སུའུ་པེ་སོག་རིགས་རང་སྐྱོང་རྫོང་།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

སུའུ་པེ་སོག་རིགས་རང་སྐྱོང་རྫོང་།
སུའུ་པེ་སོག་རིགས་རང་སྐྱོང་རྫོང་ནི་ཅིའུ་ཆོན་གྲོང་ཁྱེར་གྱི་ཁོངས་གཏོགས་རང་སྐྱོང་རྫོང་ཞིག་ཡིན་པ་དང་། ཀན་སུའུ་ཞིང་ཆེན་གྱི་ནུབ་བྱང་རྒྱུད་དང་། རྨ་ནུབ་དོག་ལམ་གྱི་ལྷོ་བྱང་གཞོགས་གཉིས་སུ་ཆགས་ཡོད་ལ། རྫོང་ཁོངས་དེ་ལྷོ་རི་དང་བྱང་རིའི་དབར་འབྲེལ་མེད་པའི་ས་ཁོངས་གཉིས་སུ་ཕྱེ་ཡོད་པ་དང་། སྤྱིའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ66748ཡོད། མཐའ་སྐོར་རྒྱལ་ཁབ་གཅིག་དང་ཞིང་ཆེན(ཆུས)གསུམ་གྱི་རྫོང་དང་གྲོང་ཁྱེར་གསུམ་དང་ས་མཚམས་འབྲེལ་ཡོད། དེའི་ཁོངས་སུ་གྲོང་རྡལ2དང་ཡུལ་ཚོ2ཡོད། སྤྱིའི་མི་འབོར11741(སྤྱི་ལོ2012ལོ)ཡོད་པའི་ནང་སོག་རིགས་ཀྱི་མི་གྲངས4446ཡོད། བརྒྱ་ཆའི37.9ཟིན་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
肃北蒙古族自治县
ཕྱི་ཡིག་གི་མིང་།
Mongolian Autonomous County of Subei
ཁོངས་གཏོགས་ས་ཁུལ།
ཀན་སུའུ་ཞིང་ཆེན་ཅིའུ་ཆོན་གྲོང་ཁྱེར།
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
རང་སྐྱོང་རྫོང་།
མངའ་ཁོངས།
གྲོང་རྡལ2 ཡུལ་ཚོ2 སྡེ་ཁུལ2 གྲོང་ཚོ26
སྲིད་གཞུང་གནས་ཡུལ།
ཏང་ཁྲེང་ཝན་གྲོང་རྡལ།
ས་ཁོངས་ཁ་པར་ཨང་རྟགས།
0937
སྦྲག་སྲིད་ཨང་རྟགས།
736300
གནས་ཡུལ།
རྨ་ནུབ་དོག་ལམ་གྱི་ནུབ་སྣེ།
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ66748ཡོད།
མི་གྲངས།
མི11741ཡོད།
ནམ་ཟླ།
ལྷོ་སྐམ་སའི་མཐོ་གྲང་མྱ་ངམ་ཐང་གི་རྩྭ་ཐང་གི་གནམ་གཤིས། བྱང་དྲོད་ཁུལ་ཐན་སྐམ་ནམ་ཟླ།
མེ་འཁོར་འབབ་ཚུགས།
སུའུ་པེ་འབབ་ཚུགས།
རླངས་འཁོར་ཚབ་ཨང་།
ཀན(甘) F
སྲིད་འཛིན་ཚབ་ཨང་།
620923
1 ​ངོ་སྤྲོད།

སུའུ་པེ་སོག་རིགས་རང་སྐྱོང་རྫོང་ནི་ཅིའུ་ཆོན་གྲོང་ཁྱེར་གྱི་ཁོངས་གཏོགས་རང་སྐྱོང་རྫོང་ཞིག་ཡིན་པ་དང་། ཀན་སུའུ་ཞིང་ཆེན་གྱི་ནུབ་བྱང་རྒྱུད་དང་། རྨ་ནུབ་དོག་ལམ་གྱི་ལྷོ་བྱང་གཞོགས་གཉིས་སུ་ཆགས་ཡོད་ལ། རྫོང་ཁོངས་དེ་ལྷོ་རི་དང་བྱང་རིའི་དབར་འབྲེལ་མེད་པའི་ས་ཁོངས་གཉིས་སུ་ཕྱེ་ཡོད་པ་དང་། སྤྱིའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ66748ཡོད། མཐའ་སྐོར་རྒྱལ་ཁབ་གཅིག་དང་ཞིང་ཆེན(ཆུས)གསུམ་གྱི་རྫོང་དང་གྲོང་ཁྱེར་གསུམ་དང་ས་མཚམས་འབྲེལ་ཡོད། དེའི་ཁོངས་སུ་གྲོང་རྡལ2དང་ཡུལ་ཚོ2ཡོད། སྤྱིའི་མི་འབོར11741(སྤྱི་ལོ2012ལོ)ཡོད་པའི་ནང་སོག་རིགས་ཀྱི་མི་གྲངས4446ཡོད། བརྒྱ་ཆའི37.9ཟིན་ཡོད།

སུའུ་པེ་རྫོང་ལ་རང་བྱུང་རྩྭ་ར་མུའུ་ཁྲི4676ཡོད་པ་རེད། གཙོ་བོ་ར་མ་དང་། འབྲི་གཡག རྔ་མོང་སོགས་ཕྱུགས་ཟོག་གསོ་བ་དང་། གཞན་ཡང་རྨོ་ཞིང་ཉུང་ཙམ་ཡོད་ལ། རྡོ་སོལ་དང་། གསེར་དང་། ལྕགས་གཏེར། དེ་བཞིན་མདོག་ལྡན་ལྕགས་རིགས་བཅས་ཀྱི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་པ་དང་། གཏེར་འདོན་ལས་རིགས་ནི་སུའུ་པེ་རྫོང་གི་དཔལ་འབྱོར་སྲོག་ཤིང་ལྟ་བུ་ཡིན། སྤྱི་ལོ2012ལོར་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར37.62ལེགས་གྲུབ་བྱུང་།

སྤྱི་ལོ2020ལོའི་ཟླ1པོའི་ཚེས22ཉིན་སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་པུའུ་ཡི་རྒྱལ་ཁབ་སྐྱེད་ཚལ་རྫོང་གྲོང་དུ་མིང་བཏགས།

2 ལོ་རྒྱུས་འཕེལ་རིམ།

སྤྱི་ལོ1949ལོའི་ཟླ10བའི་ཚེས25ཉིན། སུའུ་པེ་སོག་རིགས་གནས་སྐབས་རང་སྐྱོང་ཨུ་ཡོན་ལྷན་ཁང་བཙུགས།

སྤྱི་ལོ1950ལོའི་ཟླ7པའི་ཚེས20ཉིན། སུའུ་པེ་རང་སྐྱོང་ལྗོངས(རྫོང་རིམ)བཙུགས་པ་དང་། ཅིའུ་ཆོན་ཀྲོན་ཡོན་ཀུང་ཧྲུའུ་ཡི་ཁོངས་སུ་གཏོགས། ཟླ10བར་སུའུ་པེ་བཅོས་སྒྲིག་ཅུས་མེད་པར་བཟོས།

སྤྱི་ལོ1953ལོའི་ཟླ10བར། སུའུ་པེ་རང་སྐྱོང་ལྗོངས་ཀྱི་མིང་ལ་སུའུ་པེ་སོག་རིགས་རང་སྐྱོང་ལྗོངས་ཞེས་བཏགས།

སྤྱི་ལོ1955ལོའི་ཟླ7པའི་ཚེས25ཉིན། སུའུ་པེ་སོག་རིགས་རང་སྐྱོང་རྫོང་བཙུགས་པ་དང་། ཅིའུ་ཆོན་ཀྲོན་ཡོན་ཀུང་ཧྲུའུ་ཡི་ཁོངས་སུ་གཏོགས། ཟླ10བའི་ཚེས7ཉིན། ཅིའུ་ཆོན་དང་ཝུའུ་ཝེ་ཀྲོན་ཆུས་དེ་ཀྲང་དབྱི་ཀྲོན་ཆུས་སུ་ཟླ་སྒྲིལ་བཏང་བ་དང་། སུའུ་པེ་སོག་རིགས་རང་སྐྱོང་རྫོང་ཀྲང་དབྱི་ཀྲོན་ཆུས་ཀྱི་ཁོངས་སུ་གཏོགས།

སྤྱི་ལོ1960ལོར་ཅིའུ་ཆོན་ཀྲོན་ཆུས་སླར་གསོ་བྱུང་བ་དང་། སུའུ་པེ་སོག་རིགས་རང་སྐྱོང་རྫོང་མི་དམངས་ཨུ་ཡོན་ལྷན་ཁང་ཅིའུ་ཆོན་ཀྲོན་ཆུས་ཀྲིའི་ཁོངས་སུ་གཏོགས།    

སྤྱི་ལོ1978ལོར་ཅིའུ་ཆོན་ཆེད་ཁུལ་མེད་པར་བཟོས་ཏེ་ཅིའུ་ཆོན་ས་ཁུལ་བཙུགས།

སྤྱི་ལོ2002ལོར་ཅིའུ་ཆོན་ས་ཁུལ་ཕྱིར་འཐེན་བྱས་ཏེ། ས་ཁུལ་རིམ་པའི་ཅིའུ་ཆོན་གྲོང་ཁྱེར་བཙུགས་པ་དང་། སུའུ་པེ་རྫོང་གི་ཁོངས་སུ་གཏོགས།

3 སྲིད་འཛིན་ས་ཁུལ་གྱི་དབྱེ་མཚམས།

སྤྱི་ལོ2013ལོའི་བར། སུའུ་པེ་སོག་རིགས་རང་སྐྱོང་རྫོང་ཁོངས་སུ་གྲོང་རྡལ2དང་། ཡུལ་ཚོ2 སྡེ་ཁུལ2 གྲོང་ཚོ26བཅས་གཏོགས་ཡོད།

4 གནས་ཡུལ།

སུའུ་པེ་སོག་རིགས་རང་སྐྱོང་རྫོང་ནི་ཀན་སུའུ་ཞིང་ཆེན་རྨ་ནུབ་དོག་ལམ་གྱི་ནུབ་སྣེའི་ཅིའུ་ཆོན་གྲོང་ཁྱེར་གྱི་ལྷོ་རྒྱུད་དང་བྱང་རྒྱུད་དུ་ཆགས་ཡོད། ཁོངས་གཏོགས་ས་ཆ་དེ་ལྷོ་རིའི་ས་ཁུལ་དང་བྱང་རིའི་ས་ཁུལ་གཉིས་སུ་དབྱེ་ཡོད་ལ། ས་མཚམས་སུ་ཏུན་ཧོང་དང་། ཀྭ་ཀྲོའུ། ཡུས་མོན་བཅས་རྫོང(གྲོང་ཁྱེར)གསུམ་གྱི་བར་བཅད་ཡོད། ས་ཆ་གཉིས་ཀྱི་དྲང་ཐིག་དང་བར་ཐག་སྤྱི་ལེ180ལྷག་ཙམ་ཡོད། ལྷོ་བྱང་གཉིས་ཀྱི་རྒྱ་ཁྱོན་བསྡོམས་འབོར་སྤྱི་ལེ་གྲུ་བཞི་མ66748ཡོད། ཀན་སུའུ་ཞིང་ཆེན་གྱི་སྤྱིའི་རྒྱ་ཁྱོན་གྱི14.8%བཟུང་ནས་ཞིང་ཆེན་ཡོངས་ཀྱི་ས་ཁོངས་རྒྱ་ཆེ་ཤོས་ཀྱི་མཐའ་མཚམས་རྫོང་ཞིག་ཡིན།

5 ནམ་ཟླ།

སུའུ་པེ་རྫོང་གི་ལྷོ་ཁུལ་དང་བྱང་ཁུལ་གཉིས་ཀྱི་འཕྲེད་ཐིག་མི་འདྲ་བའི་དབང་གིས། ས་དབྱིབས་ཆགས་ཚུལ་ལ་ཁྱད་པར་ཅུང་ཆེ་བ་དང་། གནམ་གཤིས་ལ་རང་རང་གི་ཁྱད་ཆོས་ལྡན། ལྷོ་རིའི་ས་ཁུལ་ནི་འཕྲེད་ཐིག་བར་མ་དང་། ཡོ་རོབ་དང་ཨེ་ཤ་ཡའི་སྐམ་ས་ཆེན་པོའི་ནང་ལོགས་ས་ཁུལ་དུ་གནས་ཡོད། ལྷོ་ནས་ཡོང་བའི་དུས་རླུང་གི་ཤུགས་རྐྱེན་ཆུང་ཞིང་། དེ་ནི་སྐམ་སའི་དབུས་ཁུལ་གྱི་མཐོ་གྲང་མྱ་ངམ་ཐང་གི་རྩྭ་ཐང་གི་གནམ་གཤིས་དཔེ་མཚོན་ཞིག་ཡིན། བྱང་རིའི་ས་ཁུལ་གྱི་འཕྲེད་ཐིག་ཏུའུ་གྲངས་བྱང་ལ་ཕྱོགས་པས་མྱ་ངམ་ཐང་རྒྱ་ཆེན་པོར་ཁྱབ་ཡོད། རྒྱ་མཚོ་དང་རྒྱང་ཐག་རིང་ཞིང་མཐའ་རྒྱུད་དུ་རི་རྒྱུད་ཀྱིས་བཀག་ཡོད་ཅིང་། དྲོད་གཤེར་རླུང་རྒྱུན་ཐོན་དཀའ་བ་དང་གནམ་གཤིས་སྐམ་ཤས་ཆེ་བ་ནི་མྱ་ངམ་ཐང་གི་ནམ་ཟླའི་ཁོངས་སུ་གཏོགས།

6 རང་བྱུང་ཐོན་ཁུངས།
6_1 གཏེར་རྫས་ཐོན་ཁུངས།

སུའུ་པེ་རྫོང་གི་གཏེར་ཁའི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་པ་དང་། སྤྱི་ལོ2012ལོའི་བར་མངའ་ཁོངས་ནང་རྩད་ཆོད་ཟིན་པའི་གཏེར་རིགས39ཡོད་པ་དང་། གཏེར་གནས300ལྷག་ཡོད་པ་དང་། ཁྱད་ཡོན་ལྡན་པའི་གཏེར་རིགས་ལ་གསེར་དང་ལྕགས། ཟངས། ཁིར། ཝུ་དང་ནིག་སོགས་ཡོད། དེའི་ནང་ལྕགས་ཀྱི་གཏེར་རྡོ་གསོག་ཚད་ཏུན་དུང་ཕྱུར7.5ཟིན་ཡོད། མ་བཅོས་རྡོ་སོལ་གསོག་ཚད་ཏུན་དུང་ཕྱུར9ཡིན་པ། ཐ་ཨེར་ཀོའུ་ཝུའུ་གཏེར་གྱི་གསོག་ཚད་རྒྱལ་ཡོངས་ཀྱི་ཨང་གཉིས་པར་སླེབས་པ་དང་། ཏ་ཏོར་ཅི་ཁུ་གཏེར་ནི་རྒྱལ་ཡོངས་ཀྱི་ཁུ་གཏེར་ཆེན་པོ་གསུམ་པ་ཡིན།

6_2 སྐྱེ་དངོས་ཐོན་ཁུངས།    

སུའུ་པེ་རྫོང་གི་ཁོངས་གཏོགས་སུ་རི་སྐྱེས་སྲོག་ཆགས་ཁྱབ་རྒྱ་ཆེ་བ་དང་གྲངས་འབོར་མང་བ། སྤྱི་ལོ2012ལོ་བར་རིགས174རྩད་ཆོད་ཐུབ་པ་དེའི་ནང་རྒྱལ་ཁབ་ཀྱིས་གཙོ་གནད་དུ་སྲུང་སྐྱོང་བྱེད་པའི་བདག་ཏུ་མ་བཟུང་བའི་སྲོག་ཆགས་རིགས32ཡོད།

7 མི་གྲངས།

སྤྱི་ལོ2012ལོར་སུའུ་པེ་རྫོང་གི་ཐེམ་ཐོའི་མི་འབོར11741ཡོད་པ་དང་། དེའི་ནང་སོག་རིགས4446ཡོད་པ་དེས37.9%བཟུང་བ་དང་། རྒྱ་རིགས6936ཡོད་པ་དེས59.1%བཟུང་བ་དང་། ཧུའེ་རིགས་དང་། བོད་རིགས། མན་ཇུ་རིགས། ཡུས་ཀུའུ་རིགས་སོགས་མི་རིགས་གཞན་དག359ཡོད་པ་དེས3%ཟིན་ཡོད།

8 དཔལ་འབྱོར།

སྤྱི་ལོ2012ལོར་སུའུ་པེ་རྫོང་གི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར37.62ལེགས་གྲུབ་བྱུང་བ་དེ་སྤྱི་ལོ2011ལོ་ལས23.72%འཕར་བ་དང་། སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར46.68བཏང་བ་དེ་སྤྱི་ལོ2011ལོ་ལས95.84%འཕར་བ། ནོར་སྲིད་ཡོང་འབབ་སྒོར་དུང་ཕྱུར5.7ཟིན་པ་དེ་སྤྱི་ལོ2011ལོ་ལས35.7%འཕར་བ། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར20457ཟིན་པ་དེ་སྤྱི་ལོ2011ལོ་ལས15.6%འཕར་བ། འབྲོག་པ་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་སྒོར14025ཟིན་པ་དེ་སྤྱི་ལོ2011ལོ་ལས95.84%འཕར་བ། GDPསྒོར་ཁྲི་རེའི་ནུས་ཁུངས་ཟད་གྲོན2.25%ཆག་པ། རྫོང་ཡོངས་ཀྱི་མི་རེའི་ཆ་སྙོམས་ཀྱིGDP2011ལོའི་སྒོར167019ནས་སྒོར250773བར་འཕར་བ། བརྒྱ་ཆའི23.70འཕར་ཡོད།

9 སྤྱི་ཚོགས་ལས་དོན།
9_1 སློབ་གསོ་དང་ཚན་རིག།

སྤྱི་ལོ2012ལོ་བར་སུའུ་པེ་རྫོང་དུ་རིགས་ཁག་གི་སློབ་གྲྭ་དང་བུ་བཅོལ་ཁང5ཡོད་པ་དང་རྫོང་དེ་ཡོངས་ཀྱི་སློབ་ལོ་ལོན་པའི་མི་འབོར་སློབ་ཆུང་དུ་སློབ་ཞུགས་བྱེད་ཚད་དང་དམའ་རིམ་སློབ་འབྲིང་དུ་སློབ་ཞུགས་བྱེད་ཚད་ཀྱི100%ཟིན་ཡོད་པ་དང་། མཐོ་རིམ་སློབ་འབྲིང་དུས་མཚམས་ཀྱི་སློབ་གསོའི་སློབ་ཞུགས་བྱེད་ཚད་ཀྱི100%ཟིན་པ། གྲོང་ཁྱེར་དང་གྲོང་རྡལ་གྱི་བྱིས་པ་བུ་བཅོལ་ཁང་དུ་ཞུགས་ཚད་ཀྱི100%ཟིན་པ་དང་། ཞིང་གྲོང་གི་བྱིས་པ་བུ་བཅོལ་ཁང་དུ་ཞུགས་ཚད་ཀྱི98%ཟིན་ཡོད།

སྤྱི་ལོ2012ལོར་སུའུ་པེ་རྫོང་གིས་ཚན་རྩལ་རྣམ་གྲངས་གསུམ་གྱི་འགྲོ་གྲོན་སྒོར་ཁྲི300.76བཏང་ནས་སྤྱི་ལོ2012ལོའི་རྫོང་གི་ཚན་རྩལ་རྣམ་གྲངས36དོན་འཁྱོལ་བྱས་ཡོད།    

9_2 རིག་གནས་ལུས་རྩལ།

སྤྱི་ལོ2012ལོའི་བར་སུའུ་པེ་རྫོང་དུ་རིག་གནས་ཐོན་ལས་ཚན་པ་དང་ཚོགས་པ13ཡོད་པ་དང་ལས་ཞུགས་མི་གྲངས598ཡོད་པ་དང་། རྫོང་ཡོངས་སུ་རིག་གནས་ཐོན་ལས་ཀྱི་རིན་ཐང་འཕར་མ་སྒོར་ཁྲི2400ཟིན་ནས་རིག་གནས་ཐོན་ལས་ལ་མ་དངུལ་སྒོར་ཁྲི5052བཏང་བ། “ན་ཏ་མུའུ”སོགས་ལུས་རྩལ་དུས་ཆེན་ཐེངས1འཚོགས་ནས་ལུས་རྩལ་པ་མི་ཐེངས195ཞུགས་པ། གྲོང་ཁྱེར་རིམ་པའི་ལུས་རྩལ་འགྲན་ཚོགས་གསེར་གྱི་རྟགས་མ2དངུལ་གྱི་རྟགས་མ1 ཟངས་ཀྱི་རྟགས་མ1བཅས་བླངས།

9_3 རྒྱང་སྒྲོག་བརྙན་འཕྲིན།    

སྤྱི་ལོ2012ལོ་བར་སུའུ་པེ་རྫོང་གི་སྐུད་ཡོད་བརྙན་འཕྲིན་སྤྱོད་མཁན་དུད་ཚང2650ཟིན་ཡོད་པ་དང་། བརྙན་འཕྲིན་མི་འབོར་ཁྱབ་ཚད་ཀྱི90%ཟིན་པ་དང་རླུང་འཕྲིན་མི་འབོར་ཁྱབ་ཚད་ཀྱི100%ཟིན་ཡོད། སྐུད་ཡོད་བརྙན་འཕྲིན་ལེ་ཚན་སྤྱི་ལོ2011ལོའི་ཆ་ཚང78ནས་སྤྱི་ལོ2012ལོའི་ཆ་ཚང121ལ་འཕར་སྣོན་བྱུང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྐུད་ཡོད་བརྙན་འཕྲིན་སྤྱོད་མཁན་གྱི་གྲངས་འཛིན་བརྙན་འཕྲིན་གྱི་བརྙན་འཕྲིན་ལྟ་རིན་ཚང་མ་རྩ་ཆག་གཏོང་རྒྱུ། མ་དངུལ་སྒོར་ཁྲི200བཏང་བའི3Dགྲངས་གཞིའི་གློག་བརྙན་ཁང་གཉེར་སྐྱོང་བྱས་པ་རེད། སྤྱི་ལོ2012ལོར་ཁྱིམ་དུད20མན་གྱི་རང་བྱུང་གྲོང་ཚོའི་རླུང་འཕྲིན་དང་བརྙན་འཕྲིན་གྲོང་ཚོ་ཚང་མར་ཁྱབ་པའི་ལས་གྲྭ་ཁྱིམ་དུད250ལག་བསྟར་བྱས། རླུང་འཕྲིན་དང་བརྙན་འཕྲིན་དུད་ཚང་ཚང་མར་ཁྱབ་པའི་ལས་གྲྭ1500ཡོད་པ་དང་། ཐད་གཏོང་སྲུང་སྐར་རླུང་འཕྲིན་དང་བརྙན་འཕྲིན་གྱི་སྤྱི་པའི་ཞབས་ཞུ་ཁྱོན་ཡོངས་ལ་ཁྱབ་ཡོད། སྤྱི་ལོ2012ལོར་སུའུ་པེ་བརྙན་འཕྲིན་ལས་ཁུངས་ཀྱིས་སོག་སྐད་ཀྱི་འཕྲིན་ལམ་ཤར་གཏོང་བྱས་པ་དང་། ལོ་ཧྲིལ་པོར་རླུང་འཕྲིན་དང་བརྙན་འཕྲིན་གྱི་གསར་འགྱུར3316ལེགས་སྒྲུབ་བྱས་པ་དེ་དུས་མཚུངས་ལས་སྤྱི་ལོ2011ལོ་ལས61%འཕར་ཡོད། སྨན་བཅོས་འཕྲོད་བསྟེན།

སྤྱི་ལོ2012ལོ་བར་སུའུ་པེ་རྫོང་དུ་སྨན་བཅོས་འཕྲོད་བསྟེན་ཚན་པ་དང་དེ་བཞིན་འཕྲོད་བསྟེན་ཁང7ཡོད་པ་དང་། ཉལ་ཁྲིའི་གྲངས་ཀ115དང་འཕྲོད་བསྟེན་ལག་རྩལ་མི་སྣ107ཡོད། རྫོང་དེ་ཡོངས་ཀྱི་འབྲོག་ལས་དང་གྲོང་གསེབ་ཀྱི་མཉམ་ལས་སྨན་བཅོས་གསར་པའི་ནང་ཞུགས་མཁན་ཞིང་པ5755ཡོད་པ་དང་འབྲོག་ཞིང་པ་མཉམ་ལས་ནང་ཞུགས་ཚད་ཀྱི99.5%ཟིན་ཡོད་པ་དང་། གྲོང་གསེབ་ཀྱི་མཉམ་ལས་སྨན་བཅོས་གསར་པའི་མ་དངུལ་གྲབས་གསོག་ཚད་གཞི་དེ་སྤྱི་ལོ2011ལོར་མི་རེར་སྒོར350ཡིན་པ་ནས་མི་རེར་སྒོར410བར་མཐོ་རུ་གཏོང་རྒྱུ་དང་། རྫོང་དང་ཡུལ་ཚོའི་གནས་གཏན་འཁེལ་གྱི་སྨན་བཅོས་སྒྲིག་གཞི་སྨན་ཁང་དུ་བསྡད་ནས་སྨན་རིན་རྩིས་ཞུའི་བསྡུར་ཚད་ཀྱི80%དང85%བར་མཐོ་རུ་བཏང་ཡོད།

9_4 སྤྱི་ཚོགས་འགན་སྲུང་།

སྤྱི་ལོ2012ལོར་སུའུ་པེ་རྫོང་གི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་རྒན་གསོའི་འགན་བཅོལ་གསར་པའི་ནང་ཞུགས་ཚད་ཀྱི95%ཟིན་ཡོད། རྫོང་དེ་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་དུ་ལས་ཞུགས་མི་གྲངས208གསར་དུ་འཕར་ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་ཐོ་བཀོད་ལས་ཀ་ཤོར་ཚད་བརྒྱ་ཆའི3.59ནང་ཚུན་དུ་ཚོད་འཛིན་བྱས་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ངལ་རྩོལ་ནུས་ཤུགས་ཐེངས་གྲངས1212སྤོ་སྒྱུར་བྱས་ཡོད། ངལ་ནུས་ཡོང་འབབ་སྒོར་ཁྲི1465བཏོད་ཡོད། གཞི་རྩའི་རྒན་གསོ་དང་། ལས་ཤོར། སྨན་བཅོས། ལས་རྨས། བུ་བཙའ་བཅས་ཀྱི་འགན་བཅོལ་ནང་ཞུགས་མཁན་མི་གྲངས1320དང་། མི1690དང་། མི2987དང་། མི3820 མི2654བཅས་སོ་སོར་ཟིན་ཡོད། ཐེབས་རྩ་བསྡུ་ཚད་སོ་སོར་སྒོར་ཁྲི1351དང་། སྒོར་ཁྲི240 སྒོར་ཁྲི957 སྒོར་ཁྲི216 སྒོར་ཁྲི72བཅས་ཟིན་ཡོད་པ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་མཁན་མི་གྲངས2324ཟིན་པ་དང་། མཉམ་འདྲེས་སུ་ཞུགས་ཚད་སོ་སོར99.5%དང100%ཟིན་ཡོད། ལས་བཟོའི་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་གཏོང་སྒོ་མི་ཐེངས22742དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་ཡུལ་མིའི་སྨན་བཅོས་འགན་བཅོལ་གྱི་གཏོང་སྒོ་མི་ཐེངས་ཁྲི206སྒོར་ཁྲི52བཅས་ཟིན་ཡོད།

10 མཛེས་ལྗོངས་གྲགས་ཅན།

ཏང་ཧོ་གྲོག་རོང་།(党河峡谷) ཐོའུ་མིང་མེང་འཁྱགས་རོམ།(透明梦柯冰川)  ཚྭ་མཚེའུ་ཁུག་སྲུང་སྐྱོང་ཁུལ།(盐池湾保护区) སུའུ་པེ་མི་དམངས་སྤྱི་གླིང(肃北人民公园)སོགས་ཡོད།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-08-11

གསར་སྤེལ་མཁན། :སེང་ལྡེང་མཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།