ཧྲི་ཅིན་ཧྲན་ཆུས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཧྲི་ཅིན་ཧྲན་ཆུས།
ཧྲི་ཅིན་ཧྲན་ཆུས་ནི་པེ་ཅིང་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་པ་དང་། པེ་ཅིང་གྱི་གྲོང་ཁུལ་གཙོ་བོ་དྲུག་གི་གྲས་ཤིག་ཡིན། པེ་ཅིང་ནུབ་རྒྱུད་དང་ཁྲང་ཨན་ཁྲོམ་གཞུང་གི་ནུབ་མཚམས་སུ་གནས་ཡོད། ཆེས་ཤར་སྣེ་ནི་གནམ་བདེ་སྒོ་མོ་ཆེ་དང་བར་ཐག་སྟོང་སྨི14ཡོད། སྤྱིའི་རྒྱ་ཁྱོན་སྟོང་སྨི་གྲུ་བཞི་མ84ཡོད། ཧྲི་ཅིན་ཧྲན་གྱི་མིང་ནི“ཡན་ཏུའུ་ཡི་དྲང་སྲོང་རི་བོ་ཨང་དང་པོ། ཧྲི་ཅིན་ཧྲན་རི་བོ”ཡོད་པས་དེ་ལྟར་ཐོགས། གནའ་སྔ་མོ་ནས་ཅིན་ཞི་ཡི་ལོ་རྒྱུས་རིག་གནས་ཀྱི་གྲོང་རྡལ་གལ་ཆེན་ཞིག་ཡིན། ས་ཁོངས་སུ་རི་ཁུལ་གྱི་རྒྱ་ཁྱོན་གྱིས23%བཟུང་ཡོད། གྲོང་ཁྱེར་ལྗང་འགྱུར་ཁྱབ་ཚད47.09%ཟིན་ཡོད། མི་རེར་ཆ་སྙོམས་སུ་སྤྱི་པའི་སྤང་ཐང་གི་རྒྱ་ཁྱོན་སྨི་གྲུ་བཞི་མ73.89ཟིན་ཡོད། པེ་ཅིང་གྲོང་ཁྱེར་གྲོང་ཁུལ་གྱི་ཨང་དང་པོར་སླེབས་ཡོད། པེ་ཅིང་གྲོང་ཁྱེར་གྲོང་ཁུལ་གྱི་ཀྲུང་ཧྲན་ནགས་ཚལ་གྱི་ཐོན་ཁུངས་ཕུན་སུམ་ཚོགས་ཤོས་དང་། ལྗང་འགྱུར་ཁྱབ་ཚད་མཐོ་ཤོས་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
石景山区
ཕྱི་ཡིག་གི་མིང་།
ShijingshanDistrict
སྲིད་འཛིན་ཁུལ་གྱི་རིགས་དབྱེ།
གྲོང་ཁྱེར་ཁོངས་གཏོགས་ཆུས།
ཁོངས་གཏོགས་ས་ཁུལ།
པེ་ཅིང་གྲོང་ཁྱེར།
མངའ་ཁོངས།
ཁྲོམ་གཞུང9ཡོད།
སྲིད་གཞུང་གནས་ཡུལ།
ལུའུ་ཀུའུ་ཁྲོམ་གཞུང་ཧྲི་ཅིན་ཧྲན་ལམ་གྱི་ཨང་རྟགས18པ།
ས་ཁོངས་ཁ་པར་ཨང་རྟགས།
010
སྦྲག་སྲིད་ཨང་རྟགས།
100043
གནས་ཡུལ།
ཁྲང་ཨན་སྲང་ལམ་ནུབ་མཚམས།
རྒྱ་ཁྱོན།
སྟོང་སྨི་གྲུ་བཞི་མ84ཡོད།
མི་གྲངས།
མི་ཁྲི57.0ཡོད།(སྤྱི་ལོ2019ལོའི་རྒྱུན་སྡོད་མི་གྲངས)
ནམ་ཟླ།
དྲོད་ཁུལ་བརླན་གཤེར་ཕྱེད་མའི་ནམ་ཟླ།
མཛེས་ལྗོངས་གྲགས་ཅན།
ལིང་ཀོང་དགོན་དང་པ་ཅའོ་ནགས་ཚལ་སྤྱི་གླིང་། ཧྥ་ཧའེ་དགོན། ཡུན་ཀང་ནགས་ཚལ་སྤྱི་གླིང་།
སྲིད་འཛིན་ས་ཁུལ་དབྱེ་མཚམས་ཚབ་ཨང་།
110107
ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར།
སྒོར་དུང་ཕྱུར806.4ཡོད།(སྤྱི་ལོ2019ལོ)
1 ངོ་སྤྲོད་མདོར་བསྡུས།

ཧྲི་ཅིན་ཧྲན་གྱི་མིང་ནི“ཡན་ཏུའུ་ཡི་དྲང་སྲོང་རི་བོ་ཨང་དང་པོ། ཧྲི་ཅིན་ཧྲན་རི་བོ”ཡོད་པས་དེ་ལྟར་ཐོགས། གནའ་སྔ་མོ་ནས་ཅིན་ཞི་ཡི་ལོ་རྒྱུས་རིག་གནས་ཀྱི་གྲོང་རྡལ་གལ་ཆེན་ཞིག་ཡིན། ས་ཁོངས་སུ་རི་ཁུལ་གྱི་རྒྱ་ཁྱོན་གྱིས23%བཟུང་ཡོད། གྲོང་ཁྱེར་ལྗང་འགྱུར་ཁྱབ་ཚད47.09%ཟིན་ཡོད། མི་རེར་ཆ་སྙོམས་སུ་སྤྱི་པའི་སྤང་ཐང་གི་རྒྱ་ཁྱོན་སྨི་གྲུ་བཞི་མ73.89ཟིན་ཡོད། པེ་ཅིང་གྲོང་ཁྱེར་གྲོང་ཁུལ་གྱི་ཨང་དང་པོར་སླེབས་ཡོད། པེ་ཅིང་གྲོང་ཁྱེར་གྲོང་ཁུལ་གྱི་ཀྲུང་ཧྲན་ནགས་ཚལ་གྱི་ཐོན་ཁུངས་ཕུན་སུམ་ཚོགས་ཤོས་དང་། ལྗང་འགྱུར་ཁྱབ་ཚད་མཐོ་ཤོས་ཡིན།

སྤྱི་ལོ2019ལོར་ཧྲི་ཅིན་ཧྲན་ཆུས་ཀྱི་ཁོངས་གཏོགས་སུ་ཁྲོམ་གཞུང9ཡོད། རྒྱུན་སྡོད་མི་གྲངས་ཁྲི57.0ཡོད། ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར(GDP)སྒོར་དུང་ཕྱུར806.4མངོན་འགྱུར་བྱུང་ཡོད། དེའི་ནང་དུ་ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར134.9ཟིན་ཡོད། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར671.5ཟིན་ཡོད། ཐོན་ལས་གསུམ་པོའི་གྲུབ་ཚུལ16.7:83.3ཡིན། ལོ་རེར་ཆ་སྙོམས་རྒྱུན་སྡོད་མི་གྲངས་ལྟར་བརྩིས་ན་ཆུས་ཡོངས་ཀྱི་མི་རེའི་ཆ་སྙོམས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་ཁྲི13.9ཟིན་ཡོད།

2 སྲིད་འཛིན་ས་ཁུལ་གྱི་དབྱེ་མཚམས།
2_1 འཕེལ་རིམ།

སྤྱི་ལོ1952ལོར་ཝན་ཕིང་རྫོང་མེད་པར་བཟོས། ཧྥེང་ཐའེ་ཆུས་དང་། ནན་ཧྥན་ཆུས། ཧྲི་ཅིན་ཧྲན་ཆུས་བཅས་བཙུགས་ནས་པེ་ཅིང་གྲོང་ཁྱེར་གྱི་ཁོངས་སུ་བསྡུས།

སྤྱི་ལོ1958ལོར་ནན་ཡོན་ཆུས་དང་ཧྲི་ཅིན་ཧྲན་ཆུས་ཀྱི་ས་ཁུལ་མང་ཆེ་བ་ཧྥེང་ཐའེ་ཆུས་སུ་ཟླ་སྒྲིལ་བཏང་།

སྤྱི་ལོ1963ལོར། ཧྲི་ཅིན་ཧྲན་ཆུས་ཧྥེང་ཐའེ་ཆུས་ནས་ལོགས་སུ་བཀར་ནས་ཧྲི་ཅིན་ཧྲན་བཙུགས། སྤྱི་ལོ1967ལོར་ཧྲི་ཅིན་ཧྲན་ཆུས་བཙུགས། ཧྥེང་ཐའེ་ཆུས་མི་དམངས་སྲིད་གཞུང་ཧྥེང་ཐའེ་གྲོང་རྡལ་དུ་བཅའ་སྡོད་བྱས་ཡོད།

སྤྱི་ལོ2005ལོར་ཧྲི་ཅིན་ཧྲན་ཆུས་ཀྱི་ཁོངས་གཏོགས་སུ་ཁྲོམ་གཞུང9ཡོད་པ་སྟེ། ལུའུ་ཀུའུ་ཁྲོམ་གཞུང་དང་། པ་པའོ་ཧྲན་ཁྲོམ་གཞུང་། ལའོ་ཧྲན་ཁྲོམ་གཞུང་། པ་ཅའོ་ཁྲོམ་གཞུང་། ཀུའུ་ཁྲེང་ཁྲོམ་གཞུང་། ཕིང་ཀའོ་ཡོན་ཁྲོམ་གཞུང་། ཅིན་ཏིང་ཁྲོམ་གཞུང་། ཀོང་ཉིང་ཁྲོམ་གཞུང་། ཝུའུ་ལི་ཐའོ་ཁྲོམ་གཞུང་བཅས་ཡིན། ཁྱོན་བསྡོམས་སྤྱི་ཁུལ133ཡོད།

2_2 ད་ལྟའི་གནས་ཚུལ།

སྤྱི་ལོ2019ལོར་ཧྲི་ཅིན་ཧྲན་ཆུས་ཀྱི་ཁོངས་གཏོགས་སུ་ཁྲོམ་གཞུང9ཡོད། ཧྲི་ཅིན་ཧྲན་མི་དམངས་སྲིད་གཞུང་ལུའུ་ཀུའུ་ཁྲོམ་གཞུང་ཧྲི་ཅིན་ཧྲན་ལམ་གྱི་ཨང་རྟགས18པ་རུ་བཅས་སྡོད་བྱས་ཡོད།

3 ནམ་ཟླ།

ཧྲི་ཅིན་ཧྲན་ཆུས་ནི་དྲོད་འཇམ་ཁུལ་གྱི་བརླན་གཤེར་ཕྱེད་ཙམ་དང་སྐམ་སའི་རང་བཞིན་གྱི་དུས་རླུང་ནམ་ཟླའི་ཁོངས་སུ་གཏོགས། དུས་བཞིའི་དབྱེ་བ་གསལ་ཞིང་། ལོ་རེའི་ཆ་སྙོམས་ཆར་ཆུ་འབབ་ཚད་ཧའོ་སྨི573.11ཡིན། དེ་ནི་ཧྭ་བྱང་ས་ཁུལ་དུ་ཆར་ཆུ་འབབ་ཚད་ཅུང་མང་བའི་ས་ཁུལ་གྱི་གྲས་ཤིག་ཡིན།

4 མི་གྲངས།

སྤྱི་ལོ2019ལོའི་ལོ་མཇུག་བར་དུ་ཧྲི་ཅིན་ཧྲན་ཆུས་སུ་རྒྱུན་སྡོད་མི་གྲངས་ཁྲི57.0ཟིན་པ་དེ་ལོ་གོང་མའི་ལོ་མཇུག་དང་བསྡུར་ན་མི་ཁྲི2.0ཉུང་དུ་ཕྱིན་ཡོད། དེའི་ནང་དུ་རྒྱུན་སྡོད་མི་གྲངས་ཁྲི13.7ཟིན་པ་དེས་རྒྱུན་སྡོད་མི་གྲངས་ཀྱི་བསྡུར་ཚད་ཀྱི24.0%བཟུང་ཡོད། རྒྱུན་སྡོད་མི་གྲངས་སྐྱེས་ཚད7.38‰དང་། ཤི་ཚད6.26‰ཡིན། རང་བྱུང་འཕར་ཚད1.12‰ཡིན། རྒྱུན་སྡོད་མི་གྲངས་འདུས་ཚད་སྟོང་སྨི་གྲུ་བཞི་མ་རེར་མི6648ཡོད་པ་དེ་ལོ་གོང་མ་དང་བསྡུར་ན་མི233ཉུང་དུ་ཕྱིན་ཡོད།

5 དཔལ་འབྱོར།

སྤྱི་ལོ2019ལོར། ཧྲི་ཅིན་ཧྲན་ཆུས་ཀྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར(GDP)སྒོར་དུང་ཕྱུར806.4མངོན་འགྱུར་བྱུང་བ་དེ་བསྡུར་གཞི་ཡོད་པའི་རིན་གོང་ལྟར་བརྩིས་ན་ལོ་གོང་མ་ལས་བརྒྱ་ཆའི6.9འཕར་ཡོད། དེའི་ནང་དུ་ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར134.9ཟིན་ནས་ལོ་སྔོན་མ་ལས7.7%འཕར་ཡོད། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར671.5ཟིན་ནས་ལོ་སྔོན་མ་ལས6.8%འཕར་ཡོད། ཐོན་ལས་གསུམ་གྱི་གྲུབ་ཚུལ་ནི16.7:83.3ཡིན། ལོ་རེར་ཆ་སྙོམས་རྒྱུན་སྡོད་མི་གྲངས་ལྟར་བརྩིས་ན་ཆུས་ཡོངས་ཀྱི་མི་རེའི་ཆ་སྙོམས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་ཁྲི13.9ཟིན་ཡོད།

6 འཕྲོད་བསྟེན།

སྤྱི་ལོ2017ལོའི་ལོ་མཇུག་བར་དུ། ཧྲི་ཅིན་ཧྲན་ཆུས་སུ་རིམ་པ་གཉིས་པའི་ཀ་པ་རིམ་པའི་སྨན་ཁང་གི་གྲས་སུ་བཅུག་པའི་པེ་ཅིང་གྲོང་ཁྱེར་ཧྲི་ཅིན་ཧྲན་སྨན་ཁང་དང་། ཆིང་ཧྭ་སློབ་ཆེན་ཡུས་ཆོན་སྨན་ཁང་། རིམ་པ་གསུམ་པའི་ཕྱོགས་བསྡུས་སྨན་ཁང་སྟེ་པེ་ཅིང་སློབ་ཆེན་ཧྲའོ་ཀང་སྨན་ཁང་སོགས་ཡོད་པ་དང་སྤྱི་ཁུལ་གྱི་འཕྲོད་བསྟེན་ཞབས་ཞུའི་ཁྱབ་ཚད100%ཟིན་ཡོད།

སྤྱི་ལོ2020ལོའི་ཟླ6པའི་ཚེས2ཉིན་ཧྲི་ཅིན་ཧྲན་ཁག་ལྔ་བའི་རྒྱལ་ཁབ་གཅོང་ནད་ཕྱོགས་བསྡུས་སྔོན་འགོག་ཚོད་འཛིན་དཔེ་སྟོན་ཁུལ་གྱི་ནང་དུ་བདམས།

7 ངལ་རྩོལ་ལས་ཞུགས།

སྤྱི་ལོ2019ལོའི་ལོ་མཇུག་བར་དུ་ཧྲི་ཅིན་ཧྲན་ཆུས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཤོར་ཐོ་འགོད་བྱེད་ཚད1.87%ཟིན་པ་དེ་ལོ་གོང་མའི་ལོ་མཇུག་དང་བསྡུར་ན་བརྒྱ་ཆའི0.25མར་ཆག་ཡོད།

8 སྤྱི་ཚོགས་འགན་སྲུང་།

སྤྱི་ལོ2019ལོའི་ལོ་མཇུག་བར་དུ། ཧྲི་ཅིན་ཧྲན་ཆུས་ཀྱི་ཁེ་ལས་ལས་བཟོའི་གཞི་རྩའི་རྒན་གསོ་དང་། ལས་ཤོར། ལས་རྨས་འགན་བཅོལ་བཅས་ཀྱི་ནང་ཞུགས་མཁན་སོ་སོར་མི་གྲངས་ཁྲི47.7དང་། མི་ཁྲི31.6 མི་ཁྲི29.0བཅས་ཟིན་ཡོད། སོ་སོར་ལོ་གོང་མའི་ལོ་མཇུག་ལས་མི་ཁྲི1.6དང་། མི་ཁྲི1.3 མི་ཁྲི0.5བཅས་འཕར་ཡོད།

9 ​གཟི་བརྗིད་མཚན་སྙན།

ཧྲི་ཅིན་ཧྲན་ཆུས་ནི་རྫོང་ཁོངས་ཀྱི་སྨན་བཅོས་མཉམ་གཟུགས་འཛུགས་སྐྲུན་གྱི་ཚོད་ལྟའི་རྫོང་ཡིན།

སྤྱི་ལོ2016ལོར་བསྐྱར་དུ་རྒྱལ་ཁབ་འཕྲོད་བསྟེན་ཆུས་སུ་གཏན་འཁེལ་བྱས།

སྤྱི་ལོ2018ལོར་བདེ་ཐང་གྲོང་ཁྱེར་འཛུགས་སྐྲུན་གྱི་དཔེ་སྟོན་གྲོང་ཁྱེར་དུ་བདམས།

སྤྱི་ལོ2020ལོའི་ཟླ3པའི་ཚེས4ཉིན། བཟོ་ལས་ཆ་འཕྲིན་ཅན་པུའུ་ཡིས་རྒྱལ་ཁབ་ཀྱི་བཟོ་ལས་ཅན་གསར་པའི་ཐོན་ལས་དཔེ་སྟོན་རྟེན་གཞིར་ཞིབ་དཔྱད་གཏན་འཁེལ་བྱས།

དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ས་ཁམས། གནས་ཡུལ། མི་རིགས།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-07-29

གསར་སྤེལ་མཁན། :འོད་ཟེར་རྡོ་རྗེ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།