ཀུའོ་ཧའོ།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཀུའོ་ཧའོ།
ཁོང་ནི་སྤྱི་ལོ1974ལོའི་ཟླ་6པར་ཅང་སུའུ་ཞུས་ཀྲོའུ་ནས་སྐྱེས་ཤིང་། ཞིབ་འཇུག་སློབ་མའི་སློབ་གཉེར་བརྒྱུད་རིམ་ལྡན་ལ། དཔལ་འབྱོར་རིག་པའི་འབུམ་རམས་པ། མཐོ་རིམ་དཔལ་འབྱོར་པ་བཅས་ཡིན། སྤྱི་ལོ1995ལོའི་ཟླ5པར་ཀྲུང་གོ་གུང་ཁྲན་ཏང་ལ་ཞུགས། སྤྱི་ལོ1999ལོའི་ཟླ7པར་བྱ་བར་ཞུགས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
郭浩
སྐྱེས་ཡུལ།
ཅང་སུའུ་ཞུས་ཀྲོའུ།
རྒྱལ་ཁབ།
ཀྲུང་གོ།
སྐྱེས་ལོ།
སྤྱི་ལོ1974ལོའི་ཟླ་6པ།
མི་རིགས།
རྒྱ་རིགས།
མཐར་ཕྱིན་སློབ་གྲྭ།
ཀྲུང་གོ་མི་དམངས་སློབ་ཆེན།
1 ངོ་སྤྲོད།

ཁོང་ནི་སྤྱི་ལོ1974ལོའི་ཟླ་6པར་ཅང་སུའུ་ཞུས་ཀྲོའུ་ནས་སྐྱེས་ཤིང་། ཞིབ་འཇུག་སློབ་མའི་སློབ་གཉེར་བརྒྱུད་རིམ་ལྡན་ལ། དཔལ་འབྱོར་རིག་པའི་འབུམ་རམས་པ། མཐོ་རིམ་དཔལ་འབྱོར་པ་བཅས་ཡིན། སྤྱི་ལོ1995ལོའི་ཟླ5པར་ཀྲུང་གོ་གུང་ཁྲན་ཏང་ལ་ཞུགས། སྤྱི་ལོ1999ལོའི་ཟླ7པར་བྱ་བར་ཞུགས། ད་ལྟ་ཧོ་ནན་ཞིང་ཆེན་ཧུ་པི་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པ་དང་། གྲོང་ཁྱེར་མི་དམངས་སྲིད་གཞུང་གི་ཧྲི་ཀྲང་དང་ཏང་ཙུའུ་ཡི་ཧྲུའུ་ཅི་བཅས་ཀྱི་འགན་བཞེས་ཡོད།

2 བྱ་བའི་བརྒྱུད་རིམ།

སྤྱི་ལོ1992ལོའི་ཟླ9པ་ནས་སྤྱི་ལོ1996ལོའི་ཟླ9པའི་བར་ཀྲུང་གོའི་མི་དམངས་སློབ་ཆེན་ནོར་སྲིད་དངུལ་རྩའི་སློབ་གླིང་གི་དངུལ་རྩ་རིག་པའི་ཆེད་ལས་སུ་སློབ་སྦྱོང་བྱས།

སྤྱི་ལོ1996ལོའི་ཟླ9པ་ནས་སྤྱི་ལོ1999ལོའི་ཟླ7པའི་བར་ཀྲུང་གོ་མི་དམངས་སློབ་ཆེན་ནོར་སྲིད་དངུལ་རྩའི་སློབ་གླིང་གི་ཞིབ་འཇུག་དངུལ་རྩ་རིག་པའི་ཆེད་ལས་སུ་སློབ་སྦྱོང་བྱས། དཔལ་འབྱོར་རིག་པའི་རབ་འབྱམས་པའི་བསླབ་གནས་བླངས།

སྤྱི་ལོ1999ལོའི་ཟླ7པ་ནས་སྤྱི་ལོ2000ལོའི་ཟླ7པའི་བར་རྒྱལ་ཁབ་གསར་སྤེལ་དངུལ་ཁང་སྲིད་ཇུས་ཞིབ་འཇུག་ཁང་གི་ལས་བྱེད་པ་ཡིན།

སྤྱི་ལོ2000ལོའི་ཟླ7པ་ནས་སྤྱི་ལོ2001ལོའི་ཟླ7པའི་བར་རྒྱལ་ཁབ་གསར་སྤེལ་དངུལ་ཁང་སྲིད་ཇུས་ཞིབ་འཇུག་ཁང་གི་ཁོའོ་རིམ་པའི་ལས་བྱེད་པ་ཡིན།

སྤྱི་ལོ2001ལོའི་ཟླ7པ་ནས་སྤྱི་ལོ2004ལོའི་ཟླ4པའི་བར་རྒྱལ་ཁབ་གསར་སྤེལ་དངུལ་ཁང་སྲིད་ཇུས་ཞིབ་འཇུག་ཁང་གི་ཁོའོ་རིམ་པའི་ལས་བྱེད་པ་ཡིན།    

སྤྱི་ལོ2004ལོའི་ཟླ4པ་ནས་སྤྱི་ལོ2005ལོའི་ཟླ8པའི་བར་པེ་ཅིང་གྲོང་ཨུའི་དངུལ་རྩའི་ལས་དོན་ཨུ་ཡོན་ལྷན་ཁང་གི་ཁྲུའུ་ཀྲང་གཞོན་པའི་འགན་བཞེས།

སྤྱི་ལོ2005ལོའི་ཟླ8པ་ནས་སྤྱི་ལོ2007ལོའི་ཟླ5པའི་བར་པེ་ཅིང་གྲོང་ཁྱེར་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་གི་དངུལ་རྩའི་ལས་དོན་ཁྲུའུ་ཡི་ཁྲུའུ་ཀྲང་གཞོན་པའི་འགན་བཞེས།

སྤྱི་ལོ2007ལོའི་ཟླ5པ་ནས་སྤྱི་ལོ2007ལོའི་ཟླ8པའི་བར་པེ་ཅིང་གྲོང་ཁྱེར་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་གི་དངུལ་རྩའི་ལས་དོན་ཁྲུའུ་ཡི་ཁྲུའུ་ཀྲང་གི་འགན་བཞེས།

སྤྱི་ལོ2007ལོའི་ཟླ8པ་ནས་སྤྱི་ལོ2008ལོའི་ཟླ8པའི་བར་པེ་ཅིང་གྲོང་ཁྱེར་གོང་སྤེལ་དང་བསྒྱུར་བཅོས་ཨུ་ཡོན་ལྷན་ཁང་གི་དངུལ་རྩ་ཁང་གཉིས་པའི་ཁྲུའུ་ཀྲང་། གྲོང་ཁྱེར་དངུལ་རྩའི་ཞབས་ཞུའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ་དང་དངུལ་རྩའི་ཁང་གཉིས་པའི་ཁྲུའུ་ཀྲང་བཅས་ཀྱི་འགན་བཞེས།

སྤྱི་ལོ2008ལོའི་ཟླ8པ་ནས་སྤྱི་ལོ2008ལོའི་ཟླ10པའི་བར་པེ་ཅིང་གྲོང་ཁྱེར་གོང་སྤེལ་དང་བསྒྱུར་བཅོས་ཨུ་ཡོན་ལྷན་ཁང་གི་དངུལ་རྩ་ཁང་གཉིས་པའི་ཁྲུའུ་ཀྲང་། གྲོང་ཁྱེར་དངུལ་རྩའི་ཞབས་ཞུའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ་དང་དངུལ་རྩའི་ཁང་གཉིས་པའི་ཁྲུའུ་ཀྲང་བཅས་ཀྱི་འགན་བཞེས།

སྤྱི་ལོ2008ལོའི་ཟླ10པ་ནས་སྤྱི་ལོ2008ལོའི་ཟླ11པའི་བར་ཧོ་ནན་ཞིང་ཆེན་གྲོང་གསེབ་ཡིད་རྟོན་མཉམ་འབྲེལ་ཁང་གི་ཏང་ཨུའི་ཨུ་ཡོན་ཡིན།

སྤྱི་ལོ2008ལོའི་ཟླ11པ་ནས་སྤྱི་ལོ2009ལོའི་ཟླ2པའི་བར་ཧོ་ནན་ཞིང་ཆེན་གྲོང་གསེབ་ཡིད་རྟོན་མཉམ་འབྲེལ་ཁང་གི་ཀྲུའུ་རེན་གཞོན་པ་དང་། ཏང་ཨུའི་ཨུ་ཡོན་བཅས་ཀྱི་འགན་བཞེས།

སྤྱི་ལོ2009ལོའི་ཟླ2པ་ནས་སྤྱི་ལོ2009ལོའི་ཟླ3པའི་བར་ཧོ་ནན་ཞིང་ཆེན་སྲིད་གཞུང་དངུལ་རྩའི་ཞབས་ཞུ་གཞུང་ལས་ཁང་གི་ཏང་ཙུའུ་ཡི་ཁོངས་མི་ཡིན།

སྤྱི་ལོ2009ལོའི་ཟླ3པ་ནས་སྤྱི་ལོ2010ལོའི་ཟླ6པའི་བར་ཧོ་ནན་ཞིང་ཆེན་སྲིད་གཞུང་དངུལ་རྩའི་ཞབས་ཞུ་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ་དང་ཏང་ཙུའུ་ཡི་ཁོངས་མི་ཡིན།

སྤྱི་ལོ2010ལོའི་ཟླ6པ་ནས་སྤྱི་ལོ2013ལོའི་ཟླ9པའི་བར་ཧོ་ནན་ཞིང་ཆེན་སྲིད་གཞུང་དངུལ་རྩའི་ཞབས་ཞུ་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ་དང་ཏང་ཙུའུ་ཡི་ཁོངས་མི་ཡིན།

སྤྱི་ལོ2013ལོའི་ཟླ9པ་ནས་སྤྱི་ལོ2016ལོའི་ཟླ8པའི་བར་ཧོ་ནན་ཞིང་ཆེན་སྲིད་གཞུང་གི་དྲུང་ཆེ་གཞོན་པ་དང་གཞུང་ལས་ཐིང་གི་ཏང་ཙུའུ་ཡི་ཁོངས་མི་ཡིན།

སྤྱི་ལོ2016ལོའི་ཟླ8པ་ནས་སྤྱི་ལོ2016ལོའི་ཟླ9པའི་བར་ཧོ་ནན་ཞིང་ཆེན་སྲིད་གཞུང་གི་དྲུང་ཆེ་གཞོན་པ་དང་གཞུང་ལས་ཐིང་གི་ཏང་ཙུའུ་ཡི་ཁོངས་མི། ཞིང་ཆེན་སྲིད་གཞུང་ཞིབ་འཇུག་ཁང་གི་ཀྲུའུ་རེན་འོས་མི་དང་ཏང་ཙུའུ་ཡི་ཧྲུའུ་ཅི་བཅས་ཀྱི་འགན་བཞེས།

སྤྱི་ལོ2016ལོའི་ཟླ9པ་ནས་སྤྱི་ལོ2017ལོའི་ཟླ12པའི་བར་ཧོ་ནན་ཞིང་ཆེན་སྲིད་གཞུང་གི་དྲུང་ཆེ་གཞོན་པ་དང་གཞུང་ལས་ཐིང་གི་ཏང་ཙུའུ་ཡི་ཁོངས་མི། ཞིང་ཆེན་སྲིད་གཞུང་ཞིབ་འཇུག་ཁང་གི་ཀྲུའུ་རེན་དང་ཏང་ཙུའུ་ཧྲུའུ་ཅི་བཅས་ཀྱི་འགན་བཞེས།

སྤྱི་ལོ2017ལོའི་ཟླ12པ་ནས་སྤྱི་ལོ2018ལོའི་ཟླ1པོའི་བར་ཧོ་ནན་ཞིང་ཆེན་ཧུ་པི་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པའི་འགན་བཞེས།

སྤྱི་ལོ2018ལོའི་ཟླ1པོ་ནས་ཧོ་ནན་ཞིང་ཆེན་ཧུ་པི་གྲོང་ཨུའི་ཧྲུའུ་ཅི་གཞོན་པ་དང་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་ཧྲི་ཀྲང་དང་ཏང་ཙུའུ་ཡི་ཧྲུའུ་ཅི་བཅས་ཀྱི་འགན་བཞེས།

3 ​གོ་གནས་བསྐོ་འཐེན།

སྤྱི་ལོ2018ལོའི་ཟླ9པའི་ཚེས30ཉིན། ཧུ་པི་གྲོང་ཁྱེར་གྱི་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་གཅིག་པའི་གྲོས་ཚོགས་ཐེངས་དང་པོའི་སྟེང་། བློ་མཐུན་ཀུའོ་ཧའོ་ནི་ཧུ་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་ཧྲི་ཀྲང་ལ་བདམས།

དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-07-27

གསར་སྤེལ་མཁན། :འཁོན་མགོན་པོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།