོངས་ཁྱབ་ཞིབ་བཤེར་ཐེངས་གཉིས་པ་བྱས་པ་ལྟར་ན། གྲོང་ཁྱེར་ཡོངས་སུ་ས་རྒྱུའི་རིགས་ཅུང་མང་བ་དང་། འདམ་ས་དང་། ཚྭ་ས། བུལ་ས། རླུང་གི་བྱེ་ས། རླབས་ཀྱི་ས། འདམ་རྫབ་ཀྱི་ས། འདམ་རྫབ་ཀྱི་ས། ཐལ་མདོག་གི་ས་སོགས་སའི་རིགས་གཙོ་བོ14དང་རིགས་ཕལ་བ32ཡོད། སའི་ཡུལ་ཁོངས94དང་ས་རྒྱུད348ཡོད།

4 མི་གྲངས་གནས་ཚུལ།

སྤྱི་ལོ2017ལོའི་ལོ་མཇུག་ཏུ་གྲོང་ཁྱེར་ཡོངས་ཀྱི་སྤྱིའི་མི་འབོར་ཁྲི168.5ལ་སླེབས། དེའི་ནང་གྲོང་ཁྱེར་དང་གྲོང་རྡལ་གྱི་མི་འབོར་ཁྲི91.3ལ་སླེབས། གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་ཚད54.2%ལ་སླེབས་ནས་སྤྱི་ལོ2016ལོའི་དུས་མཚུངས་ལས0.8%མཐོ་རུ་ཕྱིན་པ་དང་། གྲོང་གསེབ་ཀྱི་མི་འབོར་ཁྲི77.2ལ་སླེབས་པ་དེས་སྤྱིའི་མི་འབོར་གྱི45.8%བཟུང་ཡོད།

5 ཆབ་སྲིད་འགོ་ཁྲིད།

གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི། ཁྲང་ཀྲི་ཀང་།

གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཀྲང་ཞའོ་པིང་།

ཧྲི་ཀྲང་། ཀྲང་ཞའོ་པིང་།

ཧྲི་ཀྲང་གཞོན་པ། སི་ཆིན་དང་། ལིའང་ཁའེ་ཧོ། ཆིའུ་ཅིན་པའོ། ཏུའུ་ཚུན། ཧྲི་དབྱིན་ལའེ། ཝུའུ་ཐིའེ་ཁྲེང་། ཝུའུ་ཀྲི་ཅེ། ཝང་ཞུའེ་ཅུན།

གྲོང་ཁྱེར་ཏང་ཨུའི་སྒྲིག་ཁྲིམས་ཏང་ཨུའི་ཧྲུའུ་ཅི། ཧྥན་ཁོ།

6 དཔལ་འབྱོར་རགས་བཤད།

སྤྱི་ལོ2017ལོར་གྲོང་ཁྱེར་ཡོངས་སུ་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར740.1ལ་སླེབས། བསྡུར་གཞི་ཡོད་པའི་རིན་གོང་ལྟར་བརྩིས་ན་དུས་མཚུངས་ལས3.7%འཕར་ཡོད། དེའི་ནང་ཐོན་ལས་དང་པོའི་འཕར་ཐང་སྒོར་དུང་ཕྱུར158.9ལ་སླེབས་པ་དེ་དུས་མཚུངས་ལས5.2%འཕར་བ་དང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར292.3ལ་སླེབས་པ་དེ་དུས་མཚུངས་ལས1.3%མར་ཆག ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར288.9ལ་སླེབས་པ་དེ་དུས་མཚུངས་ལས8.0%འཕར་ཡོད། ཐོན་ལས་གྲུབ་ཆ་ལེགས་སྒྲིག་ཐེངས་གསུམ་ནི21.5:39.5:39.0ཡིན། ལོ་ཧྲིལ་པོར་མི་རེའི་ཆ་སྙོམས་ཀྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར43949ལེགས་གྲུབ་བྱུང་བ་དང་། ལོ་རེའི་ཆ་སྙོམས་ཀྱི་དངུལ་བརྗེས་འཛའ་ཐང་ཨ་སྒོར6509ཡིན།

6_1 ཐོན་ལས་དང་པོ།

བ་ཡན་ནོར་གྲོང་ཁྱེར་གྱི་དཀར་ཆུའི་ཐོན་རྫས་ཐོན་ལས་དང་། ཤ་རིགས་ཐོན་ལས། ལུག་བལ་ཐོན་ལས། འབྲུ་སྣུམ་ཐོན་ལས། ཤིང་འབྲས་དང་སྔོ་ཚལ་ཐོན་ལས། གཟན་རྩྭའི་ཐོན་ལས་བཅས་ཞིང་ལས་ཀྱི་ཀ་རྟེན་ཐོན་ལས་སུ་གྱུར་ཡོད། དེའི་ནང་ཉི་མ་མེ་ཏོག་གི་ཐོན་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས། ཧོ་ཐའོ་ཞིང་ཆུ་གཏོང་ཁུལ་ནི་ཨེ་ཤ་ཡའི་རང་རྒྱུག་ཆུ་འདྲེན་ཁུལ་ཆེ་ཤོས་ཤིག་ཡིན་ཞིང་། སྐྱེ་ལྡན་འོ་མའི་ཐོན་ཚད་ཀྱིས་རྒྱལ་ཡོངས་ཀྱི་ཕྱེད་ཀ་ཡན་ལ་སླེབས། ཞིང་འབྲོག་ཐོན་རྫས་ཕྱིར་གཏོང་བྱེད་ཚད་ནང་སོག་གི་ཨང་དང་པོར་སླེབས་ནས་རྒྱལ་ཡོངས་ཀྱི་ཁུ་ལུ་མེད་པའི་ཐོན་སྐྱེད་རྟེན་གཞི་ཆེ་ཤོས་ཤིག་ཏུ་གྱུར་ཡོད།

སྤྱི་ལོ2016ལོར། བ་ཡན་ནོར་གྱི་ཞིང་ལས་སྐྱེ་དངོས་འདེབས་ཁྱོན་མུའུ་ཁྲི1084.6ལ་སླེབས་པ་དེ་དུས་མཚུངས་ལས4.8%འཕར་ཡོད། འབྲུ་རིགས་འདེབས་ཁྱོན་མུའུ་ཁྲི483.97ལ་སླེབས་པ་དེ་དུས་མཚུངས་ལས10.4%མར་ཆག་ཡོད། དེའི་ནང་གྲོའི་རྒྱ་ཁྱོན་མུའུ་ཁྲི129.63ཡོད་པ་རེད། མ་རྨོས་ལོ་ཏོག་འདེབས་ཁྱོན་མུའུ་ཁྲི349.49དང་དཔལ་འབྱོར་ལོ་ཏོག་འདེབས་ཁྱོན་མུའུ་ཁྲི581.02ལ་སླེབས། མེ་ཏོག་གི་རྒྱ་ཁྱོན་མུའུ་ཁྲི415.49ལ་སླེབས། པད་ཁའི་རྒྱ་ཁྱོན་མུའུ་ཁྲི15.95དང་། ཀྲོ་མ་ཀྲུའི་རྒྱ་ཁྱོན་མུའུ་ཁྲི14.01རྨོ་ཞིང་མུའུ་ཁྲི19.63བཅས་ཡོད། 

སྤྱི་ལོ2016ལོར་བ་ཡན་ཀྲོར་གྱི་འབྲུ་རིགས་སྤྱིའི་ཐོན་འབོར་རྒྱ་མ་དུང་ཕྱུར62.7ལ་སླེབས་པ་དེ་དུས་མཚུངས་ལས9.6%མར་ཆག་ཡོད། དེའི་ནང་གྲོའི་ཐོན་ཚད་རྒྱ་མ་དུང་ཕྱུར9.0དང་། མ་རྨོས་ལོ་ཏོག་གི་ཐོན་ཚད་རྒྱ་མ་དུང་ཕྱུར53.4ལ་སླེབས། འབྲུ་རིགས་དཀྱུས་མའི་ཐོན་ཚད་རྒྱ་མ་དུང་ཕྱུར0.3དང་སྣུམ་རྒྱུའི་ཐོན་འབོར་བསྡོམས་གྲངས་རྒྱ་མ་དུང་ཕྱུར16.1ལ་སླེབས། པད་མའི་ཐོན་ཚད་རྒྱ་མ་དུང་ཕྱུར15.5ལ་སླེབས་པ་དང་། ཉི་མའི་ཐོན་ཚད་རྒྱ་མ་དུང་ཕྱུར0.5ལ་སླེབས། ཀྲོ་མ་ཀྲུའི་ཐོན་ཚད་བསྡོམས་འབོར་རྒྱ་མ་དུང་ཕྱུར15.6ལ་སླེབས། 

སྤྱི་ལོ2016ལོར། བ་ཡན་ནོར་ཕག་དང་ནོར་ལུག་ད་ཡོད་གྲངས་ཀ་ཁྲི767.5ལ་སླེབས་པ་དེ་དུས་མཚུངས་ལས4.2%མར་ཆག་ཡོད་པ་རེད། ཕག་དང་ནོར་ལུག་བཤས་གཏོང་ཚད་གྲངས་ཀ་ཁྲི1020.6ཡིན། ཕག་དང་ནོར་ལུག་གི་ཤའི་ཐོན་ཚད་བསྡོམས་འབོར་ཏུན་ཁྲི21.5དང་། འོ་མའི་ཐོན་ཚད་ཏུན་ཁྲི62.7 ར་ལུག་གི་ཁུ་ལུ་ཐོན་ཚད་ཏུན732.0དང་བྱ་སྒོང་ཐོན་ཚད་ཏུན་ཁྲི0.9ལ་སླེབས། 

སྤྱི་ལོ2016ལོར། བ་ཡན་ནོར་གྱིས་ནགས་ལས་སྣོད་བཅུད་འཛུགས་སྐྱོང་རྒྱ་ཁྱོན་མུའུ་ཁྲི90.0ལེགས་གྲུབ་ལ་སླེབས་པའི་ནང་མི་ཐབས་ལ་བརྟེན་ནས་ནགས་བཟོ་མུའུ་ཁྲི25.2(སྡོང་རིང་ནགས་བཟོ་མུའུ་ཁྲི16.7དང་སྡོང་ཕྲན་ནགས་བཟོ་མུའུ་ཁྲི8.5)མུའུ་ཁྲི20.0 བྱེ་འགོག་ནགས་གསོ་མུའུ་ཁྲི28.8 ལས་གྲྭའི་བྱེ་འཇགས་ནགས་བཟོ་མུའུ་ཁྲི1.0བཅས་ཡོད་པ་རེད། ནགས་ཚལ་མུའུ་ཁྲི་5.0གསོ་སྐྱོང་བྱས་པ་དང་ཞན་འགྱུར་ནགས་ཚལ་མུའུ་ཁྲི་10.0གསོ་སྐྱོང་བྱས་ཡོད།

6_2 ཐོན་ལས་གཉིས་པ།

བ་ཡན་ནོར་གྲོང་ཁྱེར་ཞིང་འབྲོག་ཐོན་རྫས་ལས་སྣོན་ལས་རིགས་དང་། ལྕགས་བཞུ། གཏེར་རིའི་བཟོ་ལས། རྫས་འགྱུར་བཟོ་ལས། གློག་ཤུགས་བཟོ་ལས་བཅས་བཟོ་ལས་ཆེན་པོ4ཡི་ཀ་རྟེན་ཐོན་ལས་སུ་གྱུར་ཡོད། 

སྤྱི་ལོ2016ལོར་བ་ཡན་ནོར་བཟོ་ལས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར388.73ལ་སླེབས་པ་དེ་དུས་མཚུངས་ལས7.2%འཕར་ཡོད། གཞི་ཁྱོན་ཡན་གྱི་བཟོ་ལས་འཕར་ཐང་སྤྱི་ལོ2015ལོའི་དུས་མཚུངས་ལས7.1%འཕར་ཡོད། ཞིང་འབྲོག་ཐོན་རྫས་ལས་སྣོན་ལས་རིགས་ཀྱི་རིན་ཐང་འཕར་མ་སྤྱི་ལོ2015ལོའི་དུས་མཚུངས་ལས12.2%འཕར། གཏེར་ཐོན་ཐོན་རྫས་སྔོག་འདོན་དང་དེ་བཞིན་བཙོ་སྦྱང་ལས་རིགས་ཀྱི་འཕར་ཐང་སྤྱི་ལོ2015ལོའི་དུས་མཚུངས་ལས4.3%འཕར། རྫས་འགྱུར་བཟོ་ལས་ཀྱི་འཕར་ཐང་སྤྱི་ལོ2015ལོའི་དུས་མཚུངས་ལས10.1%མར་ཆག གློག་ཤུགས་བཟོ་ལས་ཀྱི་རིན་ཐང་འཕར་མ་དེ་སྤྱི་ལོ2015ལོའི་དུས་མཚུངས་ལས14.8%འཕར་ཡོད། 

སྤྱི་ལོ2016ལོར་བ་ཡན་ནོར་གྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ལ་གཙོ་གཉེར་ལས་སྒོའི་ཡོང་འབབ་སྒོར་དུང་ཕྱུར768.4བྱུང་བ་དེ་སྤྱི་ལོ2015ལོའི་དུས་མཚུངས་ལས4.5%འཕར་བ་དང་ཁེ་སྤོགས་སྒོར་དུང་ཕྱུར24.4བྱུང་བ་དེ་དུས་མཚུངས་ལས93.4%འཕར་ཡོད། 

སྤྱི་ལོ2016ལོར། བ་ཡན་ནོར་གྱི་ཁོངས་གཏོགས་ཁུལ་དུ་ཐོབ་ཐང་ལྡན་པའི་རང་ཚུགས་ཞིབ་རྩིས་ཨར་སྐྲུན་ལས་རིགས་ཀྱི་ཁེ་ལས57ཡོད་པ་དང་ལས་ཞུགས་མི་སྣ་ཁྲི1.9ཡོད་པ་རེད། ལོ་ཧྲིལ་པོར་བཟོ་སྐྲུན་ལས་རིགས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར74.7ལ་སླེབས་པ་དེ་དུས་མཚུངས་ལས་སྤྱི་ལོ2015ལོའི་དུས་མཚུངས་ལས5.9%འཕར་ཡོད།    

སྤྱི་ལོ2016ལོར་བ་ཡན་ནོར་ཨར་འདམ་ཏུན་ཁྲི127.1ལ་སླེབས་པ་དེ་དུས་མཚུངས་ལས36.4%འཕར་བ་དང་། བདར་མང་སྭེལ་སྟོང་ཁེ་ཁྲི676.4ལ་སླེབས་པ་དེ་དུས་མཚུངས་ལས28.4%འཕར། དཀར་ཆུའི་ཐོན་རྫས་ཏུན་ཁྲི36.5ལ་སླེབས་པ་དེ་དུས་མཚུངས་ལས15.8%འཕར། གྲོ་ཞིབ་ཏུན་ཁྲི39.4ལ་སླེབས་པ་དེ་དུས་མཚུངས་ལས9.9%འཕར་ཡོད། ལྕགས་གཏེར་གཏེར་ཁ་ཏུན་ཁྲི656.5ལ་སླེབས་པ་དེ་དུས་མཚུངས་ལས17.7%མར་ཆག མུ་ཟི་ལྕགས་ཀྱི་གཏེར་རྡོ(མུ་ཟི་ཚུད35%)ཏུན་ཁྲི47.9ཡིན་པ། སྤྱི་ལོ2015ལོ་དང་བསྡུར་ན25.6%མར་ཆག་ཡོད། མུ་ཟི་སྐྱུར་ཏུན་ཁྲི107.5ལ་སླེབས་པ་དེ་དུས་མཚུངས་ལས3.3%མར་ཆག ལྕགས་རིགས་བསྲེས་མ་ཏུན་ཁྲི24.9ལ་སླེབས་པ་དེ་དུས་མཚུངས་ལས6.4%མར་ཆག མདོག་ལྡན་ལྕགས་རིགས་ཏུན་ཁྲི21.7ལ་སླེབས་པ་དེ་དུས་མཚུངས་ལས2.9%མར་ཆག་ཡོད།

6_3 ཐོན་ལས་གསུམ་པ།

སྤྱི་ལོ2016ལོར་བ་ཡན་ནོར་གྱི་སྤྱི་ཚོགས་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར257.7ལ་སླེབས་པ་དེ་དུས་མཚུངས་ལས9.9%འཕར་ཡོད། གྲོང་ཁྱེར་དང་གྲོང་རྡལ་དུ་སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་བྱེད་ཚད་སྒོར་དུང་ཕྱུར224.5ལ་སླེབས་པ་དེས་སྤྱི་འབོར་གྱི87.1%བཟུང་། གྲོང་གསེབ་ཏུ་སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་བྱེད་ཚད་སྒོར་དུང་ཕྱུར33.2ལ་སླེབས་པ་དེས་སྤྱི་འབོར་གྱི12.9%བཟུང་ཡོད། བཅད་གྲངས་ཡན་གྱི་ཁེ་ལས་ལ་སིལ་ཚོང་བྱེད་ཚད་སྒོར་དུང་ཕྱུར51.9ལ་སླེབས་པ་དང་བཅད་གྲངས་མན་གྱི་ཁེ་ལས་དང་སྒེར་བའི་དུད་ཚང་ལ་སིལ་ཚོང་བྱེད་ཚད་སྒོར་དུང་ཕྱུར205.8ལ་སླེབས་ཡོད་པ་རེད། གྲོང་ཁྱེར་ཡོངས་ཀྱི་སྡེབ་ཚོང་དང་སིལ་ཚོང་ལས་རིགས་ཀྱི་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར221.4ལ་སླེབས་པ་དེ་དུས་མཚུངས་ལས9.8%འཕར་ཡོད། 

སྤྱི་ལོ2016ལོར་བ་ཡན་ནོར་དངུལ་རྩའི་སྒྲིག་གཞིའི་བཅོལ་དངུལ་ཁག་གི་ལྷག་གྲངས་སྒོར་དུང་ཕྱུར937.1ལ་སླེབས་པ་དེ་དུས་མཚུངས་ལས15.0%འཕར་ཡོད། དེའི་ནང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིར་དངུལ་བཅོལ་ལྷག་གྲངས་སྒོར་དུང་ཕྱུར610.7ལ་སླེབས་པ་དེ་དུས་མཚུངས་ལས15.0%འཕར་ཡོད། གྲོང་ཁྱེར་དེ་ཡོངས་ཀྱི་དངུལ་རྩའི་སྒྲིག་གཞིའི་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར759.4ལ་སླེབས་པ་དེ་དུས་མཚུངས་ལས10.5%འཕར་ཡོད། དེའི་ནང་དུས་ཐུང་དངུལ་བུན་སྒོར་དུང་ཕྱུར477.6ལ་སླེབས་པ་དེ་དུས་མཚུངས་ལས3.0%འཕར་བ་དང་། དུས་ཡུན་འབྲིང་རིང་གི་དངུལ་བུན་སྒོར་དུང་ཕྱུར269.5ལ་སླེབས་པ་དེ་དུས་མཚུངས་ལས28.2%འཕར་ཡོད། 

སྤྱི་ལོ2016ལོར་བ་ཡན་ནོར་གྱི་གློག་འཕྲིན་ལས་རིགས་ཀྱི་ལས་གཉེར་ཡོང་འབབ་སྒོར་དུང་ཕྱུར13.8ལ་སླེབས་པ་དེ་དུས་མཚུངས་ལས9.7%འཕར་ཡོད། ལོ་མཇུག་ཏུ་ས་གནས་དེ་གའི་དྲ་རྒྱའི་གཏན་འཇགས་ཁ་པར་སྤྱོད་མཁན་དུད་ཚང་ཁྲི20.1ལ་སླེབས་པ་དེ་དུས་མཚུངས་ལས16.3%མར་ཆག སྒུལ་བདེའི་ཁ་པར་སྤྱོད་མཁན་དུད་ཚང་ཁྲི208.8ལ་སླེབས་པ་དེ་དུས་མཚུངས་ལས3.2%འཕར། དྲ་སྦྲེལ་དྲ་རྒྱའི་ཐོ་འགོད་སྤྱོད་མཁན་དུད་ཚང་ཁྲི26.3ལ་སླེབས་པ་དེ་དུས་མཚུངས་ལས25.2%འཕར་ཡོད་པ་རེད། ལོ་ཧྲིལ་པོར་སྦྲག་སྲིད་ལས་སྒོའི་བསྡོམས་འབོར་སྒོར་དུང་ཕྱུར1.7བཏང་ནས་སྤྱི་ལོ2015ལོའི་དུས་མཚུངས་ལས39.0%འཕར་ཡོད། དེའི་ནང་མྱུར་སྐྱེལ་ཁྲི395.3དང་། འཕྲིན་ཡིག་ཁྲི13.3 ཐུམ་སྒྲིལ་ཁྲི1.3བཅས་ལེགས་སྒྲུབ་བྱས་ཡོད། 

སྤྱི་ལོ2016ལོར་བ་ཡན་ནོར་གྱིས་ཡུལ་སྐོར་བ་མི་ཐེངས་ཁྲི425.3ལ་སྣེ་ལེན་ཞུས་པ་རེད། སྤྱི་ལོ2015ལོའི་དུས་མཚུངས་ལས20.7%འཕར་ནས་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར43.18བྱུང་ཡོད། སྤྱི་ལོ2015ལོ་དང་བསྡུར་ན22.8%འཕར་ཡོད།

7 གཟི་བརྗིད་མཚན་སྙན།

སྤྱི་ལོ2017ལོའི་ཟླ10པར་རྒྱལ་ཁབ་ཀྱི་སྐྱེད་ཚལ་གྲོང་ཁྱེར་གྱི་མཚན་སྙན་སྤྲད།

སྤྱི་ལོ2018ལོའི་ཟླ4པར“སྤྱི་ལོ2018ལོའི་ཀྲུང་གོའི་ཡུལ་སྐོར་གྲོང་ཁྱེར་བརྒྱའི”གྲས་སུ་ཚུད།

དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

རང་སྐྱོང་ལྗོངས། ནང་སོག གཟི་བརྗིད།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-07-31

གསར་སྤེལ་མཁན། :རྒྱ་ལོ་རྟ་མགྲིན་ཚེ་བརྟན།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།