ཁུར་ཆིན་གཡོན་རུའི་དབུས་ཤོག
མཉམ་སྤྱོད། QQབར་སྟོང་། སིན་ནཱ་ཟིན་ཕྲན། ཐིན་ཞུན་ཟིན་ཕྲན། སྐད་འཕྲིན།

ཁུར་ཆིན་གཡོན་རུའི་དབུས་ཤོག
ཁུ་ཨེར་ཆིན་ཙུའོ་ཡེ་ཀྲུང་ཆི་ནི་ཤར་གྱི་གཞུང་ཐིག121°08'ནས123°32'བར་དང་བྱང་གི་འཕྲེད་ཐིག43°32'ནས44°32'བར་དུ་གནས་ཡོད། ནང་སོག་དང་ཅི་ལིན། ལིའོ་ཉིང་བཅས་ཞིང་ཆེན་གསུམ་གྱི་འབྲེལ་མཚམས་སུ་གནས་པའི་ཅིན་སན་ཅའོ་ས་ཁུལ་ནི་ཐུང་ལིའོ་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་ལ། ས་ཁོངས་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ9811ཡོད། ཁུ་ཨེར་ཆིན་ཙུའོ་ཡེ་ཀྲུང་ཆི་རུ་སོག་རིགས་དང་། རྒྱ་རིགས། མན་ཇུ་རིགས། ཧུའེ་རིགས། ཁྲའོ་ཞན་རིགས། ཏ་ཝོར་རིགས། ཨོ་ཝུན་ཁེ་རིགས་སོགས་མི་རིགས15ཡོད། དེའི་ནང་སོག་རིགས་ཀྱི་མི་གྲངས་ཁྲི39.5ཟིན་པ་དེས་སྤྱིའི་མི་གྲངས་གྱི73.6%ཟིན། སྤྱི་ལོ2016ལོའི་ཟླ12པའི་ཚེས7ཉིན་ཁུ་ཨེར་ཆིན་ཙུའོ་ཡེ་ཀྲུང་ཆི་ནི་རྒྱལ་ཁབ་ཀྱི་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པའི་ཕྱོགས་བསྡུས་ཚོད་ལྟའི་ས་ཁུལ་ཁག་གསུམ་པའི་གྲས་སུ་ཚུད། སྤྱི་ལོ2018ལོའི་ཟླ10པའི་ཚེས22ཉིན་སྤྱི་ལོ2018ལོའི་རྒྱལ་ཡོངས་གྲོང་གསེབ་ཀྱི་ཐོན་ལས་དང་པོ་དང་། གཉིས་པ། གསུམ་པ་བཅས་མཉམ་འདྲེས་འཕེལ་རྒྱས་ཀྱི་སྣེ་ཁྲིད་ཁུལ་གཏོད་པའི་མིང་ཐོའི་ནང་བདམས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
ཁུར་ཆིན་གཡས་རུའི་དབུས་ཤོག
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
ཤོག
ཁོངས་གཏོགས་ས་ཁུལ།
ནང་སོག་རང་སྐྱོང་ལྗོངས་ཐུང་ལེའོ་གྲོང་ཁྱེར།
སྲིད་གཞུང་གི་ས་གནས།
པོ་ཁང་གྲོང་རྡལ།
ས་ཁོངས་ཁ་པར་ཨང་རྟགས།
0475
སྦྲག་སྲིད་ཨང་རྟགས།
029300
ས་གནས།
ནང་སོག་གི་བྱང་ཤར་རྒྱུད།
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ9811ཡོད།
མི་གྲངས།
ཁྲི54ཡོད།(སྤྱི་ལོ2010ལོ)
ནམ་ཟླའི་ཆ་རྐྱེན།
དྲོད་ཁུལ་སྐམ་སའི་རང་བཞིན་གྱི་ནམ་ཟླ།
རླངས་འཁོར་ཚབ་ཨང་།
མེང(蒙)G
སྲིད་འཛིན་ས་ཁུལ་དབྱེ་མཚམས་ཚབ་ཨང་།
150521
GDP
སྒོར་དུང་ཕྱུར139.7ཡོད།(སྤྱི་ལོ2012ལོར)
1 འཛུགས་སྐྲུན་གྱི་འཕེལ་རིམ།

སྤྱི་ལོ1946ལོའི་ཟླ4པར། ཀྲེ་ལི་མུའུ་མེང་ཕྱིར་འཐེན་བྱས་ཏེ་ཀྲེ་ལི་མུའུ་ཞིང་ཆེན་བཙུགས།

སྤྱི་ལོ1947ལོའི་ཟླ5པར། ནང་སོག་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་བཙུགས། ཏུང་ཁོ་ཀྲུང་ཆི་རང་སྐྱོང་སྲིད་གཞུང་གིས་ཏུང་ཁོ་དབུས་ཤོག་མི་དམངས་སྲིད་གཞུང་ཞེས་པར་བསྒྱུར་ཞིང་། ནང་སོག་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཀྲི་ལི་མུའུ་མེང་གི་མངའ་འོག་ཏུ་གཏོགས།

སྤྱི་ལོ1949ལོའི་ཟླ9པར། ཏུང་ཁོ་ཀྲུང་ཆི་ལིའོ་ཉིན་ཞིང་ཆེན་གྱིས་ཚབ་བྱས་ནས་དོ་དམ་མི་བྱེད་པར་ནང་སོག་རང་སྐྱོང་ལྗོངས་ཀྱི་མངའ་འོག་ཏུ་གཏོགས། 

2 ས་ཁམས་ཁོར་ཡུག
2_1 གནས་སའི་ཡུལ་ཁོངས།

ཁུར་ཆིན་གཡས་རུའི་དབུས་ཤོག་ནི་ཐུང་ལིའོ་གྲོང་ཁྱེར་གྱི་ཁོངས་སུ་གཏོགས། ཐུང་ལིའོ་གྲོང་ཁྱེར་གྱི་ཤར་སྣེ་དང་། ཞིན་ཨན་ལིན་གྱི་ཤར་ལྷོའི་མཐའ་རུ་ཆགས་ཡོད། ཞི་ལའོ་ཆུ་བོའི་བྱང་ངོགས་ནི་སུང་ལའོ་བདེ་ཐང་ནས་ནང་སོག་མཐོ་སྒང་གི་བར་བརྒལ་ས་ཁུལ་ཡིན་ལ། ཤར་ནུབ་ཀྱི་རིང་ཚད་ལ་སྤྱི་ལེ191དང་། ལྷོ་བྱང་གི་ཞེང་ཚད་ལ་སྤྱི་ལེ116 ས་ཞིང་གི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་ངོས་གྲུ་བཞི་མ9811བཅས་ཡོད།

2_2 ནམ་ཟླའི་ཁྱད་ཆོས།

ཁུར་ཆིན་གཡས་རུའི་དབུས་ཤོག་ནི་དྲོད་ཁུལ་སྐམ་སའི་རང་བཞིན་གྱི་དུས་རླུང་ནམ་ཟླའི་ཁོངས་སུ་གཏོགས། དུས་བཞི་གསལ་ལ། ལོ་ཧྲིལ་པོའི་དྲོད་ཚད་མཐོ་ཤོས35.8℃དང་། དྲོད་ཚད་དམའ་ཤོས-25.1℃ཡིན། ལོ་རེའི་ཆ་སྙོམས་དྲོད་ཚད7.1℃དང་སད་མེད་དུས་ཀྱི་ཉིན202ཡིན། 

3 རང་བྱུང་ཐོན་ཁུངས།
3_1 གཏེར་རྫས་ཐོན་ཁུངས།

སྤྱི་ལོ2010ལོའི་བར་མིན་ཏ་གྲོང་རྡལ་གྱི་པའེ་ཧྲི་ས་ཁུལ་དུ་ཀེ་ཧྲ་གཏེར་ཁ་ཡོད་པ་དང་གཏེར་ཁ་གསོག་ཚད་ཏུན་ཁྲི5000ཙམ་ཟིན་གྱིན་ཡོད། རི་སྐྱེས་རྩི་ཤིང་གི་རིགས527ཡོད་པ་དེ་ཚན70དང་རིགས214  ཁོངས497ལྷག་ཡོད།

3_2 ཆུའི་ཐོན་ཁུངས།

ཁུར་ཆིན་གཡས་རུའི་དབུས་ཤོག་གི་ས་འོག་ཆུའི་ཐོན་ཁུངས་གསོག་ཚད་ཕུན་སུམ་ཚོགས་པོ་ཡོད། ལོ་རེར་ཆ་སྙོམས་ས་འོག་ཆུ་གསོག་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར6.73ཟིན་པ་དང་ཆུ་མཁོ་འདོན་བྱེད་ཚད་སྨི་རྒྱ་དཔངས་གྲུ་བཞི་མ6104ཟིན། ས་འོག་ཆུ་ལོ་མང་པོའི་ཆ་སྙོམས་སྤྱོད་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར5.2ཟིན།

3_3 སྐྱེ་དངོས་ཐོན་ཁུངས།

མངའ་ཁོངས་ནང་གི་རི་དྭགས་ཁྱོན་བསྡོམས11ཡོད་ལ། གཙོ་བོ་སྤྱང་དང་ཝ་མོ། དགོ་བ། གཡི་གེ་སོགས་ཡོད།

ཁུར་ཆིན་གཡས་རུའི་དབུས་ཤོག་གི་ཁོངས་སུ་འབུ་སྲིན་གྱི་རིགས112དང་ཁོངས317ཡོད།

4 མི་གྲངས་དང་མི་རིགས།
4_1 མི་གྲངས། 

སྤྱི་ལོ2005ལོར་རྒྱལ་ཡོངས་ཀྱི་མི་གྲངས་ཡོངས་ཁྱབ་ཞིབ་བཤེར་ཐེངས་ལྔ་པའི་གཞི་གྲངས་ལ་གཞིགས་ན་ཁུར་ཆིན་གཡས་རུའི་དབུས་ཤོག་ཏུ་དུད་ཚང124557དང་མི་གྲངས537198ལྷག་ཡོད།

4_2 མི་རིགས།

ཁུར་ཆིན་གཡས་རུའི་དབུས་ཤོག་ཏུ་སོག་རིགས་དང་། རྒྱ་རིགས། ཧུའེ་རིགས། མན་ཇུ་རིགས། ཁྲའོ་ཞན་རིགས། ཏ་ཝོར་རིགས། ཨོ་ཝུན་ཁེ་རིགས། ཀྲོང་རིགས། བོད་རིགས། ཞི་པོ་རིགས། མིའོ་རིགས། ཐུའུ་ཅ་རིགས། དབྱིས་རིགས་བཅས་མི་རིགས་བཅུ་ལྷག་ཡོད། བསྡོམས་གྲངས་མི་ཁྲི53.7ཟིན་ཡོད། དེའི་ནང་སོག་རིགས་ཀྱི་མི་གྲངས་ཁྲི39.5ཟིན་པ་དེས་བསྡོམས་གྲངས་གྱི73.6%ཟིན་པ་དང་། རྒྱ་རིགས་མི་གྲངས་ཁྲི14ཡོད་པ་དེས་བསྡོམས་གྲངས་གྱི26%ཟིན།

5 སྲིད་འཛིན་ས་ཁུལ་གྱི་དབྱེ་མཚམས།

ཁུར་ཆིན་གཡས་རུའི་དབུས་ཤོག་གི་ཁོངས་གཏོགས་སུ་གྲོང་རྡལ12དང་། ཤང4སུའུ་མུའུ12བཅས་ཡོད་པ་སྟེ། དེ་དགན་ནི་པའོ་ཁང་གྲོང་རྡལ་དང་། པའོ་ལུང་ཧྲན་གྲོང་རྡལ། ཧྲེ་པོ་ཐུའུ་གྲོང་རྡལ། པ་ཡན་ཐ་ལ་གྲོང་རྡལ། མོན་ཏ་གྲོང་རྡལ། པན་མ་ཐུའུ་གྲོང་རྡལ། ཡའོ་ལིན་མའོ་ཏུའུ་གྲོང་རྡལ། ཞི་པོ་ཧྭ་གྲོང་རྡལ། ཧྭ་ཐུའུ་ཀུའུ་ལ་གྲོང་རྡལ། ཏའེ་ལི་ཅི་གྲོང་རྡལ། ནུའུ་རི་ཧོ་གྲོང་རྡལ། ཧྲེང་ཧྲུའུ་ཤང་། ཆི་ཧྲུའུ་ཤང་བཅས་རེད།

ཁུར་ཆིན་གཡས་རུའི་དབུས་ཤོག་ཏུ་གྲོང་རྡལ11དང་སུའུ་མུའུ4ཡོད་པ་སྟེ། དེ་དག་ནི་ཁང་ཀྲེན་དང་། པའོ་ལུང་ཧྲན་གྲོང་རྡལ། ཧྲེ་པོ་ཐུའུ་གྲོང་རྡལ། པ་ཡན་ཐ་ལ་གྲོང་རྡལ། མོན་ཏ་གྲོང་རྡལ། པན་མ་ཐུའུ་གྲོང་རྡལ། ཡའོ་ལིན་མའོ་ཏུའུ་གྲོང་རྡལ། ཞི་པོ་ཧྭ་གྲོང་རྡལ། ཧྭ་ཐུའུ་ཀུའུ་ལ་གྲོང་རྡལ། ཏའེ་ལི་ཅི་གྲོང་རྡལ། ནུའུ་རི་མུའུ་གྲོང་རྡལ། ཐུའུ་པུའུ་ཞིན་སུའུ་མུའུ་སོག་ས་རེད།   

6 དཔལ་འབྱོར།
6_1 བསྡུས་བཤད།

སྤྱི་ལོ2012ལོར་ཁུར་ཆིན་གཡས་རུའི་དབུས་ཤོག་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་གྲངས་སྒོར་དུང་ཕྱུར139.7ཟིན། ཐོན་ལས་གསུམ་གྱི་བསྡུར་ཚད་ནི26.3:42.6:31.1ཡིན། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་དང་ཞིང་འབྲོག་མང་ཚོགས་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་སོ་སོར་སྒོར15519དང་སྒོར7195ཟིན།

6_2 ཐོན་ལས་དང་པོ།

འབྲུ་རིགས་ལོ་ཏོག་ལ་གཙོ་བོ་མ་རྨོས་ལོ་ཏོག་དང་། ཁྲེ་མ། འབྲུ་རིགས། ཆུ་འབྲས། སྲན་ཆེན། གྲོ། ཞོག་ཁོག་སོགས་ཡོད། དཔལ་འབྱོར་ལོ་ཏོག་ལ་ཏིལ་འབྲུ་དང་།  མེ་ཏོག་ཉི་དགའ།  མངར་ཚལ་སོགས་ཡོད།

འབྲུ་རིགས་སྤྱིའི་ཐོན་གྲངས་སྤྱི་རྒྱ་དུང་ཕྱུར8.405ཟིན་པ་དང་མུའུ་རེའི་ཐོན་ཚད་སྤྱི་རྒྱ450.1ཟིན། འབྲོག་ལས་ཐད་ཞིང་འབྲོག་ཟུང་འབྲེལ་དུད་ཚང5166མང་དུ་ཕྱིན་ཡོད། ལག་ཡོད་ཕྱུགས་རིགས་མགོ་གྲངས་ཁྲི160.6དང་ངང་དཀར་གསོ་ཚགས་བྱེད་ཚད་ཁྲི505ཟིན། སྒོ་ཕྱུགས་དང་ཁྱིམ་བྱའི་རིམས་འགོག་ཐེངས་གྲངས་ཁྲི780.5ཡོད་པ་དང་རིམས་འགོག་འདུས་ཚད100%ཟིན། ཁེ་ལས་ལ་དམིགས་ནས་ཞིང་ཕྱུགས་ཐོན་རྫས་ཐོན་སྐྱེད་རྟེན་གཞི་སྣ་ཚོགས་འཛུགས་དགོས། ལུག་གསོའི་ཆེད་ལས་གྲོང་ཚོ43གསོ་སྐྱོང་བྱས་པ་དང་གྲོང་ཁྱེར་ཐོན་ལས་ཅན་གྱི་དཔེ་མཚོན་གྲོང་ཚོ5ཡོད། ངང་པ་གསོ་བའི་ཆེད་ལས་གྲོང་ཚོ109དང་། གྲོང་ཁྱེར་ཐོན་ལས་ཅན་གྱི་དཔེ་མཚོན་གྲོང་ཚོ3རང་སྐྱོང་ལྗོངས་ཀྱི་ཐོན་ལས་ཅན་གྱི་དཔེ་མཚོན་གྲོང་ཚོ1བཅས་ཡོད།

6_3 ཐོན་ལས་གཉིས་པ།

སྤྱི་ལོ2012ལོར་ནུས་ཁུངས་གསར་པ་དང་། ཞིང་ཕྱུགས་ནགས་གསུམ་གྱི་ཐོན་རྫས་ལས་སྣོན། རྫས་འགྱུར་བཟོ་ལས་གསར་གྲས། སྒྲིག་ཆས་བཟོ་སྐྲུན་བཅས་ཐོན་ལས་ཆེན་པོ་བཞི་རགས་ཙམ་ཆགས་ཡོད། སྤྱི་ལོ2012ལོར་སྒོར་ཁྲི500ཡན་གྱི་བཟོ་ལས་གཙོ་གནད་རྣམ་གྲངས36གསར་དུ་ལས་འགོ་ཚུགས་ཡོད། བཟོ་ལས་ཀྱི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར61.5བཏང་ནས་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར51.4ཟིན་ཡོད།

6_4 ཐོན་ལས་གསུམ་པ།

སྤྱི་ལོ2012ལོར་ཁུར་ཆིན་གཡས་རུའི་དབུས་ཤོག་ཏུ་ཚོང་དོན་འཁོར་རྒྱུག་ཁེ་ལས་རིགས་ཁག་གི་དུད་ཚང7000ལྷག་ཙམ་བར་འཕེལ་རྒྱས་བྱུང་ཡོད། ལོ་རེར་ཁྱིམ་སྤྱོད་གློག་ཆས་ཁྲི2.5བཙོངས་པ་དང་། དངུལ་རྩའི་ལས་རིགས་འཕེལ་རྒྱས་འགྲོ་ཚུལ་ཡག་པོ་ཡོད་པ་སྟེ། དངུལ་རྩའི་སྒྲིག་གཞི4དང་། ལས་གཉེར་དྲ་ཚིགས61 དངུལ་བཅོལ་སྣ་ཚོགས་སྒོར་དུང་ཕྱུར32.3བཅས་ཡོད། སྐྱེལ་འདྲེན་ཟོག་འགྲེམས་ལས་རིགས་འཕེལ་རྒྱས་མྱུར་པོ་བྱུང་ནས་རིགས་ཁག་གི་སྐྱེལ་འདྲེན་ཟོག་འགྲེམས་ཁེ་ལས374ཡོད། ཟོག་འདྲེན་རླངས་འཁོར3800ལྷག་ཙམ་དང་འགྲུལ་སྐྱེལ་རླངས་འཁོར158ཡོད། ཉོ་ཚོང་ཁྲོམ་ར་འཕེལ་རྒྱས་ཤུགས་ཆེན་ཕྱིན་པ་དང་ཧྲེ་པོ་ཐུའུ་ཁྲེང་ཧྥུང་ཕྱུགས་རིགས་ཉོ་ཚོང་ཁྲོམ་རའི་ཉོ་ཚོང་དངུལ་གྲངས་སྒོར་དུང་ཕྱུར10ལས་བརྒལ་ཡོད།

7 སྤྱི་ཚོགས།
7_1 རིག་གནས་ལས་དོན།

སྤྱི་ལོ2010ལོར་སྒྱུ་རྩལ་འཁྲབ་སྟོན་ཚོགས་པ1དང་། རིག་གནས་ཁང1 སྤྱི་པའི་དཔེ་མཛོད་ཁང1 ཡིག་ཚགས་ཁང1  རླུང་འཕྲིན་ལས་ཁུངས1ཡོད། རྒྱང་བསྒྲགས་མི་གྲངས་ཁྱབ་ཚད93.0%ཟིན། བརྙན་འཕྲིན་ལས་ཁུངས3ཡོད་པ་དང་བརྙན་འཕྲིན་མི་གྲངས་ཁྱབ་ཚད96.0%ཟིན། སྐུད་ཡོད་བརྙན་འཕྲིན་སྤྱོད་མཁན་དུད་ཚང40000ཟིན།

7_2 སློབ་གསོའི་བྱ་གཞག

སྤྱི་ལོ2010ལོར་ཁུར་ཆིན་གཡས་རུའི་དབུས་ཤོག་གི་མངའ་ཁོངས་སུ་སློབ་འབྲིང་དཀྱུས་མ34ཡོད། ཆེད་བསྐོས་དགེ་རྒན1719ཡོད་པ་དང་སློབ་གྲྭར་ཡོད་པའི་སློབ་མ19562ཡོད། དེའི་ནང་དམའ་རིམ་སློབ་འབྲིང32དང་སློབ་གྲྭར་ཡོད་པའི་སློབ་མ13573ཡོད། མཐོ་རིམ་སློབ་འབྲིང2དང་སློབ་གྲྭར་ཡོད་པའི་སློབ་མ5989ཡོད། ལས་རིགས་མཐོ་འབྲིང1དང་སློབ་གྲྭར་ཡོད་པའི་སློབ་མ2236ཡོད། སློབ་ཆུང99དང་སློབ་ཁྲིད་ས་ཚིགས24ཡོད། ཆེད་བསྐོས་དགེ་རྒན2920ཡོད་པ་དང་སློབ་གྲྭར་ཡོད་པའི་སློབ་མ28937ཡོད། ལོ་དགུའི་འོས་འགན་སློབ་གསོའི་དམའ་རིམ་སློབ་འབྲིང་དུ་སློབ་གྲྭར་ཞུགས་ཚད98.1%ཟིན་པ་དང་སློབ་ལོ་རན་པའི་བྱིས་པ་སློབ་གྲྭར་ཞུགས་ཚད100.0%ཟིན།

7_3 སྨན་བཅོས་ལས་དོན།

སྤྱི་ལོ2010ལོར་ཁུར་ཆིན་གཡས་རུའི་དབུས་ཤོག་ཏུ་འཕྲོད་བསྟེན་སྒྲིག་གཞི38ཡོད། དེའི་ནང་སྨན་ཁང3དང་འཕྲོད་བསྟེན་ཁང29 ནད་རིགས་ཚོད་འཛིན་ལྟེ་གནས་དང་འཕྲོད་བསྟེན་ལྟ་སྐུལ་ཁང1 མ་བུ་བདེ་སྲུང་ཁང1 འགོག་སྲུང་ཁང1འཕྲོད་བསྟེན་སློབ་གྲྭ1མཉམ་ལས་སྨན་བཅོས་གཞུང་ལས་ཁང1བཅས་ཡོད།    

7_4 སྤྱི་ཚོགས་འགན་སྲུང་།

སྤྱི་ལོ2010ལོར་ཁུར་ཆིན་གཡས་རུའི་དབུས་ཤོག་ཏུ་གྲོང་ཁྱེར་དང་གྲོང་རྡལ་གྱི་གཞི་རྩའི་རྒན་གསོ་འགན་བཅོལ་ནང་ཞུགས་མཁན་མི་གྲངས24179ཟིན། དེའི་ནང་ལས་བྲལ་ལས་འཁྱུར་མི་སྣ6433དང་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་མཁན་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོའི་མི་གྲངས24912ཟིན། བུ་བཙའི་འགན་བཅོལ་ནང་ཞུགས་མཁན་མི་གྲངས14058ཡོད་པ་དང་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་མཁན་གྲོང་མི་36895ཡོད། ཁུ་ཨེར་ཆིན་ཙུའོ་ཡེ་ཆི་ཡི་ཞིང་འབྲོག་པ་གྲོང་གསེབ་ཀྱི་མཉམ་ལས་སྨན་བཅོས་ནང་ཞུགས་པའི་མི་གྲངས་ཁྲི39.05ཟིན། ཞིང་འབྲོག་པའི་མི་གྲངས་གྱི96.0%ཟིན། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་མ་མཐའི་འཚོ་བའི་འགན་སྲུང་ལམ་ལུགས་རིམ་བཞིན་འཐུས་ཚང་དུ་བཏང་བ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་སྡོད་དམངས་ལ་སྲིད་གཞུང་གི་མ་མཐའི་འཚོ་བའི་འགན་སྲུང་ཐོབ་པའི་མི་གྲངས11199ཡོད། གྲོང་གསེབ་ཀྱི་སྡོད་དམངས་ལ་སྲིད་གཞུང་གི་མ་མཐའི་འཚོ་བའི་འགན་སྲུང་ཐོབ་པའི་མི36780ལྷག་ཡོད།


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ས་ཁོངས། ནང་སོག
སྡུད་པ། འགྲེམ་པ།
འབྲེལ་ཡོད་འོས་སྦྱོར།
བརྡ་འགྲེལ་སྡོམ་རྩིས།

ཀློག་གྲངས། : 0

རྩོམ་སྒྲིག་ཁ་གྲངས།:1  སྔ་མའི་པར་གཞི།

ཉེ་ཆར་དག་བཅོས།:2020-07-09

གསར་སྤེལ་མཁན། :ཁྲི་པདྨ་རྣམ་རྒྱལ།

བརྡ་འགྲེལ་འདིའི་རྩོམ་སྒྲིག་པ།
རིགས་འགྲེ་བརྡ་འགྲེལ།