ཨ་རོང་ཤོག
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཨ་རོང་ཤོག
ཨ་རོང་ཤོག་ནི་ནང་སོག་རང་སྐྱོང་ལྗོངས་ཧུའུ་ལུན་པེའར་གྲོང་ཁྱེར་གྱི་ཤོག་ཀ་ཞིག་ཡིན། ཏ་ཞིང་ཨན་ལིང་གི་ཤར་འདབས་སུ་ཆགས་ཡོད་པ་དང་། ས་ཁམས་གནས་ཚད་ནི་ཤར་གྱི་གཞུང་ཐིག122°2′—124°5′དང་། བྱང་གི་འཕྲེད་ཐིག47°56′—49°19′བར་དུ་གནས་ཡོད། ནུབ་རྒྱུད་ནི་ཅ་ལན་གྲོང་ཁྱེར་དང་ཆུ་བོའི་ཆོད་ཡོད་ཅིང་། ཤར་རྒྱུད་ནི་ཅ་ཀེ་ཏུན་རི་བོ་དང་མོ་ལི་ཏ་ཝ་ཏ་ཝོར་རིགས་རང་སྐྱོང་ཤོག་དང་འབྲེལ། བྱང་རྒྱུད་ནི་ཨོ་ལུན་ཁྲུན་ཤོག་ཀ་དང་འབྲེལ་ཡོད། ནུབ་བྱང་རྒྱུད་ནི་ཡ་ཁེ་ཧྲི་གྲོང་ཁྱེར་དང་ས་མཚམས་འབྲེལ་བ་དང་། ལྷོ་ཕྱོགས་ནི་ཅིན་ཅའེ་ཧའོ་ཡིས་ས་མཚམས་བྱས་ཏེ་ཧེ་ལུང་ཅང་ཞིང་ཆེན་གྱི་ཀན་ལྷོ་རྫོང་དང་ས་མཚམས་འབྲེལ་ཡོད། སྤྱི་ལོ2010ལོར་ཨ་རོང་ཤོག་ཀའི་ཁོངས་གཏོགས་སུ་གྲོང་རྡལ7དང་མི་རིགས་ཞང4ཡོད། རྫོང་གི་མངའ་ཁོངས་སུ་ན་ཅི་ཐུན་ཞིང་ར་དང་ཀེ་ནེ་ཧུ་ཞིང་ར་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
阿荣旗
ཕྱི་ཡིག་གི་མིང་།
ArunBanner
སྲིད་འཛིན་ས་ཁུལ་གྱི་རིགས་དབྱེ།
ཤོག་ཀ
ཁོངས་གཏོགས་ས་ཁུལ།
ནང་སོག་རང་སྐྱོང་ལྗོངས་ཧུའུ་ལུན་པེའར་གྲོང་ཁྱེར།
མངའ་ཁོངས།
ན་ཅི་གྲོང་རྡལ། ཏི་ལི་ཆི་ཨེར་ཨོ་ཝུན་ཁེ་རིགས་ཞང་སོགས།
སྲིད་གཞུང་གནས་ཡུལ།
ན་ཅི་གྲོང་རྡལ།
སྦྲག་སྲིད་ཨང་རྟགས།
162750
ས་ཁོངས་ཁ་པར་ཨང་རྟགས།
0470
གནས་ཡུལ།
ནང་སོག་རང་སྐྱོང་ལྗོངས་ཧུའུ་ལུན་པེའར་གྲོང་ཁྱེར་གྱི་ཤར་ལྷོའི་རྒྱུད།
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ13641
མི་གྲངས།
ཁྲི33(སྤྱི་ལོ2009ལོར)
ཡུལ་སྐད།
བྱང་ཤར་ཡུལ་སྐད།
ནམ་ཟླ།
དྲོད་རྒྱུད་དུས་རླུང་ནམ་ཟླ།
གནམ་གྲུ་ཐང་།
ཅ་ལན་ཐུན་གནམ་ཐང་།
མེ་འཁོར་འབབ་ཚུགས།
ཅ་ལན་ཐུན་ས་ཚིགས།
རླངས་འཁོར་ཚབ་ཨང་།
མེང(蒙)E
སྲིད་འཛིན་ས་ཁུལ་དབྱེ་མཚམས་ཚབ་ཨང་།
150721
1 འཛུགས་སྐྲུན་གྱི་འཕེལ་རིམ།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་རྗེས། སྤྱི་ལོ1954ལོའི་ཚེས30ཉིན། ཧུའུ་ན་མེང་མེད་པར་བཟོས་ནས་ཧུའུ་ལུན་པེའར་མེང་བཙུགས་པ་དང་། ཨ་རུང་ཤོག་ནི་ནང་སོག་རང་སྐྱོང་ལྗོངས་ཀྱི་ཧུའུ་ལུན་པེའར་མེང་གི་མངའ་ཁོངས་སུ་གཏོགས། སྤྱི་ལོ1969ལོའི་ཟླ7པར། ཧུའུ་ལུན་པེའར་མེང་ཧེ་ལུང་ཅང་ཞིང་ཆེན་གྱི་ཁོངས་སུ་བཅུག་པ་དང་། ཨ་རུང་ཤོག་ཀ་ཧེ་ལུང་ཅང་ཞིང་ཆེན་ཧུའུ་ལུན་པེའར་མེང་གི་ཁོངས་སུ་གཏོགས། སྤྱི་ལོ1979ལོའི་ཟླ7པར། ཧུའུ་ལུན་པེའར་མེང་ནི་ཧེ་ལུང་ཅང་ཞིང་ཆེན་གྱིས་ནང་སོག་རང་སྐྱོང་ལྗོངས་ཀྱི་ཁོངས་སུ་བཅུག་པ་དང་། ཨ་རུང་ཤོག་ནི་ནང་སོག་རང་སྐྱོང་ལྗོངས་ཀྱི་ཧུའུ་ལུན་པེའར་མེང་གི་མངའ་ཁོངས་སུ་གཏོགས། སྤྱི་ལོ2001ལོའི་ཟླ10པའི་ཚེས10ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ས་ཁུལ་རིམ་པའི་ཧུའུ་ལུན་པེའར་གྲོང་ཁྱེར་འཛུགས་རྒྱུར་ཆོག་མཆན་གནང་བ་དང་། ཨ་རོང་ཤོག་ནི་ནང་སོག་རང་སྐྱོང་ལྗོངས་ཧུའུ་ལུན་པེའར་གྲོང་ཁྱེར་གྱི་ཁོངས་སུ་གཏོགས།

2 སྲིད་འཛིན་ས་ཁུལ་གྱི་དབྱེ་མཚམས།

སྤྱི་ལོ2010ལོར་ཨ་རོང་ཤོག་ཀའི་ཁོངས་གཏོགས་སུ་སྒྲིག་གཞི་ཚང་བའི་གྲོང་རྡལ7དང་། གྲངས་ཉུང་མི་རིགས་ཀྱི་ཞང4 སྲིད་འཛིན་གྲོང་ཚོ148 ས་གནས་ཀྱི་ནགས་ར7 རྒྱལ་གཉེར་ཞིང་ར2བཅས་ཡོད་པ་རེད།

3 ས་ཁམས་ཁོར་ཡུག
3_1 གནས་ཡུལ།

ཨ་རོང་ཤོག་ནི་ཏ་ཞིང་ཨན་ལིང་གི་ཤར་འདབས་སུ་ཆགས་ཡོད་པ་དང་། ས་ཁམས་གནས་ཚད་ནི་ཤར་གྱི་གཞུང་ཐིག122°2′—124°5′དང་། བྱང་གི་འཕྲེད་ཐིག47°56′—49°19′བར་དུ་གནས་ཡོད། ནུབ་རྒྱུད་དང་ཅ་ལན་གྲོང་ཁྱེར་གཉིས་བར་ཆུ་བོའི་ཆོད་ཡོད། ཤར་རྒྱུད་ནི་ཅ་ཀེ་ཏུན་རི་བོ་དང་མོ་ལི་ཏ་ཝ་ཏ་ཝོར་རིགས་རང་སྐྱོང་ཤོག་དང་འབྲེལ་ཞིང་། བྱང་རྒྱུད་ནི་ཨོ་ལུན་ཁྲུན་ཤོག་ཀ་དང་འབྲེལ་ཡོད། ནུབ་བྱང་རྒྱུད་ནི་ཡ་ཁེ་ཧྲི་གྲོང་ཁྱེར་དང་ས་མཚམས་འབྲེལ་བ་དང་། ལྷོ་ཕྱོགས་ནི་ཅིན་ཅའེ་ཧའོ་ཡིས་ས་མཚམས་བྱས་ཏེ་ཧེ་ལུང་ཅང་ཞིང་ཆེན་གྱི་ཀན་ལྷོ་རྫོང་དང་ས་མཚམས་འབྲེལ་ཡོད། ཨ་རོང་ཤོག་ཀའི་མངའ་ཁོངས་ཀྱི་ལྷོ་བྱང་གི་རིང་ཚད་ལ་སྤྱི་ལེ151.9ཡོད་པ་དང་། ཤར་ནུབ་ཀྱི་རིང་ཚད་ལ་སྤྱི་ལེ149.6ཡོད། སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ13641ཡོད།

3_2 ནམ་ཟླ།

ཨ་རོང་ཤོག་ཀ་ནི་དྲོད་ཁུལ་གྱི་སྐམ་སའི་རང་བཞིན་གྱི་བརླན་གཤེར་ཕྱེད་ཙམ་གྱི་ནམ་ཟླའི་ཁོངས་སུ་གཏོགས། ས་བབ་དང་སྔོ་ཁེབས་ཀྱི་ཤུགས་རྐྱེན་མི་འདྲ་བའི་རྐྱེན་གྱིས་དྲོད་ཚད་ལྷོ་ཕྱོགས་ནས་བྱང་ཕྱོགས་སུ་རིམ་བཞིན་ཇེ་དམའ་རུ་འགྲོ་བ་ཡིན། ལོ་རེའི་ཆ་སྙོམས་དྲོད་ཚད1.7℃ཡིན།

4 མི་གྲངས་མི་རིགས།
4_1 མི་གྲངས།

སྤྱི་ལོ2009ལོར་ཨ་རོང་ཤོག་ཀ་རུ་མི་གྲངས་བསྡོམས་འབོར31762ཡོད། དེའི་ནང་ཞིང་ལས་མི་གྲངས233289ཡོད་པ་དེས་སྤྱིའི་མི་གྲངས་ཀྱི70.3%བཟུང་བ་དང་། ཞིང་ལས་མིན་པའི་མི་གྲངས98473ཡོད་པ་དེས་སྤྱིའི་མི་གྲངས་ཀྱི29.7%བཟུང་ཡོད།

4_2 མི་རིགས།

སྤྱི་ལོ2009ལོར། ཨ་རོང་ཤོག་ཀའི་མི་རིགས་ཁག་གི་མི་གྲངས་ནི། རྒྱ་རིགས296569དང་། སོག་རིགས8683ཡོད། ཧུའེ་རིགས208 མན་ཇུ་རིགས18867 ཁྲའོ་ཞན་རིགས1985 ཏ་ཝོར་རིགས2270 ཨོ་ཝུན་ཁེ་རིགས2619 ཨོ་ལུན་ཁྲུན་རིགས198 མི་རིགས་གཞན363བཅས་ཡོད།

5 དཔལ་འབྱོར།

སྤྱི་ལོ2010ལོར་ཨ་རོང་ཤོག་ཀའི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར90ལེགས་གྲུབ་བྱུང་བ་དང་། དུས་མཚུངས་ལས18.97%འཕར་བ་དང“ལོ་ལྔའི་འཆར་གཞི་བཅུ་གཅིག་པའི”རིང་ལོ་རེར་ཆ་སྙོམས25.80%འཕར། ནོར་སྲིད་ཀྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར5.93ཡིན་པ་དེ་དུས་མཚུངས་ལས36.75%འཕར་བ་དང་ལོ་རེར་ཆ་སྙོམས44.50%འཕར། ཁ་ཞེང་གསར་པའི་ནོར་སྲིད་ཡོང་འབབ་སྒོར་དུང་ཕྱུར4.05ཡིན་པ་དེ་དུས་མཚུངས་ལས36.48%འཕར་བ་དང་ལོ་རེར་ཆ་སྙོམས44.48%འཕར། རང་གིས་བཀོལ་སྤྱོད་ཐུབ་པའི་ནོར་ཤུགས་སྒོར་དུང་ཕྱུར2.45ལེགས་གྲུབ་བྱུང་བ་དེ་དུས་མཚུངས་ལས27.32%འཕར་བ་དང་ལོ་རེར་ཆ་སྙོམས38.68%འཕར། ནོར་སྲིད་གཏོང་སྒོ་སྒོར་དུང་ཕྱུར17.03ཡིན་པ་དེ་དུས་མཚུངས་ལས16.86%འཕར་བ་དང་ལོ་རེར་ཆ་སྙོམས33.35%འཕར། གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར69.29བཏང་བ་དེ་དུས་མཚུངས་ལས25.30%འཕར་བ་དང་ལོ་རེར་ཆ་སྙོམས51.20%འཕར། སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར17.38ཡིན་པ་དེ་དུས་མཚུངས་ལས20.93%འཕར་བ་དང་ལོ་རེར་ཆ་སྙོམས20.50%འཕར། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་ལག་ཐོག་ཡོང་འབབ་སྒོར15950ལེགས་གྲུབ་བྱུང་བ་དང་། དུས་མཚུངས་ལས17.13%འཕར་བ་དང་ལོ་རེར་ཆ་སྙོམས15.96%འཕར། ཞིང་པ་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་སྒོར6800ཡིན་པ་དེ་དུས་མཚུངས་ལས15.06%འཕར་བ་དང་ལོ་རེར་ཆ་སྙོམས15.29%འཕར་ཡོད།

6 སྤྱི་ཚོགས་ཀྱི་ལས་དོན།
6_1 སློབ་གསོ།

སྤྱི་ལོ2010ལོ་འཁོར་གྱི་ཨ་རོང་ཤོག་རྫོང་རིམ་པའི་མི་དམངས་སྲིད་གཞུང་གི་སློབ་གསོ་ལྟ་སྐུལ་མཛུབ་ཁྲིད་ལས་དོན་གྱི་ཕུལ་བྱུང་རིམ་པ་རེད། ལོ་དགུའི་འོས་འགན་སློབ་གསོ་ཁྱབ་གདལ་གཏོང་ཚད100%ཟིན་ཡོད།

སྤྱི་ལོ2009ལོའི་བར་དུ། ཨ་རོང་ཤོག་ཏུ་སློབ་གྲྭ་འབྲིང་ཆུང40ཡོད། སློབ་གྲྭ་དཀྱུས་མ19ཡོད་པའི་ནང་མཐོ་རིམ་སློབ་འབྲིང2དང་། དམའ་རིམ་སློབ་འབྲིང14 ལོ་དགུའི་རྒྱུན་འཇགས་ལམ་ལུགས་ཀྱི་སློབ་གྲྭ3ཡོད། ཨ་རོང་ཤོག་ཀ་ལ་གྲངས་ཉུང་མི་རིགས་ཀྱི་སློབ་གྲྭ3དང་། ལས་རིགས་འབྲིང་རིམ་ཆེད་ལས་སློབ་གྲྭ1 དམིགས་བསལ་སློབ་གསོའི་སློབ་གྲྭ1བཅས་ཡོད།

6_2 རིག་གནས།

སྤྱི་ལོ2008ལོའི་བར། ཨ་རོང་ཤོག་ཀ་རུ་ཞང་གྲོང7ལ་རིག་གནས་རླུང་འཕྲིན་བརྙན་འཕྲིན་ལྟེ་གནས་བཙུགས་ཡོད་པ་དང་བརྙན་འཕྲིན་མི་གྲངས་ལ་ཕྱོགས་བསྡུས་ཁྱབ་ཚད93.77%ཟིན་ཡོད། རླུང་འཕྲིན་མི་གྲངས་ཁྱབ་ཚད100%ཟིན་ཡོད། རྒྱང་བསྒྲགས་བརྙན་འཕྲིན་ཁང1དང་བརྙན་འཕྲིན་བརྒྱུད་གཏོང་ཁང34ཡོད། སྐུད་ཡོད་བརྙན་འཕྲིན་སྟེགས་བུ་གཅིག་ཡོད། ཨང་ཀི་བརྒྱུད་གཏོང་བརྙན་འཕྲིན་ལེ་ཚན80ལ་བལྟ་ཐུབ། ཨ་རོང་ཤོག་ཏུ་སྐུད་ཡོད་བརྙན་འཕྲིན་སྤྱོད་མཁན་དུད་ཚང33891ཡོད་པ་དང་གྲངས་འཛིན་བརྙན་འཕྲིན་སྤྱོད་མཁན་དུད་ཚང11723ཡོད་པ་རེད། ཞང་གྲོང་ཁག་ཏུ་སྤྱི་སྤྱོད་གནམ་སྐུད་མ་ལག71ཡོད་པ་རེད། མ་མཐར་ཡང་སྲུང་སྐར་ལེ་ཚན18ནས21ལ་ལྟ་ཐུབ་པ་དང་ཨ་རུང་ཤོག་ལ་སྲུང་སྐར་ས་ངོས་བསྡུ་ལེན་ས་ཚིགས17492ཡོད་པ་རེད། གྲོང་ཚོ་ཚང་མར་ཐད་གཏོང་སྲུང་སྐར་ས་ཚིགས5871ཡོད་པ་རེད།

6_3 ལུས་རྩལ།

སྤྱི་ལོ2010ལོར་ཨ་རོང་ཤོག་ཀ་ཡིས་མཆོང་རྒྱུག་འཕེན་གསུམ་གྱི་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གཉིས་པ་བདེ་བླག་ངང་གཉེར་བ་དང་། གྲོང་ཁྱེར་དེ་ཡོངས་ཀྱི་ལུས་རྩལ་འགྲན་བསྡུར་ཁག9སྒྲུབ་གཉེར་བྱས་པ་རེད།

6_4 འཕྲོད་བསྟེན།

སྤྱི་ལོ2008ལོའི་བར་དུ་ཨ་རོང་ཤོག་ཀས་རིམ་རྩིས་བྱས་ན་མ་དངུལ་སྒོར་ཁྲི7663བཏང་ཡོད། མི་དམངས་སྨན་ཁང་གི་ནད་ཁང་ཐོག་ཁང་དང་སྒོ་བསྟེན་སྨན་བཅོས་ནད་ཁང་ཕྱོགས་བསྡུས་ཐོག་ཁང་དང་། ཀྲུང་མོང་སྨན་ཁང་གི་ནད་ཁང་ཐོག་ཁང་། བུད་མེད་དང་ཕྲུ་གུའི་འཕྲོད་སྦྱོར་ཁང་། ཤང་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང15 གྲོང་ཚོའི་འཕྲོད་བསྟེན་ཁང30སོགས་རྣམ་གྲངས་ལག་བསྟར་བྱས་པ་དང་། སྨི་གྲུ་བཞི་མ་ཁྲི4.46གསར་སྐྲུན་དང་བསྐྱར་སྐྲུན་རྒྱས་སྐྲུན་བྱས་ཡོད། ཨ་རོང་ཤོག་ཀར་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི36ཡོད་པ་དང་། རིགས་ཁག་གི་སྨན་ཁང་དང་འཕྲོད་བསྟེན་ཁང21ཡོད། སྨན་བཅོས་འཕྲོད་བསྟེན་སྡེ་ཚན་ལ་དངོས་སུ་ཡོད་པའི་ནད་ཁྲི524ཡོད་པ་དང་། ཆེད་ལས་འཕྲོད་བསྟེན་ལག་རྩལ་མི་སྣ728ཡོད་པའི་ནང་ལས་གཉེར་སྨན་པ203ཡོད། ལས་གཉེར་ལས་རོགས་སྨན་པ114ཡོད་པ་དང་། ནད་གཡོག་པ204ཐོ་འགོད་བྱས་ཡོད། སྨན་རྫས་མི་སྣ51དང་། ཞིབ་དཔྱད་མི་སྣ19 འཕྲོད་བསྟེན་ལག་རྩལ་མི་སྣ་གཞན་དག137བཅས་ཡོད་པ་རེད།

7 གཟི་བརྗིད་མཚན་སྙན།

སྤྱི་ལོ2008ལོར་ཨ་རོང་ཤོག་སྲིད་གཞུང་གནས་སའི་ན་ཅི་གྲོང་རྡལ་ནང་སོག་རང་སྐྱོང་ལྗོངས་ཀྱི་ཡིད་དབང་འཕྲོག་ཤུགས་ལྡན་པའི་གྲོང་རྡལ་ཆེ་གྲས་བཅུ་ལ་བདམས་པ་དང་། སྤྱི་ལོ2009ལོར་ཨ་རོང་ཤོག་རྒྱལ་ཡོངས་ཀྱི་ཤེས་དཔལ་རྫོང་གྲོང་དུ་བདམས། སྤྱི་ལོ2009ལོར་ནང་སོག་རང་སྐྱོང་ལྗོངས་ཀྱིས་གསར་བརྗེའི་གནས་གཞིའི་ས་ཁུལ་རྙིང་པར་གཏན་འཁེལ་བྱས་པ་དང་། སྤྱི་ལོ2012ལོར་ཨ་རོང་ཤོག་ཀ་ལ“སྤྱི་ལོ2012ལོའི་ཀྲུང་གོའི་སྤྲོ་གསེང་གྲོང་ཆུང་ཡག་ཤོས”ཀྱི་མཚན་སྙན་ཐོབ་པ་རེད།

སྤྱི་ལོ2017ལོར“རྒྱལ་ཁབ་སྐྱེད་ཚལ་རྫོང་གྲོང”གི་གཟི་བརྗིད་མཚན་སྙན་ཐོབ་པ་རེད།

སྤྱི་ལོ2020ལོའི་ཟླ6པའི་ཚེས30ཉིན“གསར་བརྗེའི་རིག་དངོས་སྲུང་སྐྱོབ་དང་བེད་སྤྱོད་གློག་བརྙན་ཁག་གཉིས་པའི་དབྱེ་འབྱེད་རྫོང་གི་མིང་ཐོའི”ནང་བདམས་པ་རེད།


དཔྱད་གཞིའི་ཡིག་ཆ།
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-07-23

གསར་སྤེལ་མཁན། :མཁའ་འབུམ་བཀྲ་ཤིས།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།