པའོ་ཐོའུ་གྲོང་ཁྱེར། ནི་མིང་གཅིག་དོན་མང་ལ་འཇུག་སྟེ། དེར་དོན་གྱི་འཇུག་ཚུལ2ཡོད།
  • ནང་སོག་རང་སྐྱོང་ལྗོངས་ཀྱི་ས་ཁུལ་རིམ་པའི་གྲོང་ཁྱེར་ཞིག

པའོ་ཐོའུ་གྲོང་ཁྱེར།
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།
(ནང་སོག་རང་སྐྱོང་ལྗོངས་ཀྱི་ས་ཁུལ་རིམ་པའི་གྲོང་ཁྱེར་ཞིག)

པའོ་ཐོའུ་གྲོང་ཁྱེར།
པའོ་ཐོའུ་ནི་ནང་སོག་རང་སྐྱོང་ལྗོངས་ཀྱི་ས་ཁུལ་རིམ་པའི་གྲོང་ཁྱེར་ཡིན་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་མཆན་འགོད་བཀའ་ལན་གནང་ནས་གཏན་འཁེལ་བྱས་པའི་ནང་སོག་རང་སྐྱོང་ལྗོངས་ཀྱི་དཔལ་འབྱོར་ལྟེ་གནས་གལ་ཆེན་དང་། ཧུའུ་པའོ་ཨུའི་གྲོང་ཁྱེར་ཁྱུ་ཚོགས་ཀྱི་ལྟེ་བའི་གྲོང་ཁྱེར་གྱི་གྲས་ཤིག ཀྲུང་གོའི་བཟོ་ལས་རྟེན་གཞི་གལ་ཆེན་བཅས་ཡིན། སྤྱི་ལོ2018ལོའི་བར། གྲོང་ཁྱེར་དེ་ཡོངས་ཀྱི་ཁོངས་གཏོགས་སུ་ཆུས6དང་། རྫོང1 ཤོག2བཅས་ཡོད་པ་དང་། སྤྱིའི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ27768ཟིན་ཡོད། འཛུགས་སྐྲུན་ཁུལ་གྱི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ322ཡོད་པ་དང་། རྒྱུན་སྡོད་མི་འབོར་ཁྲི288.9དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་མི་འབོར་ཁྲི241.4 གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་ཚད་ཀྱི83.6%བཅས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
包头
ཕྱི་ཡིག་གི་མིང་།
Baotou(英)、Баотоу(俄)
ཁོངས་གཏོགས་ས་ཁུལ།
ཀྲུང་གོའི་ཧྭ་པེ་ས་ཁུལ།
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
ས་ཁུལ་རིམ་པའི་གྲོང་ཁྱེར་དང་གྲོང་ཁྱེར་ཅུང་ཆེ་རིགས།
མངའ་ཁོངས།
ཆུས6 རྫོང1 ཤོག2
སྲིད་གཞུང་གནས་ཡུལ།
ཅིའུ་ཡོན་ཆུས་ཁའེ་ཡོན་ལམ་ཆེན་གྱི་ཨང1པོ།
ས་ཁོངས་ཁ་པར་ཨང་རྟགས།
(+86)0472
སྦྲག་སྲིད་ཨང་རྟགས།
014000
གནས་ཡུལ།
ནང་སོག་དབུས་ནུབ་རྒྱུད།
རྒྱ་ཁྱོན།
སྟོང་སྨི་གྲུ་བཞི་མ27768ཡོད།
མི་གྲངས།
མི་ཁྲི288.9ཡོད།
ནམ་ཟླ།
དྲོད་ཁུལ་སྐམ་སའི་རང་བཞིན་གྱི་དུས་རླུང་ནམ་ཟླ།
གནམ་གྲུ་ཐང་།
པའོ་ཐོའུ་ཏུང་ཧུ་གནམ་གྲུ་ཐང་།
མེ་འཁོར་འབབ་ཚུགས།
པའོ་ཐོའུ་འབབ་ཚུགས། པའོ་ཐོའུ་ཤར་ཚིགས། པའོ་ཐོའུ་ནུབ་ཚིགས།
རླངས་འཁོར་ཚབ་ཨང་།
སོག(蒙) B
སྲིད་འཛིན་ཚབ་ཨང་།
150200
1 ​ངོ་སྤྲོད།

པའོ་ཐོའུ་ནི་ནང་སོག་རང་སྐྱོང་ལྗོངས་ཀྱི་ས་ཁུལ་རིམ་པའི་གྲོང་ཁྱེར་ཡིན་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་མཆན་འགོད་བཀའ་ལན་གནང་ནས་གཏན་འཁེལ་བྱས་པའི་ནང་སོག་རང་སྐྱོང་ལྗོངས་ཀྱི་དཔལ་འབྱོར་ལྟེ་གནས་གལ་ཆེན་དང་། ཧུའུ་པའོ་ཨུའི་གྲོང་ཁྱེར་ཁྱུ་ཚོགས་ཀྱི་ལྟེ་བའི་གྲོང་ཁྱེར་གྱི་གྲས་ཤིག ཀྲུང་གོའི་བཟོ་ལས་རྟེན་གཞི་གལ་ཆེན་བཅས་ཡིན། སྤྱི་ལོ2018ལོའི་བར། གྲོང་ཁྱེར་དེ་ཡོངས་ཀྱི་ཁོངས་གཏོགས་སུ་ཆུས6དང་། རྫོང1 ཤོག2བཅས་ཡོད་པ་དང་། སྤྱིའི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ27768ཟིན་ཡོད། འཛུགས་སྐྲུན་ཁུལ་གྱི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ322ཡོད་པ་དང་། རྒྱུན་སྡོད་མི་འབོར་ཁྲི288.9དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་མི་འབོར་ཁྲི241.4 གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་ཚད་ཀྱི83.6%བཅས་ཡོད།

པའོ་ཐོའུ་ནི་ཀྲུང་གོའི་ཧྭ་པེ་ས་ཁུལ་དང་། སོག་པོ་མཐོ་སྒང་གི་ལྷོ་སྣེ། ནང་སོག་དབུས་ཁུལ། ལྷོ་རྒྱུད་རྨ་ཆུ་བཅས་སུ་ཆགས་ཡོད་ལ། ཡིན་ཧྲན་རི་རྒྱུད་ཀྱི་གྲོང་ཁྱེར་འདིའི་དཀྱིལ་དུ་བཅད་ཡོད། པོ་ཧའེ་རྒྱ་མཚོའི་མཐའ་འཁོར་གྱི་དཔལ་འབྱོར་ཁུལ་དང་རྨ་ཆུའི་རྒྱུད་ཀྱི་དཔལ་འབྱོར་ཁུལ་གྱི་དབུས་ཁུལ་དུ་གནས་ཡོད་པ་དང་ཧྭ་བྱང་དང་ནུབ་བྱང་སྦྲེལ་མཐུད་བྱེད་པའི་འགག་རྩ་གལ་ཆེན་ཞིག་དང་། ནང་སོག་ཕྱི་ཕྱོགས་སྒོ་འབྱེད་ཀྱི་གཙོ་གནད་འཕེལ་རྒྱས་ས་ཁུལ། པའོ་ཐོའུ་ནི་ས་གནས་ཀྱི་ཁྲིམས་འཛུགས་དབང་ཆ་ཡོད་པའི་ཅུང་ཆེ་བའི་གྲོང་ཁྱེར། ནང་སོག་གི་བཟོ་ལས་གྲོང་ཁྱེར་ཆེ་ཤོས་བཅས་ཡིན་ལ། ཀྲུང་གོའི་མངའ་ཁོངས་སུ་ལྕགས་བཞུ་དང་ཞི་ཐུའུ། འཕྲུལ་ཆས་བཟོ་ལས་བཅས་གཙོ་བོར་བྱས་པའི་ཕྱོགས་བསྡུས་རང་བཞིན་གྱི་བཟོ་ལས་གྲོང་ཁྱེར་ཞིག་ཡིན། ཀྲུང་གོའི་རྨང་གཞིའི་བཟོ་ལས་རྟེན་གཞི་གལ་ཆེན་དང་གོ་ལ་ཧྲིལ་པོའི་ཞི་ཐུའུ་ཡང་བའི་ཐོན་ལས་ལྟེ་གནས། “རྩྭ་ཐང་གི་ངར་ལྕགས་གྲོང་ཁྱེར”དང“ཞི་ཐུའུ་ཡི་གྲོང་ཁྱེར”ཞེས་པའི་མཚན་སྙན་ཐོབ་ཡོད།

2 ལོ་རྒྱུས་འཕེལ་རིམ།

དུས་རབས19པའི་དུས་མཇུག་ནས་དུས་རབས20པའི་དུས་འགོར་པའོ་ཐོའུ་ཀྲུང་གོའི་ནུབ་བྱང་དུ་སྐད་གྲགས་ཆེ་བའི་བལ་བསྡུ་འགྲེམས་གནས་དང་གྲུ་ཁའི་གྲོང་ཁྱེར་ཞིག་ཏུ་གྱུར་ཡོད།

སྤྱི་ལོ1923ལོར(མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ12པར་)ཕིང་སུའེ་ལྕགས་ལམ་ཐོག་མེ་འཁོར་ཤར་གཏོང་ཐུབ་ཅིང་། སྤྱི་ལོ1924ལོའི་ཟླ3པར་ཞི་ས་ལ་ཆི་རྫོང་དང་པའོ་ཐོའུ་གྲོང་རྡལ། ཝུའུ་ཡོན། ཏུང་ཧྲེང་། ཀུའུ་དབྱང་རྫོང་བཅས་སུ་པའོ་ཐོའུ་རུ་བཅོས་སྒྲིག་ཅུས་བཙུགས། ཅུས་པའོ་ཐོའུ་གྲོང་རྡལ་དུ་བཅའ་སྡོད་བྱས་ཡོད། (ད་ལྟའི་པའོ་ཐོའུ་གྲོང་ཁྱེར་ཏུང་ཧོ་ཆུས)

སྤྱི་ལོ1926ལོར(མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ་བཅོ་ལྔ་པར)པའོ་ཐོའུ་རྫོང་བཙུགས།

སྤྱི་ལོ1931ལོར(མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ་ཉི་ཤུ་པར) པའོ་ཐོའུ་གློག་སྒྲོན་གྲོ་ཞིབ་ཀུང་སི་དང་ཡུང་མའོ་ཡོན་ཀན་ཚའོ་ཀུང་སི་བཙུགས།    

སྤྱི་ལོ1938ལོར(མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ་ཉེར་བདུན་པར)པའོ་ཐོའུ་གྲོང་ཁྱེར་དུ་བཙུགས་པ་དང་། སྤྱི་ལོ1945ལོར་གྲོང་ཁྱེར་དང་རྫོང་མཉམ་དུ་གནས་ཡོད།    

སྤྱི་ལོ1949ལོའི(མི་སེར་རྒྱལ་ཁབ་ཀྱི་སྲིད་ལོ38པ)ཟླ9ཚེས19ཉིན། སུའེ་ཡོན་གྱིས“9•19”འོས་ལངས་བྱས་ཏེ་པའོ་ཐོའུ་ལ་ཞི་བའི་བཅིངས་འགྲོལ་ཐོབ།

སྤྱི་ལོ1950ལོའི་ཟླ2པའི་ཚེས13ཉིན། པའོ་ཐོའུ་གྲོང་ཁྱེར་མི་དམངས་སྲིད་གཞུང་དངོས་སུ་བཙུགས།

སྤྱི་ལོ1953ལོར་པའོ་ཐོའུ་རྫོང་ཕྱིར་འཐེན་བྱས་ཏེ་གྲོང་ཁྱེར་བཙུགས།    

སྤྱི་ལོ1954ལོར་སུའེ་ཡོན་ཞིང་ཆེན་གྱི་པའོ་ཐོའུ་གྲོང་ཁྱེར་དེ་ནང་སོག་རང་སྐྱོང་ལྗོངས་ཀྱི་ཁོངས་སུ་བཞག་པ་དང་། རང་སྐྱོང་ལྗོངས་ཀྱི་ཐད་གཏོགས་གྲོང་ཁྱེར་ཡིན།

སྤྱི་ལོ1955ལོར། པའོ་ཐོའུ་གྲོང་ཁྱེར་དེ་རྒྱལ་ཁབ་ཀྱི་གཙོ་གནད་འཆར་འགོད་ཀྱི་གྲོང་ཁྱེར8ཀྱི་གྲས་སུ་བཞག་པ་དང་། ལོ་ལྔའི་འཆར་གཞི་དང་པོའི་ནང་སུའུ་ལེན་གྱིས་རོགས་སྐྲུན་བྱས་པའི་རྣམ་གྲངས156གི་ཁྲོད་ནང་སོག་གི་གྲོང་ཁྱེར5པའོ་ཐོའུ་གྲོང་ཁྱེར་དུ་ཡོད།        

སྤྱི་ལོ1960ལོར་པ་ཡན་ཀྲོར་མེང་དུ་གཏོགས་པའི་ཝུའུ་ལ་ཐེ་ཆན་ཆི་པའོ་ཐོའུ་གྲོང་ཁྱེར་གྱི་འགོ་ཁྲིད་ཀྱི་ཁོངས་སུ་གཏོགས།    

སྤྱི་ལོ1961ལོ་ནས་སྤྱི་ལོ1958ལོར་པའོ་ཐོའུ་གྲོང་ཁྱེར་དུ་ཟླ་སྒྲིལ་བཏང་བའི་དེ་སྔའི་ཀུའུ་དབྱང་རྫོང་གི་ཁོངས་གཏོགས་ཁུལ་དུ་ཀུའུ་དབྱང་རྫོང(ཀུའུ་དབྱང་ཁྲེང་ཀོན་གྲོང་རྡལ)བསྐྱར་དུ་བཙུགས། དེའི་ཁོངས་སུ་རྫོང1དང་ཆི1ཡོད།    

སྤྱི་ལོ1963ལོར་ཀུའུ་དབྱང་རྫོང་ཝུའུ་ལན་ཁྲ་པུའུ་མེང་ལ་སྤྲད་པ་དང་། ཝུའུ་ལ་ཐེ་ཆན་ཤོག་པ་ཡན་ཀྲོར་མེང་ལ་སྤྲད།    

སྤྱི་ལོ1970ལོར་ཝུའུ་ལན་ཁྲ་པུའུ་མེང་གི་ཁོངས་སུ་གཏོགས་པའི་ཐུའུ་མོ་ཐེ་ཡིའུ་ཤོག(ས་ལ་ཆི་རུ་བཅའ་སྡོད་བྱས)དང་ཀུའུ་དབྱང་རྫོང་གཉིས་པའོ་ཐོའུ་གྲོང་ཁྱེར་གྱི་ཁོངས་སུ་བགོས། དེའི་ཁོངས་སུ་རྫོང1དང་ཤོག1ཡོད།    

སྤྱི་ལོ1996ལོའི་ཟླ5བའི་ཚེས18ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཝུའུ་ལན་ཁྲ་པུའུ་མེང་གི་ཏར་ཧན་མའོ་མིང་ཨན་མཉམ་འབྲེལ་ཤོག་ཀ (ཏ་མའོ་ཤོག་ཀ)པའོ་ཐོའུ་གྲོང་ཁྱེར་གྱི་མངའ་འོག་ཏུ་བསྡུ་བར་ཆོག་མཆན་བཀོད། 

3 སྲིད་འཛིན་ས་ཁུལ་གྱི་དབྱེ་མཚམས།

སྤྱི་ལོ2019ལོའི་ལོ་མཇུག་བར་པའོ་ཐོའུ་གྲོང་ཁྱེར་གྱི་མངའ་ཁོངས་་སུ་གྲོང་ཁྱེར་ཁོངས་གཏོགས་ཀྱི་ཆུས5དང་། རྫོང1 གཏེར་ཁུལ1 ཤོག2 རྒྱལ་ཁབ་རིམ་པའི་མཐོ་གསར་ལག་རྩལ་ཐོན་ལས་གསར་སྤེལ་ཁུལ་ཞིག་བཅས་ཡོད།

4 གནས་ཡུལ།

པའོ་ཐོའུ་ནི་པོ་ཧའེ་རྒྱ་མཚོའི་དཔལ་འབྱོར་ཁུལ་དང་རྨ་ཆུའི་སྟོད་རྒྱུད་ཀྱི་ཐོན་ཁུངས་འབེལ་བའི་ས་ཁུལ་གྱི་འབྲེལ་མཚམས་སུ་གནས་ཡོད། བྱང་ཕྱོགས་ནི་མོང་གོལ་རྒྱལ་ཁབ་ཀྱི་ཤར་གྱི་བྱེ་ཐང་དང་འབྲེལ་ཞིང་། ལྷོ་རུ་རྨ་ཆུར་ཐུག་ཡོད། ཤར་ནུབ་ཐུའུ་མོ་ཁྲོན་བདེ་ཐང་དང་ཧུ་ཐའོ་བདེ་ཐང་དང་འབྲེལ་ཞིང་། ཡིན་ཧྲན་རི་རྒྱུད་ཀྱི་གྲོང་ཁྱེར་འདིའི་དཀྱིལ་དུ་འཕྲེད་བརྒལ་བྱས་ཡོད། པའོ་ཐོའུ་ས་ཁམས་གནས་ཚད་ནི་ཤར་གྱི་གཞུང་ཐིག109°15′~110°26′དང་བྱང་གི་འཕྲེད་ཐིག40°15′~42°43′བར་ཡིན། རྒྱ་མཚོ་ངོས་ལས་མཐོ་ཚད་སྨི1067.2ཡིན། རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ27691ཟིན་ཡོད། པའོ་ཐོའུ་གྲོང་ཁྱེར་གྱི་འཛུགས་སྐྲུན་གྱི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ360ཡོད་པ་དང་། གྲོང་ཁྱེར་གྱི་ལྟེ་བའི་ཁུལ་གྱི་རྒྱ་ཁྱོན་ལ་སྟོང་སྨི་གྲུ་བཞི་མ315ཡོད།

5 ནམ་ཟླ།

པའོ་ཐོའུ་ནི་ཐན་པ་ཕྱེད་ཙམ་གྱི་དྲོད་ཁུལ་གྱི་སྐམ་སའི་རང་བཞིན་གྱི་དུས་རླུང་ནམ་ཟླའི་ཁོངས་སུ་གཏོགས།《པའོ་ཐོའུ་གྲོང་ཁྱེར་གྱི་སྤྱི་ལོ2011ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་བསྡོམས་རྩིས་སྤྱི་བསྒྲགས》 ལོ་ཧྲིལ་པོའི་ཆ་སྙོམས་དྲོད་ཚད7.2℃ཡིན་པ་དང་། ལོ་རེའི་ཆ་སྙོམས་ཀྱི་རླུང་གི་མྱུར་ཚད་སྐར་ཆའི1.2ཡིན། ལོ་རེར་ཆར་ཆུ་འབབ་ཚད་ཧའོ་སྨི421.8ཟིན་པ་དང་། ལོ་རེར་ཉི་འོད་ཕོག་ཚད་ཆུ་ཚོད2882.2ཟིན་གྱི་ཡོད། ལོ་ཧྲིལ་པོའི་མཁའ་རླུང་སྤུས་ཚད་རིམ་པ་གཉིས་པ་ཡན་གྱི་ཉིན་གྲངས324ཟིན་ནས་སྔ་ལོ་ལས་ཉིན3འཕར་ཡོད།

6 མི་གྲངས།

སྤྱི་ལོ2019ལོའི་ལོ་མཇུག་ཏུ་པའོ་ཐོའུ་གྲོང་ཁྱེར་གྱི་རྒྱུན་སྡོད་མི་གྲངས་བསྡོམས་འབོར་ཁྲི289.7ཟིན་ཡོད། ལོ་གོང་མ་དང་བསྡུར་ན་མི་ཁྲི0.8འཕར་བའི་ནང་གྲོང་ཁྱེར་དང་གྲོང་རྡལ་གྱི་མི་འབོར་ཁྲི243.1ཡོད། གྲོང་གསེབ་ཀྱི་མི་གྲངས་ཁྲི46.6ཟིན་ཡོད། རྒྱུན་སྡོད་མི་འབོར་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་ཚད་ཀྱི83.9%ཟིན་ནས་ལོ་གོང་མ་ལས་བརྒྱ་ཆའི་གྲངས0.3འཕར་ཡོད།

7 དཔལ་འབྱོར།

སྤྱི་ལོ2019ལོར་པའོ་ཐོའུ་གྲོང་ཁྱེར་གྱི་ལོ་ཧྲིལ་པོའི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར2714.5ཟིན་པ་དང་། རྒྱལ་ཡོངས་ཀྱི་དཔལ་འབྱོར་ཡོངས་བཤེར་ཐེངས་བཞི་པ་བཟོ་བཅོས་བརྒྱབ་པའི་གཞི་གྲངས་ཀྱི་བསྡུར་གཞི་གཅིག་མཚུངས་ཀྱི་རིན་གོང་ལྟར་རྩིས་བརྒྱབ་ན་ལོ་གོང་མ་ལས6.0%འཕར་ཡོད། དེའི་ནང་ཐོན་ལས་དང་པོའི་འཕར་ཐང་སྒོར་དུང་ཕྱུར96.4ཟིན་ནས1.1%འཕར་བ་དང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར1066.5ཟིན་ནས8.2%འཕར་བ། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར1551.6ཟིན་ནས4.8%འཕར་ཡོད། ཐོན་ལས་གསུམ་པས་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ནང་བཟུང་བའི་བསྡུར་ཚད་སོ་སོར་བརྒྱ་ཆའི3.5དང་། བརྒྱ་ཆའི39.3 བརྒྱ་ཆའི57.2བཅས་ཡིན། ཐོན་ལས་ཐེངས་གསུམ་པས་ཐོན་སྐྱེད་རིན་ཐང་བསྡོམས་འབོར་འཕར་སྣོན་ཡོང་བར་ལེགས་སྐྱེས་འབུལ་ཚད་སོ་སོར་བརྒྱ་ཆའི0.8དང་། བརྒྱ་ཆའི53.4 བརྒྱ་ཆའི45.8བཅས་ཡིན། རྒྱུན་སྡོད་མི་འབོར་ལྟར་བརྩིས་ན། གྲོང་ཁྱེར་ཡོངས་ཀྱི་མི་རེའི་ཆ་སྙོམས་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར93835ཟིན་ནས་ལོ་གོང་མ་ལས5.6%འཕར་ཡོད།

8 སྤྱི་ཚོགས་ལས་དོན།
8_1 སློབ་གསོ།

སྤྱི་ལོ2017ལོའི་ལོ་མཇུག་ཏུ་གྲོང་ཁྱེར་ཡོངས་སུ་མཐོ་རིམ་སློབ་གྲྭ་དཀྱུས་མ(མཐོ་རིམ་ལས་རིགས་སློབ་གླིང་ཚུད)5ཡོད། འབྲིང་རིམ་ཆེད་ལས་སློབ་གྲྭ་དང་ལས་རིགས་མཐོ་འབྲིང(དར་མའི་འབྲིང་རིམ་ཆེད་ལས་སློབ་གྲྭ་ཚུད)ཁྱོན20དང་། དམའ་རིམ་སློབ་འབྲིང་དཀྱུས་མ57ཡོད། སློབ་ཆུང་དཀྱུས་མ134ཡོད་པ་དང་གྲོང་ཁྱེར་ཡོངས་སུ་བུ་བཅོལ་ཁང326ཡོད་པ་དང་བུ་བཅོལ་ཁང་དུ་བྱིས་པ་ཁྲི6.1ཡོད། གྲོང་ཁྱེར་དེ་ཡོངས་ལ་གྲངས་ཉུང་མི་རིགས་ཀྱི་སློབ་གྲྭ་འབྲིང་ཆུང14བཅས་ཡོད།

8_2 འཕྲོད་བསྟེན།

སྤྱི་ལོ2016ལོར་གྲོང་ཁྱེར་ཡོངས་སུ་འཕྲོད་བསྟེན་སྒྲིག་གཞི1742ཡོད་པའི་ནང་སྨན་ཁང69ཡོད་པ་དང་། གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་ལས་ཁུངས1604དང་། ཆེད་ལས་ཀྱི་སྤྱི་པའི་འཕྲོད་བསྟེན་ལས་ཁུངས50 འཕྲོད་བསྟེན་ལས་ཁུངས་གཞན་དག19བཅས་ཡོད། ལོ་མཇུག་ཏུ་འཕྲོད་བསྟེན་སྒྲིག་གཞིར་དངོས་སུ་ཉལ་ཁྲི17334ཡོད་པ་དང་། འཕྲོད་བསྟེན་ལག་རྩལ་མི་སྣ22668བཅས་ཡོད།

9 གཟི་བརྗིད་མཚན་སྙན།

སྤྱི་ལོ2018ལོའི་ལོ་འཁོར་གྱི་བདེ་ཐང་གྲོང་ཁྱེར་འཛུགས་སྐྲུན་དང་ཡར་རྒྱས་འགྲོ་མགྱོགས་ཤོས་ཀྱི་གྲོང་ཁྱེར་དུ་བདམས་པ།    

སྤྱི་ལོ2008ལོར་གོ་ལ་ཧྲིལ་པོའི་གྲོང་ཁྱེར་གྱི་འགྲན་རྩོད་ནུས་པའི་ཨང་རིམ་ནང་པའོ་ཐོའུ་ནི་ཉེ་བའི་ལོ་ལྔའི་རིང་གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕར་མགྱོགས་ཤོས་ཀྱི་གྲོང་ཁྱེར་གྲས་ཤིག་ཏུ་གྱུར་ཡོད།    

སྤྱི་ལོ2012ལོར། ཀྲུང་གོའི་གྲོང་ཁྱེར་གྱི་འགྲན་རྩོད་ནུས་པའི་རྒྱབ་ཤོག་སྔོན་པོའི་དེབ་ནང་གི་ཨང25པ་དང་འཕར་ཚད་ཀྱི་ཨང2པ་རུ་བདམས།

ཀྲུང་གོའི་གྲོང་ཁྱེར་སྤུས་རྟགས་ཀྱི་གདེང་འཇོག་རིམ་པའི(ས་ཁུལ་རིམ་པའི་གྲོང་ཁྱེར)ཨང50རུ་བདམས།

“སྤྱི་ལོ2019ལོའི་ཀྲུང་གོའི་གྲོང་ཁྱེར་གྱི་ཚན་རྩལ་གསར་གཏོད་འཕེལ་རྒྱས་སྟོན་གྲངས”ཨང58པ་རུ་ཚུད་ཡོད།

སྤྱི་ལོ2018ལོ་འཁོར་གྱི་ནང་སོག་བདེ་ཐང་གྲོང་ཁྱེར་འཛུགས་སྐྲུན་གྱི་ཨང་དང་པོར་སླེབས།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-08-11

གསར་སྤེལ་མཁན། :སེང་ལྡེང་མཚོ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།