ཆིང་ཧྲན་ཆུས། ནི་མིང་གཅིག་དོན་མང་ལ་འཇུག་སྟེ། དེར་དོན་གྱི་འཇུག་ཚུལ2ཡོད།

ཆིང་ཧྲན་ཆུས།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།
(ནང་སོག་རང་སྐྱོང་ལྗོངས་པའོ་ཐོའུ་གྲོང་ཁྱེར་གྱི་ཁོངས་གཏོགས་ཆུས་ཤིག)

ཆིང་ཧྲན་ཆུས།
ཆིང་ཧྲན་ཆུས་ནི་ནང་སོག་རང་སྐྱོང་ལྗོངས་པའོ་ཐོའུ་གྲོང་ཁྱེར་ཀྱི་གྲོང་ཁྱེར་ཁོངས་གཏོགས་ཆུས་ཤིག་ཡིན་པ་དང་། པའོ་ཐོའུ་གྲོང་ཁྱེར་གྱི་དབུས་ཁུལ་དུ་ཆགས་ཡོད་ལ། ནུབ་ཁུན་ཏུའོ་ལུན་ཆུས་དང་འབྲེལ་ཞིང་། ཤར་ཧྲི་ཀོའེ་ཆུས་དང་ཐག་ཉེ་བ། ལྷོ་ཅིའུ་ཡོན་ཆུས་དང་འབྲེལ་ཡོད། སྤྱི་ལོ1956ལོར་ཁུལ་བཙུགས་པ་དང་སྤྱི་ལོ2013ལོར་སྤྱིའི་མི་འབོར་ཁྲི49.79ཟིན་པ་དང་། རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ280ཡོད་པ་དང་དེའི་ཁོངས་སུ་ཁྲོམ་གཞུང8དང་གྲོང་རྡལ2ཡོད། ཁོངས་གཏོགས་ཁུལ་དུ་རྒྱ་རིགས་དང་། སོག་པོ། ཧུའེ་རིགས། མན་ཇུ་རིགས། ཁྲའོ་ཞན་རིགས། ཏ་ཝོར་རིགས། ཨུ་རུ་སུ། པའེ་རིགས། ལི་རིགས། ཞི་པའོ། ཡུ་གུར་རིགས། ཀྲོང་རིགས། ཨོ་ཝུན་ཁེ། ཨོ་ལུན་ཁྲུན་སོགས་མི་རིགས25ཡིས་གྲུབ་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
青山区
ཕྱི་ཡིག་གི་མིང་།
Qingshan District
ཁོངས་གཏོགས་ས་ཁུལ།
ཀྲུང་གོའི་ནང་སོག་རང་སྐྱོང་ལྗོངས་པའོ་ཐོའུ་གྲོང་ཁྱེར།
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
གྲོང་ཁྱེར་ཁོངས་གཏོགས་ཆུས།
མངའ་ཁོངས།
ཁྲོམ་གཞུང8 གྲོང་རྡལ2
སྲིད་གཞུང་གནས་ཡུལ།
ཅན་ཧྲེ་ལམ།
ས་ཁོངས་ཁ་པར་ཨང་རྟགས།
0472
སྦྲག་སྲིད་ཨང་རྟགས།
014030
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ280ཡོད།
མི་གྲངས།
མི་ཁྲི49.79ཡོད།
ནམ་ཟླ།
དྲོད་རྒྱུད་སྐམ་ས་ཆེན་པོའི་ནམ་ཟླ།
མེ་འཁོར་འབབ་ཚུགས།
པའོ་ཐོའུ་ས་ཚིགས་དང་ཝན་ཧྲུའེ་ཆོན་ས་ཚིགས།
རླངས་འཁོར་ཚབ་ཨང་།
སོག(蒙) B
1 ངོ་སྤྲོད།

ཆིང་ཧྲན་ཆུས་ནི་ནང་སོག་རང་སྐྱོང་ལྗོངས་པའོ་ཐོའུ་གྲོང་ཁྱེར་ཀྱི་གྲོང་ཁྱེར་ཁོངས་གཏོགས་ཆུས་ཤིག་ཡིན་པ་དང་། པའོ་ཐོའུ་གྲོང་ཁྱེར་གྱི་དབུས་ཁུལ་དུ་ཆགས་ཡོད་ལ། ནུབ་ཁུན་ཏུའོ་ལུན་ཆུས་དང་འབྲེལ་ཞིང་། ཤར་ཧྲི་ཀོའེ་ཆུས་དང་ཐག་ཉེ་བ། ལྷོ་ཅིའུ་ཡོན་ཆུས་དང་འབྲེལ་ཡོད། སྤྱི་ལོ1956ལོར་ཁུལ་བཙུགས་པ་དང་སྤྱི་ལོ2013ལོར་སྤྱིའི་མི་འབོར་ཁྲི49.79ཟིན་པ་དང་། རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ280ཡོད་པ་དང་དེའི་ཁོངས་སུ་ཁྲོམ་གཞུང8དང་གྲོང་རྡལ2ཡོད། ཁོངས་གཏོགས་ཁུལ་དུ་རྒྱ་རིགས་དང་། སོག་པོ། ཧུའེ་རིགས། མན་ཇུ་རིགས། ཁྲའོ་ཞན་རིགས། ཏ་ཝོར་རིགས། ཨུ་རུ་སུ། པའེ་རིགས། ལི་རིགས། ཞི་པའོ། ཡུ་གུར་རིགས། ཀྲོང་རིགས། ཨོ་ཝུན་ཁེ། ཨོ་ལུན་ཁྲུན་སོགས་མི་རིགས25ཡིས་གྲུབ་ཡོད། ཆིང་ཧྲན་ཆུས་ནི་རྒྱལ་ཁབ་ཀྱི་པུའུ་ཨུ་དྲུག་གིས་སྤྱི་ལོ2008ལོའི་པུའུ་རིམ་པ་མཐོ་བའི“བདེ་འཇགས་ཤར་བགྲོད་རྫོང་དང་ཆུས་ཀྱི་ཆུས” སུ་བདམས་པ་དང་། སྤྱི་ལོ2017ལོའི་རྒྱལ་ཡོངས་ཀྱི་ཕྱོགས་བསྡུས་སྟོབས་ཤུགས་ཆེ་བའི་ཁུལ་བརྒྱ་དང་། སྤྱི་ལོ2018ལོའི་ཟླ11པར་སྤྱི་ལོ2018ལོའི་བཟོ་ལས་སྟོབས་ཆེན་བརྒྱའི་ཁུལ་བཅས་སུ་བདམས་པ་ཡིན།

2 ལོ་རྒྱུས་འཕེལ་རིམ།

སྤྱི་ལོ1956ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད་ཆིང་ཧྲན་ཆུས་དངོས་སུ་བཙུགས།

སྤྱི་ལོ1960ལོའི་ཟླ3པ་ནས་སྤྱི་ལོ1963ལོའི་ཟླ4བའི་བར། རང་སྐྱོང་ལྗོངས་མི་དམངས་ཨུ་ཡོན་ལྷན་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད་པའོ་ཐོའུ་གྲོང་ཁྱེར་ཉེ་འདབས་ཀྱི་སྒྲིག་གཞི་མེད་པར་བཟོས་ནས་སྔོན་གྱི་གྲོང་ཁྱེར་ཉེ་འདབས་ཀྱི་མ་ཁྲི(གྲོང་རྡལ)ཀུང་ཧྲེ། གུང་གཞོན་ཞིང་ར་དང་ན་གཞོན་ཞིང་ར་གཉིས་ཆིང་ཧྲན་ཆུས་ཀྱི་ཁོངས་སུ་བགོས། དེའི་ནང་རང་བྱུང་གྲོང་ཚོ57ཚུད་པ་དེའི་ཁོངས་གཏོགས་ཀྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ350ཟིན་ཡོད།

སྤྱི་ལོ1963ལོར་གྲོང་ཁྱེར་ཉེ་འཁོར་གྱི་སྒྲིག་གཞི་སླར་གསོ་བྱས་པ་དང་། ཞིན་ཁྲེང་ཡུལ་ཚོདང་ཞིན་ཧྲེང་གྲོང་རྡལ། ན་གཞོན་ཞིང་ར་བཅས་པའོ་ཐོའུ་གྲོང་ཁྱེར་ཉེ་འཁོར་གྱི་མི་དམངས་ཨུ་ཡོན་ལྷན་ཁང་ལ་སྤྲད།

སྤྱི་ལོ1980ལོའི་ཟླ10བར། གྲོང་ཁྱེར་མི་དམངས་སྲིད་གཞུང་གི་རྒྱུན་ལས་གྲོས་ཚོགས་ཀྱི་ཟིན་བྲིས་གནད་བསྡུས། (ཨང་གྲངས41པ། )ཡིག་ཆའི་དགོངས་དོན་ལྟར། ཝུའུ་སུའུ་ཐུའུ་ཁྲོམ་གཞུང་དོན་གཅོད་ཁང་དེ་ཆིང་ཧྲན་ཆུས་གསར་བརྗེ་ཨུ་ཡོན་ལྷན་ཁང་གི་ཁོངས་སུ་གཏོགས།

སྤྱི་ལོ1991ལོའི་ཟླ9བར། པའོ་ཐོའུ་གྲོང་ཁྱེར་སྲིད་འཛིན་ས་ཁུལ་དབྱེ་མཚམས་མགོ་ཁྲིད་ཚན་ཆུང་གིས་ཡང་བསྐྱར་ཁུན་ཆུས་དང་ཆིང་ཧྲན་ཆུས་ཀྱི་མི་རིགས་ཤར་ལམ་གྱི་དབྱེ་མཚམས་གཏན་འཁེལ་བྱས།

སྤྱི་ལོ1999ལོའི་ཟླ2པར་གོང་རིམ་གྱིས་དེ་སྔའི་ཅིའུ་ཡོན་ཆུས་ཀྱི་བདག་སྐྱོང་བྱེད་ཁོངས་ཀྱི་ཁྲང་ཧྥུ་གྲོང་ཚོ་དང་། ཝུའུ་དབྱིན་ཧྥུ་གྲོང་ཚོ། ནན་ཨོའུ་གྲོང་ཚོ། ཀྲའོ་ཅ་ཡིང་གྲོང་ཚོ་བཅས་ཆིང་ཧྲན་ཆུས་ཀྱི་དོ་དམ་བྱེད་པ་དང་འབྲེལ་ཆིང་ཧྥུ་གྲོང་རྡལ་བཙུགས།    

སྤྱི་ལོ2001ལོར་ཞི་ཐུའུ་མཐོ་གསར་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་གོང་རིམ་གྱིས་ཆིང་ཕུའུ་གྲོང་རྡལ་ཆིང་ཧྲན་ཆུས་ནས་ཞི་ཐུའུ་མཐོ་གསར་ཁུལ་གྱིས་ཚབ་གཉེར་བྱས།

སྤྱི་ལོ2003ལོའི་ལོ་མཇུག་ཏུ་ཆིང་ཧྥུ་གྲོང་རྡལ་དང་དེའི་ཁོངས་གཏོགས་ཀྱི་ཁྲང་ཧྥུ་གྲོང་ཚོ་དང་ཀྲའོ་ཅ་ཡིང་གྲོང་ཚོ་གཉིས་ཀྱང་ཆིང་ཧྲན་ཆུས་སུ་བགོས་ནས་དོ་དམ་བྱས།

སྤྱི་ལོ2008ལོར་སྲིད་འཛིན་ས་ཁོངས་ཀྱི་དབྱེ་མཚམས་ལེགས་སྒྲིག་བྱས་པ་བརྒྱུད། ཞིང་ཧྲེང་གྲོང་རྡལ་དེ་ཆིང་ཧྲན་ཆུས་ཀྱི་ཁོངས་སུ་བཅུག་པ་དང་སྲིད་འཛིན་གྲོང་ཚོ19ལ་དབྱེ་རྒྱུ། ས་ཆའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ229.3ཟིན་ཡོད།

3 སྲིད་འཛིན་ས་ཁུལ་གྱི་དབྱེ་མཚམས།

སྤྱི་ལོ2012ལོའི་ལོ་མཇུག་ཏུ་ཆིང་ཧྲན་ཆུས་སུ་ཁྲོམ་གཞུང8དང་། གྲོང་རྡལ2 སྲིད་འཛིན་གྲོང་ཚོ21བཅས་ཡོད།

4 གནས་ཡུལ།

ཆིང་ཧྲན་ཆུས་ཀྱི་བྱང་ནི་ཡིན་ཧྲན་རི་རྒྱུད་དང་འབྲེལ་བ། ལྷོ་རུ་རྨ་ཆུར་ཐུག་ཡོད། པའོ་ཐོའུ་གྲོང་ཁྱེར་གྱི་དབུས་ཁུལ་དུ་གནས་པ་དང་། གྲོང་ཁྱེར་གྱི་ཁུལ་བཞི་ཡི་གྲས་ཤིག་ཡིན། ཤར་གྱི་གཞུང་ཐིག109°52〞དང་བྱང་གི་འཕྲེད་ཐིག40°40〞བར་ཡིན།

5 ནམ་ཟླ།

ཆིང་ཧྲན་ཆུས་ནི་བྱང་དྲོད་ཁུལ་དུ་གནས་ཡོད་པ་དང་། སྐམ་སའི་དབུས་ཁུལ་གྱི་ཐན་པ་ཕྱེད་ཙམ་གྱི་དུས་རླུང་གནམ་གཤིས་དང་། རླུང་མང་ལ་ཆར་པ་ཉུང་བ། གནམ་གཤིས་སྐམ་ཤས་ཆེ་བ། དགུན་དཔྱིད་ཀྱི་དུས་སུ་ནུབ་བྱང་གི་རླུང་དང་ནུབ་རླུང་མང་ཞིང་། རླུང་ཕྱོགས་གཙོ་བོ་ནུབ་བྱང་གི་རླུང་ཡིན་ལ། རླུང་གི་ཟློས་ཕྱོད་ཀྱི22%ཡིན། ཞི་པོ་ལི་ཡའི་གྲང་རྒྱུན་གྱིས་གནོད་འཚེ་ཐེབས་ནས། ལོ་རེའི་ཟླ་བཅུ་གཅིག་པར་དགུན་ཁར་སླེབས་པ་དང་། ཕྱི་ལོའི་ཟླ3པར་དཔྱིད་ཀ་ཤར་བ་དང་། ལོ་རེར་ཆ་སྙོམས་ཆར་མེད་དུས་ཉིན156ཡིན། ས་རྒྱུ་བསྡམས་བཅད་བྱས་པའི་ཉིན150ཡས་མས་སུ། འཁྱགས་རིམ་གྱི་ཟབ་ཚད་ལི་སྨི175ཟིན་ཡོད། ལོ་རེའི་ཆ་སྙོམས་དྲོད་ཚད6.5℃ཡིན་པ་དང་། ཉེ་བའི་ལོ30རིང་གི་དཔྱད་གཞིར་གཞིགས་ན། དྲོད་ཚད་མཐོ་ཤོས38.4℃ཡིན། དུས་བཞིའི་ཁྱད་ཆོས་ནི། དགུན་དུས་རིང་ཞིང་གྲང་བ། ཁ་བ་ཉུང་བ། དབྱར་ཁར་ཚ་བ་ཆེ་བ་དང་ཆར་པ་ཉུང་བ། ཉིན་མཚན་གྱི་དྲོད་ཚད་ཧེ་བག་ཧྲེ་ཧྲི་ཏུའུ20ཟིན་གྱི་ཡོད། ལོ་རེའི་ཆ་སྙོམས་ཀྱི་ཆར་ཆུ་འབབ་ཚད་ཧའོ་སྨི308.9ཟིན་པ་དང་། མང་ཆེ་བ་ཟླ7པ་ནས་ཟླ9པའི་བར་ཡིན། འོད་འཕྲོའི་ལོ་རེར་ཆ་སྙོམས་ཆུ་ཚོད3221.1ཟིན་ཡོད། ས་ངོས་རླངས་པར་འགྱུར་ཚད་ཅུང་ཆེ་བ་དང་ཆ་སྙོམས་ལོ་རེར་རླངས་པར་འགྱུར་ཚད་ཧའོ་སྨི2331.4ཟིན་ཡོད།

6 དཔལ་འབྱོར།

སྤྱི་ལོ2013ལོར་ཆིང་ཧྲན་ཆུས་ཀྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར800ཟིན་ནས་དུས་མཚུངས་ལས11%འཕར་བ་དང་། ནོར་སྲིད་ཡོང་འབབ་སྔོན་དཔག་བྱས་ན་སྒོར་དུང་ཕྱུར49.7ལེགས་གྲུབ་ཟིན་པ་དེ་དུས་མཚུངས་ལས13%འཕར་བ། གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར495བཏང་བ་དེ་དུས་མཚུངས་ལས18%འཕར་བ། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྔོན་དཔག་བྱས་ན་སྒོར39400ཟིན་པ་དེ་དུས་མཚུངས་ལས9%འཕར་ཡོད།

7 སྤྱི་ཚོགས་ལས་དོན།
7_1 སློབ་གསོ།

ཆིང་ཧྲན་ཆུས་སུ་སློབ་གཉེར་ཚན་པ45ཡོད། དེའི་ནང་སློབ་ཆུང25དང་། དམའ་རིམ་སློབ་འབྲིང8 མཐོ་འབྲིང་དཀྱུས་མ5(སྒེར་བཙུགས་མཐོ་རིམ་སློབ་འབྲིང1ཚུད་པ) ཆ་ཚང་སློབ་འབྲིང2 ལོ་དགུ་རྒྱུན་མཐུད་ལམ་ལུགས་ཀྱི་སློབ་གྲྭ2 བུ་བཅོལ་ཁང་དང་ན་ཆུང་ཕོ་བྲང་། དམིགས་བསལ་སློབ་གསོའི་སློབ་གྲྭ་བཅས་སོ་སོ1བཅས་ཡོད་པ་དང་། སྤྱི་ལོ2011ལོའི་ཟླ9བའི་བར། ཆིང་ཧྲན་ཆུས་སུ་དགེ་རྒན་དང་ལས་བཟོ4015ཡོད་པ་དང་། སློབ་མའི་བསྡོམས་གྲངས54516(དེའི་ནང་སློབ་ཆུང་གི་སློབ་གྲྭར་ཡོད་མུས་ཀྱི་སློབ་མ25444དང་། དམའ་རིམ་སློབ་འབྲིང་གི་སློབ་མ14758 མཐོ་རིམ་སློབ་འབྲིང་གི་སློབ་གྲྭར་ཡོད་མུས་ཀྱི་སློབ་མ14314དང་དམིགས་བསལ་སློབ་གསོའི་སློབ་གྲྭར་ཡོད་མུས་ཀྱི་སློབ་མ55ཡོད) ཆིང་ཧྲན་ཆུས་སུ་དམངས་གཉེར་བུ་བཅོལ་ཁང38ཡོད་པ་དང་དགེ་རྒན་དང་ལས་བཟོ761དང་བུ་བཅོལ་ཁང་དུ་ཕྲུ་གུ5704ཡོད་པ་དང་། རང་སྐྱོང་ལྗོངས་མཐོ་རིམ་སློབ་འབྲིང་དོ་དམ་སྔོན་ཐོན་སློབ་གྲྭ3དང་། རང་སྐྱོང་ལྗོངས་མཐོ་རིམ་སློབ་འབྲིང་དཀྱུས་མའི་དཔེ་སྟོན(ཚོད་ལྟ)སློབ་གྲྭ3 རང་སྐྱོང་ལྗོངས་ཀྱི་འོས་འགན་སློབ་གསོའི་དཔེ་སྟོན་སློབ་གྲྭ17དང་པའོ་ཐོའུ་གྲོང་ཁྱེར་གྱི་འོས་འགན་སློབ་གསོའི་དཔེ་སྟོན་སློབ་གྲྭ15བཅས་ཡོད། རྒྱལ་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་གི་དེང་རབས་ལག་རྩལ་སློབ་གསོའི་སློབ་གྲྭ3བཅས་ཡོད། ནང་སོག་རང་སྐྱོང་ལྗོངས་ཀྱི་དེང་རབས་ལག་རྩལ་སློབ་གསོའི་ཕུལ་བྱུང་སློབ་གྲྭ25དང་པའོ་ཐོའུ་གྲོང་ཁྱེར་གྱི་དེང་རབས་ལག་རྩལ་སློབ་གསོའི་ཕུལ་བྱུང་སློབ་གྲྭ5བཅས་ཡོད།

7_2 སྤྱི་ཚོགས་འགན་སྲུང་།

2013ལོར་ཆིང་ཧྲན་ཆུས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་དུ་ལས་ཞུགས་མི་གྲངས10420གསར་དུ་འཕར་ཡོད། ལས་བྲལ་ལས་ཤོར་མི་སྣ2280ལས་ཞུགས་བསྐྱར་མ་བྱས་པ་དང་། ལས་ཞུགས་དཀའ་ངལ་ཡོད་པའི་མི་སྣ1870ལས་ཞུགས་བསྐྱར་མ་བྱས་ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་ཐོ་བཀོད་ལས་ཀ་ཤོར་ཚད་བརྒྱ་ཆའི3.9ནང་ཚུན་དུ་ཚོད་འཛིན་བྱ་དགོས། སྤྱི་ཚོགས་འགན་བཅོལ་ཁྱབ་རྒྱ་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོའི་གཞི་རྩའི་རྒན་གསོའི་འགན་བཅོལ་ནང་ཞུགས་མཁན་མི་གྲངས27400ཟིན་པ་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་མཁན་མི་གྲངས་ཁྲི11ཟིན་ཡོད། ལས་འཁྱུར་ངལ་གསོའི་དངུལ་གྱི་ཚད་གཞི་མཐོ་རུ་ཧུར་ཐག་གཏོང་དགོས། ཁེ་ལས་ཀྱི་ལས་འཁྱུར་ངལ་གསོ་རྒྱག་མཁན་མི3345ལ་མི་རེར་ཟླ་རེར་རྒན་གསོའི་དངུལ་སྒོར179འཕར་བ་དང“ལྔ་བདུན་ལས་དོན”2440དང་ས་ཆ་བསྡུ་ལེན་བྱས་པའི་ཞིང་པ687ལ་ཟླ་རེར་ཆ་སྙོམས་རྒན་གསོའི་དངུལ་སྒོར150དང་སྒོར101མང་དུ་བཏང་བ་དང་། རིམ་པ་མང་བའི་དཀའ་ངལ་དང་ཉམས་ཞན་ཚོགས་སྤྱིའི་རོགས་སྐྱོབ་ལས་དོན་སྤེལ་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་དཀའ་ངལ་ཡོད་པའི་ཚོགས་སྤྱིའི་མ་མཐའི་འཚོ་བའི་འགན་ལེན་དངུལ་དང་། ཐེངས་གཅིག་རང་ལ་འཚོ་བའི་རོགས་སྐྱོབ་དངུལ། འཚོ་བའི་ཁ་གསབ། སྤྱི་ཚོགས་འགན་བཅོལ་ཁ་གསབ། ཞིང་སྐྱོར་ཞིང་ཕན་ཁ་གསབ་བཅས་ཁྱོན་སྒོར་ཁྲི5000ལྷག་ཙམ་སྤྲད་ཡོད། ཞིང་པ་ལས་མིའི་ཁེ་དབང་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་ཞིང་པ་ལས་མི950ལ་གླ་ཆ་སྒོར་ཁྲི1600ལྷག་ཙམ་བདའ་འདེད་བཏང་།

8 གཟི་བརྗིད་མཚན་སྙན།

སྤྱི་ལོ2019ལོའི་ཟླ11པའི་ཚེས13ཉིན་སྤྱི་ལོ2019ལོའི་བཟོ་ལས་སྟོབས་ཆེན་བརྒྱའི་ཁུལ་དུ་བདམས།

སྤྱི་ལོ2020ལོའི་ཟླ3པར་སྤྱི་ལོ2020ལོར་ཀྲུང་གོའི་གཉིས་གཏོད་གསོན་ཤུགས་རྫོང་གྲོང་བརྒྱ་རུ་བདམས།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-08-11

གསར་སྤེལ་མཁན། :སེང་ལྡེང་མཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།